མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

པོ་ཏ་ལ་དང་གཙུག་ལག་ཁང་གི་མཇལ་བར་ཚོད་འཛིན་བྱ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༩/༠༧/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་གི་མཇལ་སྐོར་བ་ཚོས་ཉིན་གཅིག་གི་སྔོན་ནས་ཐོབ་ཐང་ལག་འཁྱེར་གསར་པའི་ཐོག་ནས་འཛིན་བྱང་ཉོ་དགོས་སྐོར་བསྒྲགས་འདུགཁ་སང་ཕྱི་ཚེས་ ༢༢ ཉིན་ནས་བཟུང་། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་གི་མཆོད་མཇལ་བ་དང་ཡུལ་སྐོར་བ་ཚོས་ཉིན་གཅིག་གི་སྔོན་ནས་འཛིན་བྱང་ཉོ་དགོས་པ་མ་ཟད། རྒྱ་ནག་གཞུང་གིས་གསར་དུ་བཟོས་པའི་ཐོབ་ཐང་ལག་འཁྱེར་དེའི་ཐོག་ནས་ངེས་པར་དུ་ཉོ་དགོས་པ་དང་། མི་གཅིག་གིས་འཛིན་བྱང་བཞི་ལས་མང་བ་ཉོ་མི་ཆོག་པའི་བརྡ་ཁྱབ་བཏང་འདུག

རྒྱ་ནག་གཞུང་གིས་བསྒྲགས་པའི་གནས་ཚུལ་དེའི་ནང་། ཟླ་ ༧ པ་ནི་ཕོ་བྲང་པོ་ཏ་ལར་ཡུལ་སྐོར་བ་ཆེས་མང་བའི་དུས་སྐབས་ཤིག་ཡིན་པས་རིག་དངོས་སྲུང་སྐྱོབ་ཆེད། མི་མང་གིས་རིག་དངོས་སྲུང་སྐྱོབ་ཀྱི་ཁེ་དབང་འགན་ལེན་དང་། ཕོ་བྲང་པོ་ཏ་ལ་སོགས་རིག་གནས་ཐོན་ཁུངས་ཡུན་རིང་སྤྱོད་རྒྱུའི་འགན་ལེན་བྱ་ཆེད། ཟླ་ ༧ པ་ནས་བཟུང་ཕོ་བྲང་པོ་ཏ་ལ་གཙོའི་གཙུག་ལག་ཁང་དུ་ཡང་ལྟ་སྐོར་བ་དང་མཆོད་མཇལ་བའི་གྲངས་ཚད་ལ་ཚོད་འཛིན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག་ཀྱང་། ཉིན་རེར་མི་ག་ཚོད་གཏོང་འཆར་ཡོད་པ་དང་། ཚོད་འཛིན་དེ་དུས་ཡུན་ཅི་ཙམ་རིང་རྒྱུན་མཐུད་རྒྱུ་ཡིན་མིན། རྒྱ་ནག་གི་མི་སེར་ཐོབ་ཐང་ལག་འཁྱེར་མེད་པའི་ཕྱི་རྒྱལ་བ་ཚོ་ག་འདྲ་གཏོང་གི་ཡོད་མེད་སོགས་གསལ་མི་འདུག

འདས་ལོའི་ཕྱི་ཟླ་ ༧ པའི་ནང་རྒྱ་ནག་གཞུང་གིས་པོ་ཏ་ལའི་ནང་ཉིན་རེར་མཇལ་སྐོར་བ་ ༥༠༠༠ ལས་བརྒལ་ཡོད་པས། མི་མང་གི་བདེ་འཇགས་སྲུང་སྐྱོབ་ཆེད་འཛུལ་སྒོ་གཉིས་པ་ཞིག་སྒོ་ཕྱེས་ཡོད་སྐོར་བསྒྲགས་ཡོད་པ་དང་། སྐབས་དེར་ཕོ་བྲང་གི་དོ་དམ་ལས་སྣེ་བ་ཞིག་གིས། ལམ་ཁ་གསར་པ་དེ་ནས་ཕོ་བྲང་དཀར་པོ་དང་ཕོ་བྲང་གི་བང་མཛོད་སོགས་ཚུད་པའི་ཁྱད་འཕགས་ཀྱི་རིག་དངོས་ ༡༥ ལྷག་ཅིག་ལ་ལྟ་ཐུབ་ཀྱི་ཡོད་མོད། སྲུང་སྐྱོབ་ཆེད་ཕོ་བྲང་གི་དཀྱིལ་སྙིང་དུ་ཡོད་པའི་ཕོ་བྲང་དམར་པོར་མཇལ་ཐུབ་ཀྱི་མེད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

མཆན། 1

  1. ཤར་མདའ། says:
    ལོ་ 4 སྔོན།

    ངོ་མ་བཤད་ན་ཆོས་ལུགས་དད་པ་རང་མོས་ཟེར་བ་འདི་འདྲ་འུ་ཡིན་ནམ། རྒྱ་ནག་དམར་གཞུང་གིས་དུས་རྟག་ཏུ་ཆོས་ལུགས་དམ་མོས་རང་དབང་ཡོད་ལུགས་བཤད་པ་རེད་འདི་ལ་གཟིགས་དང་བོད་མགོ་ནག་ཞིག་ཡིན་ན་ཕོ་བྲང་པོ་ཏཱ་ལ་དང་གཙུག་ལག་ཁང་གཉིས་ལ་མི་མཇལ་མཁན་ཞིག་ཡོད་པ་མ་རེད། འདི་འདྲ་ཆོས་ལུགས་དྲག་བྱས་པ་འདི་ནི་ཡ་མཚན་ཅན་ཞིག་ཏུ་དངོས་འཛིན་མ་གནང་པ་ཅི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist