མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་མེང་ལོར་དུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༡༩/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལྷོ་ཕྱོགས་མེང་ལོར་གྲོང་ཁྱེར་ནང་འཚོགས་གཏན་འཁེལ་བའི་རྒྱ་གར་རྒྱལ་ཡོངས་ཁཱ་ཐོ་ལའེ་ཁུ་སློབ་གྲྭའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུགདེ་རིང་རྒྱ་གར་ལྷོ་ཕྱོགས་མེང་ལོར་(Mangalore)ཌེ་ཇི་ཝོར་ཌི་(daijiworld)གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་་རྒྱ་གར་རྒྱལ་ས་ལྡི་ལི་ནས་ཆིབས་ཐོན་མཛད་དེ་ལྷོ་ཕྱོགས་མེང་ལོར་གྲོང་ཁྱེར་ནང་ཕེབས་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༣༠ ཉིན་རྒྱ་གར་རྒྱལ་ཡོངས་ཁཱ་ཐོ་ལའེ་ཁུ་མཐོ་སློབ་མཐུན་ཚོགས་(All India Association of Catholic Schools)ཀྱི་ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོའི་སྟེང་ཆིབས་བསྒྱུར་བཀའ་དྲིན་བསྐྱང་འཆར་ཡོད་འདུག

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་སུ་རྒྱ་གར་ལྷོ་ཕྱོགས་ན་མཛད་འཆར་གཞན་ཡོད་མེད་དྲིས་པར་ཁོང་གིས། ཕྱི་ཚེས་ ༣༠ ཉིན་གྱི་སྔ་དྲོར་མེང་ལོར་གྱི་བོད་རིགས་སློབ་གཉེར་བ་ཚོར་མཇལ་ཁ་བཀའ་སློབ་གནང་རྒྱུ་ཡིན་སྐོར་བརྗོད་བྱུང་།

གཞན་ཡང་། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་རྒྱ་གར་དུས་བབ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ཞིག་གི་ནང་། འདི་ལོའི་ཕྱི་ཟླ་ ༡༡ པའི་ནང་སིག་ཆོས་ལུགས་ཀྱི་སྲོལ་འབྱེད་པ་ཆེན་མོ་གུ་རུ་ནཱ་ཎག་ (Guru Nanak)མཆོག་འཁྲུངས་ནས་ལོ་ངོ་ ༥༥༠ འཁོར་པའི་རྗེས་དྲན་མཛད་སྒོ་རྒྱ་ཆེན་པོ་ཞིག་འཚོགས་འཆར་ཡོད་པ་དང་། མཛད་སྒོ་དེའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། ཡེ་ཤུའི་ཆོས་དཔོན་ཕོབ་ཧྥ་རན་སིས་ (Pope Francis)མཆོག དེ་བཞིན་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་སོགས་གདན་འདྲེན་ཞུ་འཆར་ཡོད་སྐོར་བརྗོད་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སྐུ་ངོ་བྲེ་སང་ཚེ་རིང་ལགས་སུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྗེས་དྲན་མཛད་སྒོ་དེའི་ཐོག་ཕེབས་འཆར་ཡོད་མེད་བཀའ་འདྲི་ཞུས་པར། གནས་ཚུལ་དེ་སྐུ་མདུན་ལ་ཐད་ཀར་ཞུས་ཡོད་ན་མ་གཏོགས་ད་ལྟའི་ཆར་ཡིག་ཚང་ལ་ཞུས་མེད་སྐོར་གསུངས་བྱུང་།

དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་ཐོག་བཀོད་པའི་མཛད་རིམ་ལྟར་ན། ཕྱི་ཟླ་ ༩ ཚེས་ ༤ ནས་ ༦ ཉིན་གསུམ་རིང་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཧིན་རྡུ་ཉི་ཤི་ཡ་དང་། ལྷོ་ཀོ་རི་ཡ། མ་ལ་ཤི་ཡ། སིངྒ་པུར།  ཐའེ་ལན་ཌི། ཝེ་ཐི་ནམ་སོགས་ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་དད་ལྡན་ཆོས་ཞུ་བ་ཚོར་ཆོས་འབྲེལ་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག་ལ། ཕྱི་ ཚེས་ ༡༣་ཉིན་ཚོགས་པ་ལྔ་ནས་བརྟན་བཞུགས་བསྟར་འབུལ་ཞུ་འཆར་ཡོད་འདུག

 གསར་འགོད་པ། ཀླུ་མགོན་ཐར།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist