མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་ཁྲའི་ནང་བོད་དང་ཐའེ་ཝན་སོགས་ཚུད་མེད་པར་བསྙད་དེ་སྐྱོན་བརྗོད་བྱས།

བོད་ཀྱི་དུས་བབ།
༢༠༡༩/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་མུ་འབྲེལ་བརྩེ་དུང་གློག་བརྙན་ཞིག་གི་ས་ཁྲའི་ནང་བོད་ཀྱི་ས་མཚམས་ཁུལ་དང་ཐའེ་ཝན། ཧེ་ནན་ཞིང་ཆེན་སོགས་ཚུད་མེད་པར་བརྗོད་དེ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་ཡིན་ལུགས་བརྗོད་འདུག

ཁ་སང་ཕྱི་ཚེས་ ༡ ཉིན། རྒྱ་ནག་གི་རང་བྱུང་ཐོན་ཁུངས་ལྷན་ཁང་ (Ministry of Natural Resources) གིས་གནས་ཚུལ་སྤེལ་བ་ལྟར་ན། མུ་འབྲེལ་བརྩེ་དུང་གློག་བརྙན་(Go Go Squid!)ཞེས་པ་ཞིག་གི་ནང་བོད་ཀྱི་ས་མཚམས་ཁུལ་དང་ཐའེ་ཝན། དེ་བཞིན་ཧེ་ནན་ཞིང་ཆེན་ (Hainan) སོགས་ཚུད་མེད་པའི་ས་ཁྲ་ཞིག་བེད་སྤྱོད་བཏང་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ས་ཁྲ་དེ་ཡོད་སའི་མུ་འབྲེལ་ལེའུ་གཅོད་དུ་བཅུག་པ་དང་། ཐའེ་ཝན་ནས་ཡིན་པའི་གློག་བརྙན་དེའི་བཟོ་སྐྲུན་མི་སྣ་ཞིག་གི་མིང་ནག་གསུབ་བཏང་ཡོད་པ་མ་ཟད། གནད་དོན་དེ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཀྱིས། མུ་འབྲེལ་གློག་བརྙན་དེ་བཟོ་བསྐྲུན་བྱེད་མཁན་ནང་ཐའེ་ཝན་གྱི་གློག་བརྙན་འཁྲབ་འཁྲིད་པ་ཆི་ཡུས་ནིན་ (Qu Youning)ཞེས་པ་ཞིག་ཡོད་པ་དང་། ཁོང་ནི་གློག་བརྙན་ནང་ས་ཁྲ་དེ་འཇོག་མཁན་ཡིན་སྐོར་དང་། གློག་བརྙན་དེ་ཕབ་བསྐྲུན་མ་ཚར་གོང་ནས་ཁོས་ངོ་དེབ་ཐོག་ཐའེ་ཝན་དང་རྒྱ་ནག་གཉིས་ལ་སོ་སོར་རང་དབང་གཙང་མའི་བདག་དབང་ཡོད་པའི་བསམ་ཚུལ་བཏོན་པར་དགའ་མོས་བྱས་ཡོད་པས། ཐའེ་ཝན་ཁ་བྲལ་ལ་རྒྱབ་སྐྱོར་ཡོད་པའི་དོགས་པ་ཡོད་ཚུལ་བཀོད་འདུག

གློག་བརྙན་འཁྲབ་འཁྲིད་པ་ཆི་ཡུས་ནིན་(Qu Youning) གྱིས། ཁོས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ལས་ཐའེ་ཝན་ཁ་བྲལ་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ལུགས་དང་། རྒྱ་ནག་སྐམ་ས་དང་ཐའེ་ཝན་གཉིས་ཀྱིས་མཐུན་པའི་ལམ་ནས་སྐད་ཆ་བཤད་པའི་རེ་བ་ཡོད་སྐོར་བརྗོད་ཡོད་ནའང་། རྒྱ་ནག་གཞུང་གི་ཉེས་འཛུགས་འོག་གློག་བརྙན་བཟོ་སྐྲུན་ཁང་གིས་ཁོང་གི་མིང་གློག་བརྙན་དེའི་ནང་ནས་བསུབས་ཡོད་པ་མ་ཟད། གློག་བརྙན་དེའི་ལེའུ་ ༣༩ པའི་ནང་ཡོད་པའི་ས་ཁྲ་དེ་རྒྱ་ནག་གི་(Tencent Video) ནང་བསུབས་ཡོད་པ་དང་།  དེ་བཞིན་ཡུ་ཊུབ་ (YouTube) ནང་ལེའུ་ ༣༩ པའི་ནང་གི་ས་ཁྲ་དེ་ཡང་བསུབས་ཡོད་པ་རེད།

ཐེངས་འདིའི་གནས་ཚུལ་བྱུང་རྗེས། རྒྱ་ནག་གཞུང་འབྲེལ་གསར་ཁང་མི་མང་ཉིན་རེའི་ཚགས་པར་སོགས་ཀྱིས་ཝེ་པའོ་ (Weibo) སྤྱི་ཚོགས་དྲ་ལམ་དུ། མི་མང་ནས་རྒྱ་ནག་གི་ས་ཁྲ་ཡང་དག་པར་སྦྱོང་དགོས་པ་དང་། རང་གི་ཕ་ཡུལ་མ་ནོར། རྒྱ་ནག་རྩ་བ་ནས་ཉུང་དུ་འགྲོ་རུང་ཟེར་བ་སོགས་སྤེལ་ཏེ། ཐའེ་ཝན་དང་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེ་སོགས་ཚུད་པའི་ས་ཁྲ་དེ་བཀོལ་སྤྱོད་བྱེད་སྐུལ་འདེད་གཏོང་གི་ཡོད་འདུགརྒྱ་སྐད་ཀྱི་མུ་འབྲེལ་བརྩེ་དུང་གློག་བརྙན་ (Go Go Squid!) ཟེར་བ་དེ་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༩ ཉིན་ཐོག་མར་རྒྱ་ནག་གི་ (Dragon TV) དང་ (Zhejiang TV) བརྙན་འཕྲིན་ཁང་གཉིས་བརྒྱུད་བསྟན་ཡོད་པ་དང་། ཉིན་གཉིས་ཀྱི་སྔོན་ཏེ་ཕྱི་ཚེས་ ༣༡ ཉིན་ལེའུ་ ༣༩ པ་བསྟན་ཡོད་པ་དང་། ལེའུ་དེའི་དྲ་ཐོག་གི་རྩེད་མོ་འགྲན་བསྡུར་ནང་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་གི་ས་ཁྲ་མངོན་ཡོད་པ་དང་། ས་ཁྲའི་ནང་རྒྱ་ནག་གིས་ལྷོ་བོད་དུ་འབོད་བཞིན་པའི་བོད་ཧིན་ས་མཚམས་སུ་ཁེལ་བའི་ཨ་རུ་ན་ཅལ་མངའ་སྡེ་དང་(Aksai Chin)། དེ་བཞིན་ཐའེ་ཝན་དང་ཧེ་ནན་ཞིང་ཆེན་བཅས་ཚུད་མེད་རྐྱེན་སྐྱོན་འཛུགས་བྱས་ཡོད་པ་རེད།

ས་ཁྲའི་ནང་བོད་དང་ཐའེ་ཝན་སོགས་ཚུད་མེད་པའམ་ཡང་ན། མཁའ་འགྲུལ་ལས་ཁུངས་དང་ཚོང་གཉེར་ཁང་སོགས་ཀྱིས་བོད་དང་ཐའེ་ཝན་རྒྱལ་ཁབ་ཀྱི་ངོ་བོར་ལོགས་སུ་བཞག་པའི་རྐྱེན་གྱིས་རྒྱ་ནག་གཞུང་ཕྱོགས་ནས་སྐྱོན་བརྗོད་བྱས་པ་དང་། སྤྱི་ཚོགས་དྲ་ལམ་ནས་རྩོད་གླེང་བྱུང་ཤུགས་ཆེན་བྱུང་བ། དེ་བཞིན་འབྲེལ་ཡོད་ལ་ཚོང་ལས་མཉམ་འབྲེལ་བཀག་སྡོམ་བྱས་པ་སོགས་ཀྱི་གནད་དོན་ཉེ་བའི་ལོ་ཤས་ནང་ཐེངས་འགར་བྱུང་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༢༡ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 2

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 7 སྔོན།

    This is beyond control of chinese authority and day dream
    of china and china should not interfare every social activities
    or platform like this in feture any cost otherwise china will
    Sucide herself in this twenty first century.

    Reply
  2. Yon Rab says:
    ལོ་ 7 སྔོན།

    youtupe ནང་ལ་ལིའུ་39པ་ད་དུང་འདུག་གོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese