མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ནི་དྷ་རམ་ས་ལ་མིན་པས་ཁྲིམས་འགལ་གནས་སྡོད་པ་གཙང་བཤེར་བྱ་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༩/༠༨/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གཞུང་གིས་ཨ་སམ་མངའ་སྡེའི་ནང་མི་སེར་ཐོབ་ཐང་ཞིབ་བཤེར་བྱེད་སྐབས་ཁུལ་དེའི་མི་གྲངས་ས་ཡ་ ༣༡ ལྷག་གི་ཁྲོད་ནས་ས་ཡ་ ༤ ལྷག་གིས་མི་སེར་ཡིན་པ་ར་སྤྲོད་བྱེད་ཐུབ་ཀྱི་མེད་འདུགསྔར་ལོ་ནས་བཟུང་རྒྱ་གར་གཞུང་གིས་ཨ་སམ་མངའ་སྡེ་(Assam)ནང་ཕྱི་ལོ་ ༡༩༧༡ ལོའི་རྒྱ་གར་རྒྱལ་ཡོངས་མི་སེར་ཐོ་འགོད་(National Register of Citizens) ཀྱི་བཅའ་ཁྲིམས་གཞིར་བཟུང་མི་སེར་ཐོབ་ཐང་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༣ ཉིན་གྱི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག པི་ཇེ་ཕི་གཞུང་འཛིན་ཚོགས་པའི་ཚོགས་གཞོན་དང་མཱ་དྷི་ཡ་པྲ་དེ་ཤི(Madhya Pradesh)ཡི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཤིབ་རཱ་ཇི་སིན་ཆོ་ཧན་(Shivraj Singh Chauhan)ལགས་ཀྱིས། རྒྱ་གར་ཨ་སམ་ནང་མི་སེར་ཐོབ་ཐང་ཞིབ་བཤེར་གནང་ཚར་བ་དང་རྒྱལ་ཡོངས་ནང་ཞིབ་བཤེར་བྱ་རྒྱུ་ཡིན་ལ། རྒྱ་གར་ནི་རྒྱལ་ཁབ་ཅིག་ཡིན་པ་ལས་ཡིག་ཆ་གང་ཡང་མེད་པའི་མི་རྣམས་ཡོང་སྟེ་གནས་སྡོད་བྱེད་སའི་དྷ་རམ་ས་ལ་(Dharamshala)མིན་སྐོར་བརྗོད་འདུག་ལ། དྷ་རམ་ས་ལ་ཞེས་པ་ནི་ཡུལ་གཞན་ནས་ཡོང་བ་རྣམས་ཀྱི་གནས་སྐབས་ཀྱི་སྡོད་གནས་ལྟ་བུར་གོ་ཡི་ཡོད་འདུག

རྒྱ་གར་(NDTV)གསར་ཁང་སོགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། སྐབས་དེར་སྐུ་ཞབས་ཤིབ་རཱ་ཇི་སིན་ལགས་ཀྱིས། རྒྱ་གར་རྒྱལ་ཡོངས་མི་སེར་ཐོ་འགོད་ཞིབ་བཤེར་ནི་ཨ་སམ་གཅིག་པོའི་ཆེད་དུ་མ་ཡིན་པར་རྒྱ་གར་རྒྱལ་ཡོངས་ཀྱི་ཆེད་དུ་ཡིན་པས། ང་ཚོས་མ་འོངས་པར་རྒྱ་གར་རྒྱལ་ཡོངས་ནང་ཐོ་འགོད་ཞིབ་བཤེར་བྱ་དགོས་པ་དང་། རྒྱ་གར་ནི་དྷ་རམ་ས་ལ་ལྟར་མི་སུ་ཞིག་ཡིན་ན་ཡང་ཁྲིམས་འགལ་ངང་ཡོང་ནས་ཁྲིམས་འགལ་ངང་གཏན་སྡོད་བྱེད་ཆོག་ས་ཞིག་ཏུ་བསྒྱུར་མི་རུང་བས། གནས་སྟངས་དེར་འགྱུར་བ་གཏོང་དགོས་སྐོར་དང་། གནད་དོན་དེ་ནི་ཁ་བྲལ་གྱི་བྱ་སྤྱོད་སྤེལ་ཐབས་ཤིག་མིན་པ་དང་། སྲིད་གཞུང་གིས་ལས་དོན་ག་རེ་གནང་བ་ཡིན་ནའང་བསམ་བློ་གཏིང་ཟབ་བཏང་སྟེ་དྲང་བདེན་ངང་གནང་བཞིན་ཡོད་སྟབས། ལས་དོན་དེ་མུ་མཐུད་གཉེར་རྒྱུ་ཡིན་པ་མ་ཟད། པི་ཇེ་པི་སྲིད་དོན་ཚོགས་པས་ཨ་སམ་མངའ་སྡེའི་ནང་ཁྲིམས་འགལ་ཐོག་ཡོང་མཁན་ཚང་མ་གཙང་མ་བྱ་རྒྱུ་ཡིན་སྐོར་བརྗོད་འདུགཕྱི་ལོ་ ༡༩༥༡ ལོ་ནས་བཟུང་བྷང་ལ་ཌེ་ཤི་དང་པཱ་ཀི་སི་ཐན་སོགས་ནས་སྐྱབས་བཅོལ་བ་མང་པོ་ཨ་སམ་མངའ་སྡེའི་ནང་བསླེབས་ཏེ་ལས་རིགས་འདྲ་མིན་ནང་མཉམ་ཞུགས་དང་། གཞུང་གི་ཐོབ་ཐང་མང་པོ་ཞིག་ལོངས་སུ་སྤྱོད་བཞིན་ཡོད་སྟབས། ཡུལ་མིའི་ཐོབ་ཐང་ལ་དོ་ཕོག་གཏོང་གི་ཡོད་པར་ངོས་འཛིན་གྱིས་ལོ་དེ་རང་ལ་རྒྱ་གར་རྒྱལ་ཡོངས་མི་སེར་ཐོ་འགོད་(National Register of Citizens) ཀྱི་བཅའ་ཁྲིམས་གཏན་འབེབ་བྱས་ཡོད་འདུག བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ད་ལྟའི་ཆར་ཨ་སམ་མངའ་སྡེའི་ནང་ཡུལ་མི་ཁྱོན་ས་ཡ་ ༣༡ ལྷག་ཡོད་པའི་ཁྲོད་ནས་མི་གྲངས་ས་ཡ་ ༤ ལྷག་གིས་རྒྱ་གར་གྱི་མི་སེར་ཡིན་པ་ར་སྤྲོད་བྱེད་ཐུབ་ཀྱི་མེད་པ་དང་། སྔར་ལོར་རྒྱ་གར་གཞུང་ནས་མི་སེར་ཡིན་པ་ར་སྤྲོད་མ་ཐུབ་ཚེ་ཡུལ་མིའི་ཐོབ་ཐང་འཕྲོག་རྒྱུ་ཡིན་སྐོར་བསྒྲགས་ཏེ། རྒྱ་གར་ཆེས་མཐོའི་ཁྲིམས་ཁང་ལའང་ཞུས་ཡོད་ཀྱང་། ཁྲིམས་ཁང་ནས་དེ་ནི་ཚོར་བ་སྐྱེན་པའི་གནད་དོན་ཞིག་ཡིན་སྐོར་བརྗོད་ནས་དྭང་ལེན་གནང་མེད་འདུག

ཕྱི་ལོ་ ༡༩༧༩ ལོ་ནས་བཟུང་ཨ་སམ་མངའ་སྡེའི་ནང་སྐྱབས་བཅོལ་བ་ཚོར་ངོ་རྒོལ་རིམ་པར་བྱུང་སྟེ། ད་ལྟའི་བར་ཁྱོན་སྐྱབས་བཅོལ་བ་ ༢༠༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་།  ཁོ་ཚོ་ཕལ་ཆེ་བ་ཁ་ཆེ་བ་ཡིན་པའི་གནས་ཚུལ་ཡོད་ཀྱང་། གལ་སྲིད་རྒྱ་གར་གཞུང་གིས་མི་སེར་ར་སྤྲོད་མ་ཐུབ་པའི་སྐྱབས་བཅོལ་བ་རྣམས་བྷང་ལ་ཌེ་ཤིའི་ནང་ཕྱིར་སློག་གཏང་ཚེ། འབར་མའི་རོ་ཧིན་གྷ་ (Rohingya) ཁ་ཆེ་གྲངས་ཉུང་བ་བཙན་གནོན་ཕྱིར་འབུད་བཏང་བའི་རྒྱལ་སྤྱིའི་རང་བཞིན་གྱི་གནད་དོན་དེ་དང་གཅིག་མཚུངས་ལྟ་བུ་ཆགས་ཉེན་ཡོད་འདུག

རྒྱ་གར་གྱིས་ཕྱི་ལོ་ ༡༩༥༡ ལོའི་རྒྱལ་སྤྱིའི་སྐྱབས་བཅོལ་བ་ལེན་པའི་ཁྲིམས་འཆར་ལ་ས་རྟགས་བརྒྱབས་མེད་ན་ཡང་། ཕྱི་ལོ་ ༢༠༡༥ ལོའི་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ཚན་པའི་གྲངས་འབོར་ལྟར་ན། ད་ལྟའི་ཆར་རྒྱ་གར་ནང་བོད་པ་དང་ཤི་རེ་ལངྒ། ཨབ་གྷན། བྷང་ལ་དྷེ་ཤི། འབར་མའི་རོ་ཧན་གྷ་སོགས་ཁྱོན་སྐྱབས་བཅོལ་བ་འབུམ་ ༢ ལྷག་གནས་སྡོད་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་རྒྱ་གར་གཞུང་ཕྱོགས་ནས་སྐྱབས་བཅོལ་བ་མི་ ༡༢༠༠༠༠ ཡོད་ལུགས་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

སྐར་མ ༤༣ སྔོན་ལ།
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨

མཆན། 2

  1. Lobsang Wangdu says:
    ལོ་ 7 སྔོན།

    བོད་པ་ རྒྱ་དཀར་ནག་གི་ཆབ་སྲིད་ལ་མགོ་སྐོར་མ་ཐེབས་པར་བགྱིས། ད་ལྟ་ཁོས་བཤད་པའི་སྐད་ཆ་འདི་་་་་ བཤད་ཡ་ པ་ཀཱིས་ཐཱན་དང་ བང་ལ་དཱེཤ ལ་བཤད་པ་རེད་ཏེ་་་ གོ་བ་ང་ཚོས་ལེན་དགོས། ཨ་མས་་་ བཀའ་སྐྱོན་གཏོང་ས་བུ་མོ། གོ་བ་ལེན་མཁན་གནའ་མ། སྔ་མོ་ལྷོ་ཕྱོགས་ མཡི་སུར་ རྫོངས་དཔོན་ཞིག་གིས་་་ ཁྱེད་རང་ཚོ་བོད་པ་ མི་གཅིག་གིས་གདོང་ལ་ལྟ་ནས་བཞག་ཡོད་རེད་ད། ང་ཚོ་ལ་སྐྱབས་བཅོལ་ངོ་ལེན་མེད། བོད་པ་ཚོ་ཀླན་རྟགས་མ་བསྟན་པར་བསམ་བློ་མཐོང་། ༢༽ ང་ཚོ་རྒྱ་གར་ཨ་སམ་ རྒྱ་གར་ཨ་སམ་ ལབ་རྒྱུ་མེད། ང་ཚོ་ལ་གཞན་གྱི་་་ ཁོང་ཚོ་རྒྱ་མི་རེད་ ནེ་པ་ལི་རེད་ལབ་ན་གནོད་ཀྱི་འདུག་ག འོ་དེ་དང་གཅིག་པ་རེད། ཨ་སམ་དང་ཤི་ལོང་འདི་གེ་་་ ངོ་ཐོག་བོད་དང་བར་མས་ཡིན་པ་ རྒྱ་གར་གྱིས་ THE HINDU ཞེས་པའི་ཚག་པར་བཀོད་མཁན་ནས་ ལོ་རེ་སྙན་དེབ་ Manorama ཞེས་པས་དེབ་དེ་ནང་ལ་བཀོད་འདུག ཡང་ད་ག་ནང་བཞིན་ ༧གོང་ས་མཆོག་ནས་ བེང་ལུར་ Dalai Lama University མཐོ་སློབ་དུ་ དེང་སང་རྒྱ་ནག་གིས་མཁས་དབང་ཚོའི་་་ ང་ལ་ བོད་རྒྱ་ཁོངས་ཡིན་པ་རྒྱ་མི་རྒྱལ་རབ་ལོ་རྒྱུ་སོགས་ལ་མིན་འདུག བོད་དེ་རྒྱ་ཡིས་ཆ་ཤས་ཡིན་པ་བོད་ཀྱི་བླ་མ་ཚོའི་བཤད་འདུག འོ་འདི་དང་གཅིག་པ་རེད། བར་སྐབས་ཨ་སམ་གྱེན་ལོག་ཤོག་ཁ་ ULFA དང་ Bordolane གཉིས་ ང་ཚོར་རྒྱ་དམར་ལ་ངོ་ལོག་བརྒྱབ་པ་ནང་བཞིན་ ཁོང་ཚོ་བྲལ་རྒྱ་གར་ངོ་ལོག་རྒྱག་གི་ཡོད། རྒྱ་གར་ཁོ་རང་ཚོ་དཀར་པོ་ཡིན་དོག་དོག ? ནག་ཉེ་དེ་ པ་ཀཱིས་ཐཱན་དང་ བང་ལ་དེ་ཤི་ གཉིས་ལ་གཡོག་ག་བྱེད་ཀྱི་འདུག་ག ཨ་སམ་དང་ ཀ་ཤི་མི་རི། ཧི་མ་ལ་ཡ་ ཡོངས་རྫོགས་རྒྱ་གར་གྱི་དབང་འགྱུར་འོག་ཡོད།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 7 སྔོན།

    རྡ་རམ་ཤ་ལ་ཟེར་བའི་ཐ་སྙད་དེ་ད་ལྟའི་ཧི་མ་ཅལ་མངའ་སྡེ་ཀང་ར་
    རྫོངས་སུ་ཡོད་པའི་གོང་ས་མཆོག་གི་བཞུགས་གནས་དང་བཙན་བྱོལ་
    བོད་མིའི་སྒྲིག་འཛུགས་ཆགས་སའི་ས་ཆ་རྡ་རམ་ས་ལ་དེ་མིན་པ་གནས་
    སྐོར་དང་ཡུལ་སྐོར་སྤྲོ་འཆམས་པ་བཞུགས་སའི་མགྲོན་ཁང་ལ་རྡ་རམ་ཤ་
    ལ་ཟེར་བའི་ཐ་སྙད་དེ་ལ་གོ་དགོས་པ་བཅས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese