མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་སྐྱིད་ནས་དྷ་ཤོད་དུ་འགྲོ་ལམ་གྱི་ས་ཉིལ་ཏེ་ལམ་ཁ་འགག་འདུག

བོད་ཀྱི་དུས་བབ།
༢༠༡༩/༠༧/༡༩
Share on FacebookShare on TwitterShare on EmailShare on Whatsapp

གངས་སྐྱིད་ནས་དྷ་ཤོད་དུ་འགྲོ་བའི་གཞུང་ལམ་འགྲམ་དུ་ས་ཉིལ་ཏེ་རླངས་འཁོར་སོགས་ཀྱི་འགྲོ་ལམ་འགག་ཡོད་པས་གཙང་བཟོ་བྱེད་བཞིན་པའི་སྒང་རེད་འདུགམདང་དགོང་ཆར་བ་མང་པོ་བབས་པའི་རྐྱེན་གྱིས་དྷ་ཤོད་ནས་ཡར་ཅུང་ཙམ་ཡོང་སའི་ལམ་འགྲམ་གྱི་ས་ཤུགས་ཆེན་པོ་ཉིལ་ཏེ་རླངས་འཁོར་དང་སྦག་སྦག་སོགས་ཀྱི་འགྲོ་ལམ་འགག་འདུག་པས། ད་ལྟའི་ཆར་གངས་སྐྱིད་དང་མེག་གྷན་སོགས་ནས་མར་དྷ་ཤོད་དུ་འགྲོ་བར་དྷ་སྟེང་བོད་ཁྱིམ་ཕྱོགས་ཀྱི་འགྲོ་ལམ་ཆེ་ཆུང་གཉིས་བརྒྱུད་ནས་འགྲོ་དགོས་པ་ཞིག་ཆགས་འདུག་ལ། རྒྱ་གར་ལམ་བཟོ་བས་དེ་རིང་ཞོགས་པ་ནས་ས་ལ་འགྱེལ་བའི་ཤིང་སྡོང་དང་ས་རྡོ་རྣམས་གཙང་བཟོ་བྱེད་བཞིན་འདུག

ས་ཉིལ་བྱུང་ས་དེ་དྷ་ཤོད་ཀྱི་ཡར་ཕྱོགས་ཧི་མ་ལ་ཡའི་ལུས་སྦྱོང་ཁང་སོགས་ཀྱི་ཉེ་འགྲམ་ཡིན་པ་དང་། ད་ལྟའི་ཆར་ལུས་སྦྱོང་ཁང་སོགས་ཡོད་སའི་ཁང་རྩེག་དེར་གནོད་སྐྱོན་དམིགས་བསལ་ཐེབས་མེད་ཀྱང་ཁང་པའི་འགྲམ་འོག་ནས་ས་མང་པོ་ཉིལ་ཏེ་ཀོང་དོང་ཆགས་འདུག

འགྲོ་ལམ་གཙང་མ་བཟོ་མཁན་ལས་མི་ཞིག་གིས་འདི་གའི་གསར་འགོད་པར་ས་ཉིལ་དེ་མདང་ནུབ་བྱུང་ཡོད་པ་དང་། ས་ཉིལ་དེ་རི་ངོས་ནས་ཤུགས་ཆེན་བྱུང་ཡོད་ན་ཡང་། འགྲོ་ལམ་དུ་དེ་ཙམ་སྐྱོན་བྱུང་མེད་པ་དང་། ད་ལྟའི་ཆར་རྐང་ཐང་ལ་འགྲོ་བར་ཡང་ཆུ་འདམ་གྱིས་དཀའ་ལས་ཁག་པོ་ཆགས་འདུག་ཀྱང་། གང་མགྱོགས་འགྲོ་ལམ་ཕྱེ་ཐབས་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་།

སྔར་ལོ་ཧི་མ་ཅཱལ་མངའ་སྡེའི་ནང་ཆར་ཤུགས་ཆེན་པོ་བབས་པར་བརྟེན། ཀང་ར་རྫོང་ཁོངས་ཀྱི་ས་ཁུལ་ཁག་ཅིག་ནང་རི་ཉུལ་བ་དང་རྦབ་རྡོ་རིལ་བ་སོགས་བྱས་ནས་སེམས་ཅན་ ༤༠ ལྷག་བསད་ཡོད་པ་མ་ཟད། ཁྱིམ་ཚང་གཉིས་ཀྱི་ཁང་པ་དང་ཚོང་ཁང་གཏོར་བ། གཞུང་ལམ་དང་ཟམ་པ་སོགས་ལ་གནོད་སྐྱོན་ཕོག་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༡༩ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 5

  1. རྡོ་ཚང་གྲགས་པ། says:
    ལོ་ 7 སྔོན།

    གསར་འགྱུར་འདི་ཁེ་སངས་མཐོང་སོང་། དེ་རིང་ད་དུང་ལམ་ཀ་དེ་ཡག་པོ་བཟོ་ཐུབ་མི་འདུག ཁ་སང་སྦག་སྦག་ཞོན་མཁན་འགའ་ཤས་ལམ་ཀ་དེར་བརྡབ་སྐྱོན་བྱུང་སོང་ཟེར་གྱི་འདུག གང་ལྟར། ལམ་འདི་ནས་བོད་མིའི་འདི་ཕྱི་གཉིས་ཀྱིི་སྐྱབས་གནས་ཡིད་བཞིན་ནོར་བུ་རྟག་པ་ཡར་མར་ཕེབས་ཀྱི་ཡོད་ཙང་། ག་དུས་ཡིན་ནའང་། གཞུང་ལམ་འདིའི་བདེ་འཇགས་ལ་བོད་མི་ཚང་མས་ཡིད་གཟབ་དང་། འདི་ལ་སྐྱོན་བྱུང་ན་གང་མགྱོགས་བསྐྱར་བཟོ་བྱེད་ཐབས་དགོས་པ་རེད་དྲན་གྱི་འདུག

    Reply
  2. བསོད་ནམས་རྡོ་རྗེ། says:
    ལོ་ 7 སྔོན།

    བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་བརྡའི་ནང་་ས་རུད་་ཅེས་པའི་ཐ་སྙད་ཅིག་ཡོད་རེད་དོ།

    Reply
  3. བསྟན་འཛིན་ཡིད་དགའ། says:
    ལོ་ 7 སྔོན།

    དུས་བབ་ཚང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་པདྨ་མཚོ་མཆོག་གི་དབུས་པའི་གསར་འགོད་པ་སངས་རྒྱས་དཀོན་མཆོག་ལགས་སོགས་ལ་བཀའ་དྲིན་ཞུ། ཁྱེད་རང་ཚོས་ང་རང་ཚོའི་སྤྱི་ཚོགས་གྱི་དབུས་མཐའ་དང་མཐོ་དམན་ཀུན་ནས་མི་མང་ལ་དགོས་པའི་གནས་ཚུལ་དང་། མི་མང་གི་འཚོ་བར་ཐད་ཀ་འབྲེལ་བསྡད་པའི་གནས་ཚུལ་མང་པོ་བསྟུད་མར་སྤེལ་གྱི་ཡོད་པ་ལ་བཀའ་དྲིན་ཆེ་ཞུ། གཞུང་པ་ཚེ་རིང་བསོད་ནམས་ལགས། ཁྱེད་རང་ཕལ་ཆེར་རྡ་རམ་ས་ལར་མེད་ས་རེད། བྱས་ཙང་བཙན་བྱོལ་བོད་མིའི་བསྟི་གནས་དྷ་རམ་ས་ལར་གནས་ཚུལ་ག་རེ་བྱུང་ནའང་འབྲེལ་བ་མེད་པ་དང་། ཆོ་མེད་པ་ཞིག་ཚོར་གྱི་ཡོད་ས་རེད་དེ། རྡ་ས་ནི་ཡིད་བཞིན་ནོར་བུ་མཆོག་གི་བཞུགས་གནས་དང་བོད་གཞུང་གི་ལྟེ་གནས། བོད་མི་སྟོང་ཕྲག་མང་པོ་བཞུགས་གནས་ཡིན་ཙང་། ས་འདི་ལ་གནས་ཚུལ་ཆེ་ཆུང་ག་རེ་བྱུང་ནའང་ཐད་ཀར་བོད་མིར་འབྲེལ་བ་ཆགས་བསྡད་ཡོད་པ་རེད། ཁྱེད་རང་ལ་འབྲེལ་བ་མེད་ཚང་གང་བྱུང་བཤད་མ་འདུག ཁྱེད་བྱིས་པ་ཞིག་ཡིན་ན་རྒན་པའི་ས་ནས་ཕྱོགས་ཀུན་ལ་བསམ་བློ་གཏོང་སྟངས་སྦྱང་དགོས་རེད། རྒན་པ་ཞིག་ཡིན་ན་བསམ་ཡོད་དང་ཕྱོགས་ཚང་མ་མཐོང་མཁན་ཞིག་དགོས་རེད། ཁྱེད་རང་གིས་དུས་བབ་རྒྱལ་སྤྱིའི་གསར་ཁང་གི་གདན་གྲལ་ལ་ཚུད་མེད་པ་གསུང་བ་དེ་ཚད་ག་འདྲ་བཞག་ཡིན། བོད་ཅེས་བྲིས་ཡོད་ཙང་རྒྱལ་སྤྱིའི་གདན་གྲལ་ནང་ཚུད་མ་རེད་ཟེར་བ་ཡིན་ནམ། ངེས་པར་དུ་མིང་གི་འགོ་ལ་ཨ་རི་དང་དབྱིན་ཇི། ཁ་ན་དགྲ་སོགས་སྦྱར་ན་གཞི་ནས་རྒྱལ་སྤྱིའི་གདན་གྲལ་ནང་ཚུད་རེད་བསམ་ན་ལྐུགས་པའི་ལྐུགས་རྟགས་དང་། རང་འགོ་རྡོ་རྡུང་རེད་དོ།།

    Reply
  4. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 7 སྔོན།

    རྒྱལ་ཡོངས་ཀྱི་གནས་ཚུལ་བསྡུ་རུབ་མ་གནང་བ་རྡ་སའི་འཁོར་ཡུག་སྲུང་ནས་མ་བཞུགས་
    རོགས་དུས་བབ་ཚང་དགོང་པ་རྒྱ་ཆེ་ཙམ་བཞེས་ནས་རྒྱལ་སྤྱིའི་གསར་ཤོག་གི་གདན་གྲལ་
    དུ་ཚུད་པའི་འཁན་འཁུར་བཞེས་རོགས་ཐུགས་རྗེ་ཆེ་བཀྲིན་ཆེ།

    Reply
  5. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 7 སྔོན།

    དུས་བབ་ཚང་ལ་གནས་ཚུལ་འདི་ཙམ་ལས་རག་གི་མེད་པ་ཡིན་ནམ་
    བཙན་བྱོལ་སྤྱི་ཚོགས་ནང་ཁ་མཆུ་ཨང་ཉི་ཤུ་སྐོར་ལ་གོ་རྒྱུ་ཚོར་རྒྱུ་གང་
    ཡང་མེད་པ་ཆར་སྐྱོན་གྱི་ས་ཉིལ་བ་བཀོད་དགོས་བྱུང་ན་གསར་ཤོག་ཀློག་
    མཁན་ཚོ་ཉོབ་ཀྱི་མེད་པ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese