མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇར་མན་གྲོས་ཚོཊ་ཀྱི་སྐུ་ཚབ་ཚོགས་ཆུང་བོད་ལ་ཕེབས་ཏུ་བཅུག་མེད་འདུག

བོད་ཀྱི་དུས་བབ།
༢༠༡༩/༠༨/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་འཇར་མན་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་དང་ཤིན་ཅང་ནང་གི་ཆོས་དད་རང་དབང་གི་གནས་སྟངས་སོགས་ལ་གཟིགས་ཞིབ་ཏུ་ཕེབས་རྒྱུར་ཐོངས་མཆན་སྤྲད་མེད་འདུག

ཁ་སང་འཇར་མན་གྱི་(Deutsche Welle)གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  འཇར་མན་ཡི་ཤུ་དམངས་གཙོ་ཚོགས་པ་དང་ཡི་ཤུ་སྤྱི་ཚོགས་ཚོགས་པ་མཉམ་འབྲེལ་ (Christian Democrats and Christian Social Union) གྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་མགྲིན་ཚབ་པ་གྲོས་ཚོགས་འཐུས་མི་མེ་ཁིལ་བྷེ་རན་ཌི་ (Michael Brand) ལགས་ཀྱིས། འདི་ལོའི་ཕྱི་ཟླ་ ༩ ནང་འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཀྱི་ཚོགས་ཆུང་ཞིག་པེ་ཅིན་དང་བོད། ཤིན་ཅང་བཅས་སུ་ཆོས་དད་རང་དབང་གི་གནས་སྟངས་ཐད་གཟིགས་ཞིབ་གནང་བར་ཕེབས་འཆར་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཆོག་མཆན་སྤྲད་མེད་སྐོར་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༢ ཉིན་གཟིགས་སྐོར་དེ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་ནག་གི་འཐུས་མི་གསར་པ་ཀྲང་ཅུན་ (Zhang Jun)ཟེར་བ་ཞིག་གིས། པེ་ཅིན་གཞུང་གིས་རྒྱ་ནག་གི་ནང་སྲིད་ལ་ནམ་ཡང་ཐེ་བྱུས་བྱེད་དུ་མི་འཇུག་པ་དང་། ལྷག་པར་དུ་བོད་དང་ཤིན་ཅང་།  ཧོང་ཀོང་བཅས་ཀྱི་གནད་དོན་ལ་ཐེ་བྱུས་བྱེད་དུ་མི་འཇུག ཅེས་བརྗོད་ཡོད།

དེ་བཞིན། ཟླ་འདིའི་ཕྱི་ཚེས་ ༢༣ ནས་ཉིན་ ༡༠ རིང་འཇར་མན་གྲོས་ཚོགས་ཀྱི་ལྗང་ཁུ་ཚོགས་པའི་འཕྲུལ་རིག་ཚན་པའི་ (Digitization) སྐུ་ཚབ་ཚོགས་ཆུང་ཞིག  རྒྱ་ནག་པེ་ཅིན་དང་ཧྲང་ཧེ་གཉིས་ལ་བཅོས་མའི་རིག་རྩལ་ (Artificial Intelligence) དང་འབྲེལ་གཟིགས་སྐོར་དུ་ཕེབས་འཆར་ཡོད་པ་དང་། ཚོགས་ཆུང་དེའི་ནང་བོད་མི་དང་ཡུ་གུར་བ་སོགས་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་གྲོས་ཚོགས་འཐུས་མི་ལྕམ་མར་གྷེ་རེ་ཊི་བྷོ་སི་ (Margarete Bause) ལགས་ཡོད་པར་བརྟེན། རྒྱ་ནག་གཞུང་ནས་ལྕམ་མར་གྷེ་རེ་ཊི་ལགས་ཡོད་ན་ཚོགས་ཆུང་དེར་གཟིགས་སྐོར་ཐོངས་མཆན་སྤྲོད་རྒྱུ་མིན་ལུགས་བརྗོད་ཡོད་པ་བཀོད་འདུག་ལ།  ཟླ་འདིའི་ཕྱི་ཚེས་ ༣ ཉིན། འཇར་མན་ལྗང་ཁུ་ཚོགས་པས་ (Green party) ཐེངས་འདིའི་སྐུ་ཚབ་ཚོགས་པ་རྒྱ་ནག་ནང་གཟིགས་ཞིབ་ཏུ་ཕེབས་ཐུབ་མིན་ཐེ་ཚོམ་ངང་ཡོད་སྐོར་བརྗོད་འདུག
ལྕམ་མར་གྷེ་རེ་ཊེ་བྷོ་སི་ (Margarete Bause) ལགས་ནི་ཡུ་གུར་བའི་རང་དབང་ཐད་ཡུན་རིང་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་འདུག་ལ། ཁོང་མོས་སྒེར་གྱི་སྤྱི་ཚོགས་དྲ་ལམ་དུ། རྒྱ་ནག་གཞུང་གིས་ང་སྐུ་ཚབ་ཚོགས་ཆུང་དེའི་ནང་ཡོད་ཚེ་སྐུ་ཚབ་ཚོགས་ཆུང་གཟིགས་སྐོར་ལ་འགྲོ་མི་ཐུབ་སྐོར་བརྗོད་ཡོད་པ་དེ་ནི་ངོས་ལེན་བྱེད་ཐབས་མེད་པ་ཞིག་རེད།ངས་ནི་འགྲོ་བ་མིའི་ཐོབ་ཐང་ལ་སྐད་གསེང་མཐོན་པོ་དང་གསལ་ཁ་དོད་པོས་ངང་རྒྱབ་སྐྱོར་བྱེད་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ཀྱི་འབོད་སྒྲ་མར་གཅོག་རྩིས་བྱེད་བཞིན་པ་རེད། བྱེད་ཐབས་འདིས་ངའི་འགྲོ་བ་མི་ཐོབ་ཐང་འཐབ་རྩོད་ལ་སྙིང་སྟོབས་འཕར་མ་སྤྲོད་ཀྱི་ཡོད་པ་རེད། ཅེས་བརྗོད་ཡོད་པ་མ་ཟད། སྐུ་ཚབ་ཚོགས་ཆུང་དེར་ཡི་གེ་ཞིག་ཕུལ་ནས་ཁོང་མོ་ཚོགས་ཆུང་དེའི་ནང་མུ་མཐུད་མཉམ་ཞུགས་གནང་འདོད་ཡོད་སྐོར་ཞུས་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༣ པའི་ནང་འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས། རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱེད་བཞིན་པ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པ་དང་། བོད་རྒྱ་འབྲེལ་མོལ་མགོ་འཛུགས་དགོས་པའི་བསྒྲགས་གཏམ་ཤིག་སྤེལ་ཡོད་པ་དང་། ལྷག་པར་དུ་འདི་ལོའི་ཕྱི་ཟླ་ ༥ ནང་། འཇར་མན་གྲོས་ཚོགས་ནང་རྒྱ་ནག་གི་གྲངས་ཉུང་མི་རིགས་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཉན་ཞིབ་གནང་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་ནས་བོད་མིའི་ཆོས་དད་རང་དབང་གི་གནས་སྟངས་ཧ་ཅང་ཞན་པོ་ཡིན་པ་དང་། གྲོས་ཚོགས་འཐུས་མི་རྣམས་ནས་བོད་མི་དང་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་ནི་རྒྱ་ནག་དང་འབྲེལ་བ་ཅི་ལྟར་བྱས་རུང་གནད་དོན་གཙོ་བོར་འཛིན་དགོས་པ་ནན་སྐུལ་གནང་ཡོད་འདུག

གནས་ཚུལ་དེའི་ནང་བཀོད་པ་ལྟར་ན། འཇར་མན་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་ལོ་མང་རིང་བོད་ནང་གཟིགས་སྐོར་དུ་ཕེབས་རྒྱུར་ཆོག་མཆན་ཞུས་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ལོར་རྒྱ་ནག་གཞུང་ནས་ཆོག་མཆན་སྤྲད་ཡོད་ནའང་ཐ་མའི་དུས་སུ་གཟིགས་སྐོར་སྐུ་ཚབ་རྣམས་ལ་ལྟ་རྟོག་བྱེད་མཁན་གྱི་ལས་བྱེད་འདང་ངེས་མེད་སྐོར་བརྗོད་དེ་བཀག་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་སི་ཁྲོན་ཞིང་ཆེན་ནང་ས་ཡོམ་བྱུང་ཡོད་པ་སོགས་ལ་ཁ་གཡར་ཏེ་ཆོག་མཆན་སྤྲད་མེད་འདུག ཕྱི་ལོ་ ༢༠༠༩ ལོར་ཐོག་མར་འཐུས་མི་ ༤ ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་ཉིན་ ༣ རིང་གཟིགས་སྐོར་ལ་ཕེབས་ཐུབ་ཡོད་འདུག

གཟིགས་སྐོར་དེ་གྲུབ་རྗེས། སྐུ་ཚབ་ཚོགས་ཆུང་གི་དབུ་འཁྲིད་ཡི་ཤུ་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ (Holger Haibach) ལགས་ཀྱིས། བོད་ནང་དཔལ་འབྱོར་ཀྱི་ཆ་ནས་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད་པ་དང་། མི་རིགས་དང་ཆོས་ལུགས་ཀྱི་དཀའ་ངལ་མེད་པའི་མཐོང་སྣང་ཞིག་སྤྲད་སོང་། མཐོང་སྣང་དང་དོན་དངོས་གཉིས་མཐུན་མིན་ཞིབ་འཇུག་བྱེད་དགོས་པ་རེད། ཅེས་དང་། ཉིན་ ༣ རིང་ང་ཚོར་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་པའི་གོ་སྐབས་རག་མ་སོང་ལ། རྒྱ་ནག་གི་དཔོན་རིགས་ཚོས་རྟག་ཏུ་མཉམ་སྐྱོད་བྱས་པར་བརྟེན་ཁག་པོ་བྱུང་སོང་། ཞེས་རྒྱ་ནག་གིས་གོ་སྒྲིག་བྱས་པའི་བོད་མི་མ་གཏོགས་བོད་མི་གཞན་ལ་ཐུག་ཏུ་བཅུག་མེད་སྐོར་སོགས་གསུངས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༡༤ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༡༦ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡

མཆན། 3

  1. Lobsang Wangdu says:
    ལོ་ 7 སྔོན།

    Wao ? Mr sZhungpa Tsewang. You are Good Thinker ?བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་ནང་ཁུལ་རྩོད་གླེང་དང་
    ཁ་མཆུ་ལ་མགོ་འཁོར་ནས་བོད་ནང་ཡོད་པའི་བོད་མི་ཚོའི་རེ་བ་དེ་མུར་ལྷག་རྒྱུ་ཡིན་པ་ལས་གཞན་མ་མཐོང་ངོ། ? བོད་རྒྱ་ གྲོས་མོལ། ? ?

    Reply
  2. འདམ་སྐྱེས། says:
    ལོ་ 7 སྔོན།

    དོན་གནད་འདིའི་ཐོག་མཆན་འགོད་པས་”བཙན་བྱོལ་བོད་མིའི་སྒྲིག་འཛུག་ནས་ནང་ཁུལ་རྩོད་གླེང་དང་ཁ་མཆུ་ལ་མགོ་འཁོར་ནས་བོད་ནང་ཡོད་པའི་བོད་མི་ཚོའི་རེ་བ་དེ་མུར་ལྷག་རྒྱུ་ཡིན་པ་ལས་གཞན་མ་མཐོང་ངོ་།” ཅེས་འཁོད་པ་མཐོང་བས་ཆེས་མ་རུང་པ། དོན་མ་གོ་བའམ། བོད་མིའི་སྤྱི་མཐུན་གྱི་བསོད་ནམས་ཟད་པའམ་གང་ཡིན་གཟུ་བོས་དཔྱད་ན་ཆ་མ་མཆིས། གང་ཡིན་ཞེ་ན་ཕ་རོལ་པ་ལ་བསམ་ཚུལ་ཟུར་ཙམ་ཡང་མེད་པར་ལོག་འགྲེལ་འདི་ལྟབུ་བྱེད་པ་ནི་ཆེས་ཡ་མཚན་དུ་གྱུར། ལར་ནས་བོད་མི་ནང་ཁུལ་རྩོད་གླེང་དང་ཁ་མཆུ་ལ་མགོ་འཁོར་མཁན་སུ་ཡིན་བློ་གཟུ་བོའི་སྒོ་ནས་དཔྱད་ཞིབ་གནང་ན་ཤེས་ཐུབ་པ་ཞིག་རེད། ༼ དགྲ་དགའ་གཉེན་སྡུག་དང་དངོས་འབྲེལ་མ་ཡིན་པའི་མཆན། ༽

    Reply
  3. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 7 སྔོན།

    རྒྱལ་ཁབ་ག་འདྲ་ཞིག་ཡིན་ཡང་མཐོང་ཆན་སྤྲོད་མི་སྤྲོད་དེ་རྒྱལ་ཁབ་དེའི་
    འགན་དབང་ལས་མཐའ་གཅིག་ཏུ་མཐོང་ཆེན་ཞུ་མཁན་ཚང་མར་མཐོང་
    ཆེན་སྤྲོད་དགོས་པའི་ཁྱབ་པ་མེད་ལ་ལྷག་པར་དུ་རྒྱ་ནག་ལ་ཆ་བཞག་ན་
    དམ་བསྒྲགས་ཡོད་པའི་ས་ཁུལ་བོད་དང་ཤིང་ཅང་ཡུ་གུར་སོགས་ས་ཁུལ་
    དེ་ཚོར་ཕྱི་མི་འགྲོ་བསྐྱོད་ཐོག་དོ་ནན་བྱེད་བཞིན་པ་ནས་ཕྱི་མི་མཐོང་ཆེན་
    ཞུ་མཁན་ཚང་མར་མཐོང་ཆེན་སྤྲོད་དགོས་པའི་ཁྱབ་པ་གང་ཡང་མེད་པ་
    དང་དེ་ནི་རང་བཙན་ཡོད་པའི་རྒྱལ་ཁབ་ཞིག་གིས་དབང་ཚད་ཡིན་པ་དང་
    བོད་ནང་ཛ་དྲག་གི་དཀའ་ངལ་ཡོད་པ་འཛམ་གླིང་མི་མང་གིས་ཤེས་ཀྱིས་ཡོད་ཀྱང་
    ད་བར་སུ་གཅིག་གིས་རྒྱ་ནག་ལ་བཤོད་མ་ཐུབ་ནས་བོད་ཀྱིས་དཀའ་ངལ་ལོ་
    རེ་ནས་ལོ་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་པ་ནས་བོད་ནང་གིས་བོད་མི་ཚོ་
    གོང་ས་མཆོག་དང་བཙན་བྱོལ་བོད་མི་ཚོར་རེ་བ་བཅོལ་ནས་བསྡད་ཡོད་ཀྱང་
    གོང་ས་མཆོག་གིས་ཐུགས་རྗེའི་འོག་ནས་བོད་མི་ཚོར་བདེ་སྐྱིད་ཐོབ་པའི་རེ་
    བ་ཙམ་ལས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་ནང་ཁུལ་རྩོད་གླེང་དང་
    ཁ་མཆུ་ལ་མགོ་འཁོར་ནས་བོད་ནང་ཡོད་པའི་བོད་མི་ཚོའི་རེ་བ་དེ་མུར་ལྷག་
    རྒྱུ་ཡིན་པ་ལས་གཞན་མ་མཐོང་ངོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese