མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨང་རྩིས་སློབ་ཚན་བོད་ཡིག་ཐོག་ཁྲིད་པ་དེས་སློབ་ཚན་གཏིང་ཟབ་ཤེས་པར་ཕན་ཐོགས་ཆེན་པོ་བྱུང་།

བོད་ཀྱི་དུས་བབ།
༢༠༡༩/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཁྱིམ་སློབ་གྲྭའི་དམའ་རིམ་འཛིན་གྲྭའི་ཨང་རྩིས་སློབ་ཁྲིད་རྒྱུས་སྟོན་པ་དང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དམའ་རིམ་ཨང་རྩིས་སློབ་དེབ་བསྐྱར་ཞིབ་ཚོགས་པའི་ཚོགས་མི། འདས་པའི་ལོ་ངོ་ ༣༤ རིང་བོད་ཁྱིམ་སློབ་གྲྭ་ཁག་ཏུ་ཨང་རྩིས་དགེ་རྒན་ཀྱི་ཕྱག་ལས་གནང་མྱོང་མཁན་དགེན་དཔལ་མོ་ལགས་སུ། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཨང་རྩིས་སློབ་ཚན་གྱི་ཤེས་ཚད་དང་གནས་བབ། ཨང་རྩིས་སློབ་ཚན་གྱི་འགྱུར་བ་དང་འདས་པའི་ལོ་ངོ་ ༦༠ རིང་བོད་མིའི་སྤྱི་ཚོགས་ཁྲོད་ཨང་རྩིས་དང་འབྲེལ་བའི་ཐོག་ཆེད་མཁས་པ་ཧ་ཅང་དཀོན་པོ་ཡིན་པའི་རྒྱུ་རྐྱེན་སོགས་ཀྱི་སྐོར་ལ་བཅར་འདྲི་བྱས་ཡོད།

དྲི་བ། ཐོག་མར་སྐུ་ཉིད་ཨང་རྩིས་དགེ་རྒན་ཆགས་པའི་བརྒྱུད་རིམ་དང་སྐབས་དེར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོའི་ཨང་རྩིས་གནས་ཚད་ག་འདྲ་ཡིན་སོགས་ངོ་སྤྲོད་ཅིག་གནང་རོགས།

ལན། ང་རང་གིས་ཐོག་མར་མོན་གྷོ་ཊི་གཞིས་ཆགས་ནས་འཛིན་གྲྭ་བཅུ་པ་བར་དུ་སློབ་སྦྱོང་བྱས་པ་དང་། དེ་ནས་འཛིན་གྲྭ་བཅུ་གཅིག་དང་བཅུ་གཉིས་དྷ་ལ་ཧོ་སི་ནས་ཐོན། དེ་ནས་སིམ་ལ་(St. Bede’s College)མཐོ་སློབ་ནས་ལོ་གཉིས་རིང་དགེ་རྒན་འོས་སྦྱོང་བྱས་པ་ཡིན། གཞི་རིམ་སློབ་གྲྭའི་སྐབས་དགེ་རྒན་དང་ཕ་མ་ཚོས་གཞན་ལ་ཕན་སེམས་དགོས་པའི་སློབ་གསོ་ཡང་ཡང་རྒྱག་གི་ཡོད་པ་དང་། དེ་ནས་དགེ་རྒན་ཚོས་སློབ་ཕྲུག་ཚོར་སློབ་ཚན་མི་ཤེས་པ་སོགས་ཧ་ཅང་ཡག་པོ་བྱས་ཏེ་བསླབ་ཡོང་དུས་སོ་སོའི་སེམས་ལ་དགའ་བ་ཆེན་པོ་ཞིག་སྐྱེས་ཡོང་གི་འདུག་ལ། ང་རང་གི་སེམས་སུ་མ་འོངས་པར་དགེ་རྒན་ཞིག་བྱ་དགོས་པ་དང་དགེ་རྒན་ནི་གཞན་ལ་ཕན་སེམས་ཆེ་ཤོས་ཤིག་དང་རང་གི་འདོད་བློ་དང་མཐུན་པ་ཞིག་རེད་དྲན་པ་ཡིན། ཡིན་ན་ཡང་། དེ་དུས་ཨང་རྩིས་དགེ་རྒན་ཞིག་བྱ་དགོས་བསམ་པ་དྲན་མ་བྱུང་། མཐོ་སློབ་ཚར་མ་ཐག་བོད་ཕྲུག་ཁྱིམ་སྡེར་ཡོང་ནས་དྷ་སྟེང་བོད་ཁྱིམ་རང་དུ་དགེ་རྒན་བྱས་པ་ཡིན། སྐབས་དེར་གཞི་རིམ་འཛིན་གྲྭ་ཁག་ལ་སློབ་ཚན་འདྲ་མིན་ཐོག་སློབ་ཁྲིད་བྱས་པ་ཡིན་ལ། ཕྱི་ལོ་ ༡༩༩༠ གོ་གྲངས་ནས་ཨང་རྩིས་སློབ་ཚན་འཁྲིད་དེ་ཨང་རྩིས་དགེ་རྒན་བྱེད་མགོ་ཚུགས་པ་ཡིན། དེ་དུས་འཛིན་གྲྭ་རེར་སློབ་ཕྲུག་ ༣༠ ནས་ ༤༠ བར་ཡོད་པ་དང་། སློབ་ཕྲུག་ཚོའི་ཨང་རྩིས་གནས་སྟངས་ད་ལྟ་དང་གཅིག་པ་ལྟ་བུ་རེད་ལ། བོད་ནས་ཡོང་མཁན་སློབ་ཕྲུག་མང་པོ་ཡོད་པས་སློབ་ཕྲུག་ཚོ་ཧ་ཅང་བརྩོན་འགྲུས་ཆེན་པོ་ཡོད་པ་རེད།

དྲི་བ། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་ལྷག་པར་དུ་བོད་ཕྲུག་ཁྱིམ་སྡེའི་ནང་ཨང་རྩིས་སློབ་ཚན་ཁྲིད་སྟངས་དེ་རྒྱ་གར་གཞུང་གི་(CBS)སློབ་ཁྲིད་འཆར་འགོད་ལྟར་འགྲོ་བཞིན་ཡོད་པ་དང་། ཁྱེད་ཀྱིས་འདས་པའི་ལོ་ངོ་ ༣༠ ཙམ་གྱི་ཉམས་མྱོང་ལ་གཞིགས་ན། ཨང་རྩིས་ཁྲིད་སྟངས་དེ་བོད་པའི་སློབ་ཕྲུག་ཚོར་འོས་འཚམ་ཞིག་ཏུ་གཟིགས་ཀྱི་ཡོད་དམ།

ལན། སི་བྷི་ཨེ་སི་(CBS)སློབ་ཁྲིད་འཆར་འགོད་གཏན་འབེབ་སློབ་ཚན་དེ་བསམ་བློ་ཡག་པོ་ཞིག་བཏང་བ་ཡིན་ན་ཧ་ཅང་ཡག་པོ་ཡོད་པ་དང་། སློབ་དེབ་དེ་དག་རྒྱ་གར་གྱི་མཁས་པ་ཧ་ཅང་མང་པོས་བསམ་བློ་ཞིབ་ཚགས་བཏང་སྟེ་གཏན་འབེབ་གནང་བ་ཡིན་དུས། སློབ་དེབ་དེ་དག་བོད་པའི་སློབ་ཕྲུག་ལ་འཚམ་པོ་དང་རན་པོ་ཡོད་པ་རེད།སྔོན་མ་ཡིན་ན་སི་བྷི་ཨེ་སི་སློབ་ཚན་དེ་དག་དམའ་རིམ་འཛིན་གྲྭ་ཁག་ལ་གནས་ཚད་ཅུང་ཙམ་མཐོ་བོ་ཡོད་ན་ཡང་། རྗེས་སུ་རིམ་པས་སློབ་དེབ་ཁག་ལ་རྒྱ་གར་ནང་བསམ་ཚུལ་མང་པོ་སླེབས་པར་བརྟེན། སི་བྷི་ཨེ་སི་ངོས་ནས་བསྒྱུར་བཅོས་མང་པོ་བཏང་ཡོད་པ་དང་། ལོ་རེ་ནས་ལོ་རེ་བཞིན་སློབ་ཚན་ཁག་གི་གནས་ཚད་དམའ་རུ་གཏོང་བ་སོགས་བྱས་ཏེ་ད་ལྟའི་ཆར་དེ་སྔོན་དང་བསྡུར་ན་སློབ་ཚན་ཁག་གི་གནས་ཚད་ཧ་ཅང་དམའ་རུ་ཕྱིན་ཡོད་པ་རེད་དེ། ང་ཚོའི་སློབ་གྲྭ་ཁག་ལ་མཚོན་ན་སྔར་བཞིན་ཨང་རྩིས་ཐད་དཀའ་ངལ་ཡོད་པ་དེ་རང་འཇགས་ཡིན་པ་རེད། སྤྱིར་ན་སློབ་ཚན་ཁག་གི་གནས་ཚད་དམའ་རུ་ཕྱིན་པ་དེས་དེ་ལ་དཔག་པའི་གྲུབ་འབྲས་ཤིག་ཐོན་དགོས་ན་ཡང་། ཨང་རྩིས་སློབ་ཚན་ལ་ལྟ་ཕྱོགས་དང་ནམ་རྒྱུན་ནས་ཨང་རྩིས་དེ་དཀའ་ངལ་ཅན་ཞིག་ཡིན་པར་བསམ་པའི་བསམ་བློ་དེ་སྔར་བཞིན་རེད་འདུག

ཡིན་ཡང་། སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཕྱི་ལོ་ ༡༩༧༠ དོན་གྲངས་ནས་ང་རང་ཚོའི་སློབ་གྲྭ་ཁག་གི་སློབ་ཚན་དེ་རང་སྐད་ནང་བསླབ་ཐུབ་ན་ཞེས་བཀའ་སློབ་ཡང་ཡང་ཕེབས་ཡོད་སྟབས། བཀའ་སློབ་ཕེབས་པ་གཞིར་བཟུང་ཕྱི་ལོ་ ༡༩༨༤ དང་༡༩༨༥ ནས་བོད་ཁྱིམ་གྱི་དམའ་རིམ་འཛིན་གྲྭའི་སློབ་ཚན་དབྱིན་ཡིག་དང་ཧིན་རྡུ་མ་གཏོགས་སློབ་ཚན་ཆ་ཚང་བོད་ཡིག་ནང་སློབ་འཁྲིད་བྱེད་རྒྱུ་མགོ་འཛུགས་གནང་བ་དང་། དེ་ལ་བརྟེན་ནས་དམའ་རིམ་འཛིན་གྲྭ་ཁག་ལ་ཡག་པོ་གཅིག་ག་རེ་བྱུང་ཡོད་པ་རེད་ཅེས་ན། དེ་སྔོན་དབྱིན་ཡིག་སློབ་དེབ་ནང་སློབ་ཁྲིད་སྐབས་དང་བསྡུར་ན་སློབ་ཕྲུག་ཚོས་སློབ་ཚན་ཤེས་པའི་ནུས་པ་དང་དགེ་རྒན་མཉམ་དུ་བློ་བདེ་བོ་དང་ཁ་སངས་པོས་ངང་སློབ་ཚན་གྲོས་བསྡུར་དང་དྲི་བ་གཏོང་རྒྱུ་ཡག་རུ་ཕྱིན་ཡོད་པ་རེད། དེ་སྔོན་སློབ་ཚན་ཤེས་བཞིན་ཡོད་ན་ཡང་སྐད་ཡིག་དེ་དབྱིན་ཇི་ཡིན་པས་དགེ་རྒན་མཉམ་དུ་དེ་ཙམ་བློ་འདྲེས་པོ་དང་སློབ་ཚན་ཐོག་དགེ་རྒན་མཉམ་དུ་གྲོས་བསྡུར་ལྷུག་པོ་དེ་འདྲ་ཡོང་ཐུབ་ཀྱི་མེད་ན་ཡང་། ཕྱིས་སུ་སློབ་ཚན་བོད་ཡིག་ཐོག་ཁྲིད་པ་དང་སོ་སོའི་རང་སྐད་ཡིན་པས་སློབ་ཕྲུག་ཚོས་མ་ཤེས་པ་དང་དོགས་འདྲི་ཡོད་པ་ཁག་ཁ་ཐུག་གིས་འདྲི་བཞིན་ཡོད་པས། ཨང་རྩིས་སློབ་དེབ་དེ་བོད་ཡིག་ཐོག་སློབ་ཁྲིད་གནང་བ་དེས་སློབ་ཕྲུག་གིས་ཨང་རྩིས་ཤེས་སླ་བ་སོགས་ཕན་ཐོགས་ཆེན་པོ་ཞིག་བྱུང་སོང་ལ། དགེ་རྒན་ཚོ་ཡིན་ན་ཡག་པོ་ཁྲིད་ཐུབ་པ་དང་སློབ་ཕྲུག་ལ་དོགས་པ་ག་རེ་ཡོད་ནའང་ཧ་གོ་ཐུབ་པ་སོགས་མངོན་གསལ་དོད་པོས་ཕན་ཐོགས་ཆེན་པོ་བྱུང་སོང་། དེ་སྔོན་སློབ་ཚན་ཁག་དབྱིན་ཡིག་ནང་ཁྲིད་སྐབས་སློབ་ཕྲུག་རེ་ཟུང་མ་གཏོགས་དོགས་འདྲི་གནང་མཁན་མེད་པ་དང་། འཛིན་གྲྭ་གཅིག་ཏུ་སློབ་མ་མང་ཆེ་བས་མི་ཤེས་པའི་སྐོར་ལ་དོགས་འདྲི་དང་སློབ་ཁྲིད་སྐབས་ལན་འདེབས་མཁན་ཧ་ཅང་དཀོན་པོ་ཡིན་པ་རེད། ཕྱོགས་གཅིག་ནས་ཨང་རྩིས་སློབ་ཚན་དེ་བོད་ཡིག་ཐོག་སློབ་ཁྲིད་བྱེད་བཞིན་པས་སློབ་ཕྲུག་ཚོར་བོད་ཀྱི་སྐད་ཡིག་ཤེས་རྒྱུ་གཙོའི་ཕན་ཐོགས་མང་པོ་ཞིག་ཡོད་ན་ཡང་། ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་བྱུང་བ་དེ་སློབ་ཕྲུག་ཚོས་སློབ་ཚན་དེ་སྔོན་དང་བསྡུར་ན་ཡག་པོ་ཤེས་ཐུབ་པ་བྱུང་སོང་།

དྲི་བ། དགེ་རྒན་གྱི་ཤེས་ཡོན་གནས་ཚད་ཧ་ཅང་གལ་ཆེན་པོ་ཡིན་ཡང་དེ་ལས་ཀྱང་སློབ་ཁྲིད་ཀྱི་ཐབས་རྩལ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་སྟབས། ཁྱེད་ཀྱིས་འདས་པའི་ལོ་ངོ་ ༣༠ ལྷག་རིང་ཨང་རྩིས་སློབ་ཁྲིད་གནང་བའི་ཉམས་མྱོང་བརྒྱུད་ཐབས་རྩལ་གཙོ་བོ་ག་རེ་འདོན་གྱི་ཡོད་པ་དང་། དགེ་རྒན་ཚོར་ཁྲིད་ཐབས་ག་འདྲ་ཞིག་བེད་སྤྱོད་དགོས་པའི་རྒྱུས་སྟོན་གནང་གི་ཡོད།

ལན། སྤྱིར་ང་རང་ལ་མཚོན་ན་ཐོག་མར་དགེ་རྒན་བྱས་པ་ནས་ཉམས་མྱོང་ཆེན་པོ་དེ་ཙམ་མེད་ན་ཡང་། དངོས་སུ་དགེ་རྒན་གྱི་ལས་གནས་ལ་ཞུགས་ནས་སློབ་ཁྲིད་བྱས་ཡོང་སྐབས་སློབ་ཁྲིད་ཀྱི་ཐབས་ལམ་མང་པོ་ཞིག་ཤེས་ཡོང་གི་འདུག་ལ། དེ་བཞིན་ཟབ་སྦྱོང་མང་པོ་ཞིག་ལ་ཞུགས་པ་སོགས་ཀྱིས་སློབ་ཁྲིད་ཐབས་ལམ་དང་ཁྲིད་སྟངས་ཐད་ཕན་ཐོགས་ཆེན་པོ་དང་། རང་ཉིད་ཀྱིས་དེ་སྔོན་ཁྲིད་ཐབས་མང་པོ་ཞིག་ནོར་འཁྲུལ་ཡིན་པ་ཡང་ཤེས་རྟོགས་ཡོང་གི་འདུག སྤྱིར་ཨང་རྩིས་སློབ་ཚན་ཁྲིད་ཐབས་ལ་ཐབས་ལམ་གཉིས་ཤིག་བེད་སྤྱོད་གཏོང་གི་ཡོད་པ་ལས། ཐབས་ལམ་དང་པོ་དེ་དགེ་རྒན་འཛིན་གྲྭའི་ནང་དུ་སོང་ནས་ཐད་ཀར་ཨང་རྩིས་སློབ་ཚན་གྱི་རྩིས་གཞི་ཁག་གི་འགྲོ་སྟངས་དང་སྒྲིག་གཞི་གཞིར་བཟུང་ནས་ནག་པང་ངོས་སུ་སློབ་ཁྲིད་བྱེད་བཞིན་ཡོད་པ་དང་། ཁྲིད་སྟངས་གཉིས་པ་དེ་ཨང་རྩིས་སློབ་ཚན་ཁྲིད་ཆས་བེད་སྤྱོད་ཀྱི་བྱེད་སྒོའི་ལམ་ནས་འཁྲིད་རྒྱུ་དེ་རེད། སློབ་ཁྲིད་ཐབས་ལམ་དང་པོ་དེ་དེ་སྔའི་ཁྲིད་སྟངས་རྙིང་པ་ཡིན་པ་དང་། ཁྲིད་སྟངས་དེས་སློབ་ཕྲུག་ཚོས་དགེ་རྒན་གྱིས་སྒྲིག་གཞི་གང་བསླབ་པ་གཞིར་བཟུང་རྩིས་གཞི་དེ་རྩིས་པ་ཡིན་ན་རྩིས་གཞི་དེའི་ལན་ཇི་བཞིན་སླེབ་བཞིན་ཡོད་པས། སློབ་ཕྲུག་གིས་ཨང་རྩིས་ཤེས་ཀྱི་འདུག་བསམ་བཞིན་ཡོད་ན་ཡང་། དོན་དངོས་སུ་སློབ་ཁྲིད་ཐབས་ལམ་དེས་སློབ་ཕྲུག་ལ་ཨང་རྩིས་ཀྱི་འགྲོ་སྟངས་དེ་དག་ག་རེ་བྱས་ཏེ་འདི་ལྟར་འགྲོ་བཞིན་ཡོད་པ་སོགས་རྒྱུ་མཚན་དང་ལྡན་པའི་རྒྱབ་ལྗོངས་ལ་བསམ་བློ་གཏོང་མི་ཐུབ་པར། སྒྲིག་གཞི་དང་བང་རིམ་འགྲོ་སྟངས་ལྟ་བུ་ཞིག་བྱས་ཏེ་སྦྱོང་བཞིན་ཡོད་པས་སློབ་ཕྲུག་ཚོས་ཨང་རྩིས་དངོས་དེ་སྦྱོང་ཐུབ་ཀྱི་མི་འདུག་བསམ་ཡོད། ང་རང་གིས་ནམ་རྒྱུན་ཨང་རྩིས་སློབ་ཚན་དེ་ཁྲིད་ཆས་བེད་སྤྱོད་ཀྱིས་ཁྲིད་ཐབས་བྱེད་ཀྱི་ཡོད་ལ། ལྷག་པར་དུ་དམའ་རིམ་འཛིན་གྲྭ་ལྟ་བུ་ཞིག་ལ་མཚོན་ན། སློབ་ཕྲུག་ཚོར་ཁྲིད་ཆས་བེད་སྤྱོད་ཀྱི་ཁྲིད་ཐབས་དེ་ཧ་ཅང་གལ་ཆེན་པོ་དང་། སློབ་ཕྲུག་ལ་ཨང་རྩིས་སློབ་ཚན་ལ་དོ་སྣང་དང་སེམས་ལ་འཇུག་ཐབས་ཡག་ཤོས་ཤིག་རེད།

དྲི་བ། འཕྲུལ་རིག་ཚན་རྩལ་ཤུགས་ཆེན་དར་བཞིན་པའི་དུས་འདིར་ཨང་རྩིས་དགེན་ལགས་རྣམ་པས་ཨང་རྩིས་སློབ་ཚན་ཁྲིད་སྟངས་ཐད་བསྒྱུར་བཅོས་དང་། རྣམ་པ་ག་འདྲ་ཞིག་གི་ཐོག་ནས་སློབ་ཁྲིད་གནང་དགོས་ཀྱི་འདུག

ལན། ང་རང་གིས་དམའ་རིམ་དགེ་རྒན་ཚོར་དང་པོ་སློབ་ཚན་དེ་ཁྲིད་ཆས་ཀྱི་ངོས་ནས་སློབ་ཁྲིད་བྱེད་པ་དང་། དེ་ནས་ཁྲིད་ཆས་དེ་དཔེ་རིས་ཀྱི་རྣམ་པར་བསྒྱུར་ནས་ཁྲིད་པ། མཇུག་ཏུ་དཔེ་རིས་སློབ་ཁྲིད་དེ་ཨང་གྲངས་ཀྱི་རྣམ་པར་བསྒྱུར་ནས་ཁྲིད་དགོས་པའི་ལམ་སྟོན་བྱེད་བཞིན་ཡོད་ལ། རིམ་པས་འཛིན་གྲྭ་མཐོ་རུ་ཕྱིན་པ་དང་སློབ་ཚན་དེ་དག་ཨང་གྲངས་ཐོག་ནས་འཁྲིད་དགོས་སྟབས་སློབ་ཕྲུག་ལ་སློབ་ཚན་དེ་ལྐོག་གྱུར་ལྟ་བུ་ཆགས་ཀྱི་ཡོད་པས། དེ་ལས་དང་པོ་དམའ་རིམ་འཛིན་གྲྭ་ནས་ཁྲིད་ཆས་དང་དཔེ་རིས་ལམ་ནས་འཁྲིད་པ་ཡིན་ན་སློབ་ཕྲུག་གིས་སློབ་ཚན་ལ་གོ་བ་ལེན་ཐུབ་པ་མ་ཟད། སློབ་ཚན་ཁྲིད་སྟངས་དེས་སློབ་ཕྲུག་གི་སློབ་ཚན་ལ་གོ་བ་བརྟན་པོ་ཡོང་ཡོད་པ་རེད། ལྷག་པར་དུ་དམའ་རིམ་དགེ་རྒན་ཚོས་ཨང་རྩིས་སློབ་ཚན་འཁྲིད་སྐབས་ཁྲིད་ཆས་སྣ་ཚོགས་སྒྲིག་བཟོ་དགོས་པ་གལ་ཆེན་པོ་ཡིན་པ་དང་། ཨང་རྩིས་སློབ་ཚན་ལ་ཁྲིད་ཆས་ཉོས་དགོས་ན་གོང་ཆེན་པོ་དང་སློབ་ཕྲུག་གིས་བསམ་བློ་གཏོང་མི་ཤེས་པས། ཁྲིད་ཆས་རིགས་འཁྱེར་བ་དང་བོར་གཏོར་སོགས་ཡོང་གི་ཡོད་སྟབས། དེ་ལས་དགེ་རྒན་ཚོས་ཁྲིད་ཆས་རང་ངོས་ནས་བཟོས་པ་ཡིན་ན་ག་ཚོད་དགོས་པ་ཡིན་ནའང་བཟོ་ཐུབ་པ་དང་། ལྷག་པར་དུ་དམའ་རིམ་སློབ་ཕྲུག་ཚོར་གཙོ་བོ་སྡོམ་འཐེན་བསྒྱུར་བགོད་ཀྱི་རྩིས་ཕྲེང་བཞི་དེ་ཡིན་སྟབས། དགེ་རྒན་ཚོས་རྡོ་དང་ཅ་དངོས་རིགས་གཞན་སྒྲུག་ནས་བཟོས་པ་ཡིན་ན་ཧ་ཅང་སྟབས་བདེ་པོ་ཡོད་པ་རེད། ང་རང་གི་ངོས་ནས་དགེ་རྒན་ཚོར་ནམ་རྒྱུན་ཁྲིད་ཆས་དང་དཔེ་རིས་རིགས་བེད་སྤྱོད་གཏོང་དགོས་པ་དང་། རང་ངོས་ནས་སློབ་གྲྭ་ཁག་ལ་སྐོར་སྐྱོད་སྐབས་ཁྲིད་ཆས་རིགས་བཟོ་སྒྲུག་བྱེད་བཞིན་ཡོད་ལ། དེང་སང་གི་སློབ་ཕྲུག་དང་སྔོན་མའི་སློབ་ཕྲུག་བར་ལ་ཁྱད་པར་ཆེན་པོ་ཡོད་པ་དང་། སྔོན་མའི་སློབ་ཕྲུག་ཡིན་ན་སློབ་ཚན་ཁྲིད་སྐབས་སྐར་མ་ ༡༠ ནས་ ༡༥ བར་ཉན་ཐུབ་པའི་ནུས་པ་ཡོད་ན་ཡང་། དེང་སང་ཁོར་ཡུག་སོགས་ཀྱིས་ཡིན་ནམ་སློབ་ཁྲིད་ལ་ཉན་པའི་ནུས་པ་དེ་ཧ་ཅང་ཐུང་ཐུང་ཡིན་སྟབས། དགེ་རྒན་ཚོས་སློབ་ཁྲིད་བྱེད་དགོས་པ་དང་སློབ་ཚན་དེ་ཡང་སློབ་ཕྲུག་ཚོས་གསལ་བོ་ཤེས་ཐུབ་པ་ཞིག་ཡོང་དགོས་དུས། སློབ་ཕྲུག་གི་ཁམས་དང་བསྟུན་ནས་སློབ་ཁྲིད་བྱེད་དགོས་པ་དང་ལྷག་པར་དུ་བྱིས་པ་ཚོར་མཚོན་ན་ས་ཆ་གཅིག་ལ་བསྡད་དེ་དུས་ཚོད་ཡུན་རིང་པོར་ཉན་པའི་གཟོད་སྲན་མེད་སྟབས། དགེ་རྒན་ཚོས་ངེས་པར་དུ་རྩེད་མོ་དང་བྱེད་སྒོའི་ལམ་ནས་ཁྲིད་ཆས་དང་དཔེ་རིས་བེད་སྤྱོད་ཀྱིས་སློབ་མའི་སེམས་ཁམས་ལ་སློབ་ཚན་དེའི་གོ་དོན་གསལ་རྟོགས་ཐུབ་པ་བྱ་རྒྱུ་དགོས་པ་གལ་ཆེན་པོ་ཡིན་པ་དང་། བྱེད་སྒོ་འདྲ་མིན་སྤེལ་བ་ཡིན་ན་སློབ་ཕྲུག་ཚོས་རྩེད་མོ་རྩེ་ཡི་ཡོད་པའི་རྣམ་པའི་ཐོག་ནས་སློབ་ཚན་སྦྱོང་ཡོང་གི་ཡོད་པ་རེད། དམའ་རིམ་སློབ་གྲྭའི་སློབ་ཕྲུག་དེ་དག་ལ་ཚོར་ཤེས་ཧ་ཅང་རྣོ་བོ་ཡིན་སྟབས། ཁོ་ཚོར་རྩེད་མོ་དང་ཁྲིད་ཆས་དཔེ་རིས་སོགས་ཀྱི་ལམ་ནས་འཁྲིད་པ་ཡིན་ན། སློབ་ཕྲུག་ཚོས་ཅ་དངོས་དེ་དག་ལ་ལག་པ་འཆང་བ་ནས་ཚོར་ཤེས་ཀྱི་ལམ་ནས་སློབ་ཚན་གྱི་གོ་དོན་ལ་རྒྱུ་མཚན་ལྡན་པའི་བསམ་བློ་གཏོང་ཐུབ་པ་ཞིག་ཆགས་འགྲོ་བཞིན་ཡོད་པ་རེད།

དྲི་བ། ཨང་རྩིས་སློབ་ཚན་དེ་རིག་ཚན་ཧ་ཅང་གལ་ཆེན་པོ་ཞིག་ཡིན་ན་ཡང་། བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་ནང་བོད་རིགས་ཨང་རྩིས་མཁས་པ་ཧ་ཅང་དཀོན་པོ་ཡིན་པའི་སྐད་ཆ་དེ་ཡོངས་གྲགས་ལྟ་བུ་ཆགས་ཡོད་པ་རེད། དགེན་ལགས་ཀྱིས་དེའི་རྐྱེན་རྩ་དེ་ག་བར་ཐུག་ཡོད་པ་རེད་དགོངས་ཀྱི་འདུག

ལན། སྤྱིར་ན་ཨང་རྩིས་ཟེར་བ་དེ་ང་ཚོའི་སྤྱི་ཚོགས་ཙམ་མ་ཟད་རྒྱ་གར་སྤྱི་ཚོགས་དང་། འཛམ་གླིང་ཡོངས་སུ་ཧ་ཅང་དཀའ་ངལ་ཡོད་པ་ཞིག་ཏུ་ལྟ་བའི་བསམ་བློ་ཡོད་པ་དང་། ང་རང་གི་བསམ་ཚུལ་ལ་ང་ཚོའི་སྤྱི་ཚོགས་ནང་ཨང་རྩིས་ཆེད་མཁས་པ་དང་ཨང་རྩིས་ཐོག་མཐར་ཕྱིན་པ་དེ་འདྲ་མེད་པ་དེ་སྤྱིར་ན་ཨང་རྩིས་སློབ་ཚན་དེ་ལས་སླ་བོ་མེད་པ་དང་། ཨང་རྩིས་སློབ་ཚན་དེ་སློབ་ཚན་གཞན་ལྟར་ཀློག་ནས་གོ་བ་ལེན་ཐུབ་པ་ཙམ་གྱིས་མི་འགྲིག་པར་རྒྱུན་མཐུད་རྩིས་བཤེར་གྱིས་འགྲོ་དགོས་པ་ཞིག་ཡིན་སྟབས། བོད་པའི་སློབ་ཕྲུག་མང་པོར་ཨང་རྩིས་སློབ་ཚན་ལ་དགའ་ཞེན་དང་རྒྱུན་ལྡན་ཨང་རྩིས་སློབ་ཚན་རྩིས་བཤེར་གྱིས་འབད་བརྩོན་བྱེད་མཁན་ཧ་ཅང་དཀོན་པོ་འདུག གཉིས་ནས་དམའ་རིམ་སློབ་གྲྭ་ནས་ཨང་རྩིས་སློབ་ཚན་ལ་རྨང་གཞི་ཡག་པོ་མེད་པ་ཞིག་གིས་དེ་འདྲའི་གནས་སྟངས་ཡོང་གི་ཡོད་པ་དང་། གཞན་ང་ཚོའི་སྤྱི་ཚོགས་ནང་ཨང་རྩིས་ཟེར་དུས་དཀའ་ལས་ཁག་པོ་ཞིག་ཡིན་བསམ་པའི་ཀུན་སློང་དེས་ཨང་རྩིས་སློབ་ཚན་ལ་རང་བཞིན་གྱིས་མི་དགའ་བ་དང་ཨང་རྩིས་ལ་སྦྱོང་བ་བྱེད་མཁན་ཉུང་ཉུང་ཆགས་འགྲོ་ཡི་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་ང་ཚོའི་སྤྱི་ཚོགས་ནང་གཞི་རིམ་སློབ་གྲྭ་ཐོན་སྐབས་ཨང་རྩིས་སློབ་ཚན་ཡག་པོ་ཡོད་པའི་སློབ་ཕྲུག་ཡོད་ན་ཡང་། མཐོ་སློབ་དུ་བསླེབས་པ་དང་རང་བཞིན་གྱིས་ཁ་ཕྱོགས་གཞན་ཞིག་ལ་འཁོར་འགྲོ་བ་ཞིག་ཡོང་གི་ཡོད་པ་དང་། གཅིག་ནས་ཨང་རྩིས་སློབ་ཚན་སྦྱོང་བར་སློབ་ཡོན་ཆེན་པོ་ཡིན་པ་དང་སློབ་གྲྭ་ཡང་ཡག་པོ་དགོས་སྟབས་ཆ་རྐྱེན་སོགས་ཀྱིས་དཀའ་ངལ་འཕྲད་ཀྱི་མེད་དམ་བསམ་གྱི་འདུག གཞན་ཞིག་ནས་ཨང་རྩིས་སློབ་ཚན་སྦྱང་བ་ཡིན་ན་མ་འོངས་པར་བོད་པའི་སྤྱི་ཚོགས་ནང་ཨང་རྩིས་སྦྱངས་ནས་ལས་ཀ་འདི་ལྟ་བུ་ཞིག་བྱ་རྒྱུ་ཡིན་བསམ་པའི་དམིགས་ཡུལ་ཡོད་ན་ཡང་། བོད་པའི་སྤྱི་ཚོགས་ལ་ཨང་རྩིས་ཐད་ཕྱག་ལས་རྒྱ་ཆེན་པོ་དེ་འདྲ་གནང་ས་མེད་པ་ཡིས་ཨེ་ཡིན་ནམ་བསམ་པའི་དོགས་པ་ཡོང་གི་འདུག

དྲི་བ། དེང་སང་ང་ཚོའི་སྤྱི་ཚོགས་ནང་ཨང་རྩིས་སློབ་ཚན་ལ་དགའ་བོ་ཡོད་ཟེར་མཁན་སློབ་ཕྲུག་གང་འཚམ་ཡོད་པར་བརྟེན། ཨང་རྩིས་ལ་དགའ་བའི་སློབ་ཕྲུག་ཅིག་གིས་སོ་སོའི་དགའ་མོས་བྱེད་སའི་སློབ་ཚན་དེ་དཔྱིས་ཕྱིན་པ་ཞིག་སྦྱོང་ཐུབ་པར་ཐབས་ལམ་ག་རེ་འདོན་གལ་ཆེན་པོ་གཟིགས་ཀྱི་འདུག

ལན། སྤྱིར་ཨང་རྩིས་སློབ་ཚན་ཐོག་ཡག་པོ་ཡོད་པ་དང་སློབ་ཕྲུག་རིག་པ་དང་སྤྱང་གྲུང་ལྡན་པ་དེ་འདྲ་ཡོང་གི་ཡོད་པ་རེད་དེ། སློབ་གྲྭའི་སྐབས་ཡག་པོ་ཡོད་ན་ཡང་གནས་སྐབས་ནས་བརླག་འགྲོ་བ་ཞིག་ཡོང་གི་ཡོད་སྟབས། དེ་དག་གིས་མུ་མཐུད་ཨང་རྩིས་ཐོག་སྦྱོང་བ་བྱེད་ཐབས་སུ་དགེ་རྒན་དང་མདུན་ལམ་ཚན་པ་སོགས་ཀྱིས་སློབ་སྟོན་གནང་རྒྱུ་གལ་ཆེན་པོ་རེད་ལ། གནད་དོན་གཙོ་བོ་སློབ་ཕྲུག་ཨང་རྩིས་ལ་དགའ་མོས་ཡོད་མཁན་ཚོ་རྒྱུན་མཐུད་ཨང་རྩིས་སློབ་ཚན་ལ་དགའ་མོས་ཡོད་པར་སློབ་སྟོན་དང་བདག་སྐྱོང་དགོས་རྒྱུ་གལ་ཆེན་པོ་རེད། གོང་དུ་བཤད་པ་ལྟར་ཨང་རྩིས་ཟེར་བ་དེ་དུས་ནས་དུས་སུ་སྦྱང་བ་བྱས་ཏེ་མ་ཡོང་ན་རྩིས་གཞི་ཙམ་རྩིས་ནས་ཤེས་སོང་བསམ་པ་ཙམ་གྱིས་ཡོང་གི་མེད་པ་རེད། དེ་བཞིན་བོད་པའི་སྤྱི་ཚོགས་ནང་དངོས་ནས་ཨང་རྩིས་ཆེད་མཁས་པ་དེ་འདྲ་གསོ་སྐྱོང་བྱ་དགོས་ན། སློབ་ཕྲུག་ཚོ་མཐོ་སློབ་ཡག་པོ་ལ་གཏོང་བ་དང་ཨང་རྩིས་ཆེད་མཁས་མི་སྣ་དེ་འདྲ་ངོ་སྤྲོད་དང་། མ་འོངས་པའི་ཕུགས་རྒྱང་རིང་པོར་བསམ་བློ་བཏང་ནས་སློབ་ཕྲུག་ཚོར་མཐོ་སློབ་ཡག་པོ་ལ་འགྲོ་ཐབས་སུ་སློབ་ཡོན་ཡག་པོ་སྤྲོད་པ་སོགས། ཕུགས་རྒྱང་རིང་བོའི་བསམ་བློ་བཏང་སྟེ་ཨང་རྩིས་ཆེད་མཁས་པ་གསོ་སྐྱོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

དྲི་བ། ཁྱེད་ཀྱིས་འདས་པའི་ཉམས་མྱོང་གཞིར་བཟུང་མ་འོངས་པར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ནང་ཨང་རྩིས་གཙོ་བོར་གྱུར་བའི་སློབ་ཁྲིད་ཐབས་ལམ་སྤྱི་ལ་བསྐྱར་ཞིབ་དང་བསྒྱུར་བཅོས་དགོས་པ་ཞིག་གཟིགས་ཀྱི་ཡོད་འདུག་གམ།

ལན།  སྤྱིར་ན་ང་ཚོའི་ཤེས་ཡོན་སྡེ་ཁག་གིས་ད་ལྟ་བར་ཞིབ་འཇུག་སོགས་གང་ཡང་མེད་པའི་ཐོག་ནས་སློབ་ཁྲིད་ཅིག་བྱས་ཏེ་འགྲོ་བསྡད་ཡོད་དུས། འཐུས་ཤོར་ག་ནས་འགྲོ་བཞིན་ཡོད་པ་དང་སློབ་ཁྲིད་སོགས་ལ་བསྐྱར་ཞིབ་དགོས་པ་ག་རེ་འདུག་ཤེས་ཀྱི་མེད་སྟབས། འབྲེལ་ཡོད་ཚན་པ་ཚོས་ཞིབ་འཇུག་ཡག་པོ་ཞིག་བྱས་ཏེ་སྐྱོན་ཆ་དང་ནོར་འཁྲུལ་གང་དུ་འདུག་ཤེས་པའི་ཐོག་ནས་དགེ་རྒན་ཚོས་སློབ་ཁྲིད་ཐུབ་ན་བསམ་གྱི་འདུག དཔེར་ན་སློབ་ཚན་ཁྲིད་སྟངས་དེ་འགྱུར་བ་འགྲོ་བཞིན་ཡོད་དུས་སྔོན་མའི་སློབ་ཚན་ཁྲིད་སྟངས་སོགས་ནོར་འཁྲུལ་ཡིན་པ་མཐོང་བ་དང་།དགེ་རྒན་ཚོས་ཧུར་ཐག་གིས་སློབ་ཁྲིད་བྱེད་བཞིན་ཡོད་ན་ཡང་། སློབ་ཁྲིད་བྱེད་སྟངས་དེས་སློབ་ཕྲུག་ལ་ཕན་ཐོགས་མ་བྱུང་བ་དང་སློབ་མའི་སེམས་ཁམས་དང་བསྟུན་པའི་སློབ་ཚན་ལ་གོ་བ་གསལ་བོ་ཅན་ཞིག་འཁྲིད་མ་ཐུབ་པ་ཡིན་ན། དགེ་རྒན་དང་སློབ་མ་ཚང་མའི་དུས་ཚོད་འཕྲོ་བརླག་ལྟ་བུ་ཡིན་པ་དང་། ང་རང་གིས་འདས་པའི་ལོ་ངོ་ ༣༤ རིང་བོད་ཁྱིམ་སློབ་གྲྭའི་དམའ་རིམ་འཛིན་གྲྭའི་དགེ་རྒན་བྱས་པའི་ཉམས་མྱོང་གཞིར་བཞག་ནས་ང་རང་གི་བསམ་ཚུལ་ཙམ་བརྗོད་ན། བོད་པའི་སློབ་ཕྲུག་དེ་ཚོ་སྤྱི་ཡོངས་ནས་རིག་པ་མེད་པ་དང་། སློབ་སྦྱོང་ལ་མི་དགའ་བ་དེ་འདྲ་གཏན་ནས་རེད་མི་འདུག དེ་བས་ཨང་རྩིས་སློབ་ཚན་ལ་མི་དགའ་བའི་ནོར་འཁྲུལ་དེ་གང་ནས་ཤོར་བཞིན་འདུག་དེ་དག་ཚང་མའི་ཐད་ཞིབ་འཇུག་ཡག་པོ་ཞིག་བྱེད་ཐུབ་ན་བྱ་རྒྱུ་ཡོད་པ་རེད་བསམ་གྱི་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese