མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསོད་རྒྱལ་རིན་པོ་ཆེ་སྐུ་གྲོངས།

བོད་ཀྱི་དུས་བབ།
༢༠༡༩/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

རིག་པ་ཆོས་ཚོགས་ཀྱི་དབུ་འཛིན་བསོད་རྒྱལ་རིན་པོ་ཆེ་སྙུང་གཞིའི་རྐྱེན་གྱིས་ཐའེ་ཝན་ཌའི་ནང་གློ་བུར་སྐུ་གྲོངས་ཡོད་འདུགདེ་རིང་ཐའེ་ལན་ཌིའི་ཉིན་གུང་ཆུ་ཚོད་ ༡ པོའི་སྟེང་། རིག་པ་ཆོས་ཚོགས་ཀྱི་དབུ་འཛིན་བསོད་རྒྱལ་རིན་པོ་ཆེ་གློ་བུར་སྐུ་གྲོངས་ཡོད་པ་དང་། རིན་པོ་ཆེའི་མདུན་འདུག་རྗག་ཁི་ལི་(Jacki Lee)ཞེས་པ་ཞིག་གིས་བསོད་རྒྱལ་རིན་པོ་ཆེ་སྐུ་སྒེར་གྱི་ངོ་དེབ་སྟེང་། ངས་ཁྱེད་ཚོར་ཧ་ཅང་ཡིད་སྐྱོ་བའི་གནས་ཚུལ་ཞིག་ཞུ་རྒྱུར། དེ་རིང་ཐའེ་ལན་ཌིའི་ཉིན་རྒྱབ་ཆུ་ཚོད་ ༡ ཙམ་ལ། བསོད་རྒྱལ་རིན་པོ་ཆེའི་འཕྲོད་བཞེས་ཇེ་སྡུག་ཏུ་སོང་སྟེ་གློ་རྩ་འགག་(Pulmonary embolism)ཏེ་ཞིང་དུ་གཤེགས་སོང་། སྨན་པས་ཐབས་བྱུས་ཡོད་ཚད་བྱས་ཀྱང་ཕན་འབྲས་མ་བྱུང་། ཞེས་དང་། ད་ལྟའི་ཆར་རིན་པོ་ཆེ་ཐུགས་དམ་དུ་བཞུགས་ཡོད་པ་དང་། དད་ལྡན་སློབ་འབངས་རྣམས་ཀྱིས་རྡོ་རྗེ་སེམས་དཔའ་དང་ཡིག་བརྒྱ་མ་སོགས་ལ་ཐུགས་གནང་དགོས་སྐོར་བརྗོད་འདུག

བསོད་རྒྱལ་རིན་པོ་ཆེ་ནི་ཕྱི་ལོ་ ༡༩༤༧ ལོར་བོད་དཀར་མཛེས་ཁུལ་གྱི་ཏྲེ་ཧོར་ལྭ་དཀར་ཞེས་པའི་ཁྱིམ་ཚང་དུ་སྐུ་འཁྲུངས་ཤིང་། འཇམ་དབྱངས་མཁྱེན་བརྩེ་བློ་གྲོས་རིན་པོ་ཆེ་མཆོག་གིས་གཏེར་སྟོན་བསོད་རྒྱལ་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གནང་ཡོད་པ་དང་། སྐུ་ན་ཆུང་དུས་ནས་སྡེ་དགེའི་རྫོང་སར་དགོན་དུ་ཞུགས་ཏེ་སྔོན་འགྲོའི་གསན་བསམ་གནང་ཡོད་པ་དང་། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རིན་པོ་ཆེ་དང་དིལ་མགོ་མཁྱེན་བརྩེའི་རིན་པོ་ཆེ། དེ་བཞིན། སྨྱོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེ་མཆོག་སོགས་བོད་ཀྱི་བླ་ཆེན་དུ་མའི་དྲུང་ནས་་ཐོས་བསམ་སྒོམ་གསུམ་གྱི་བསླབ་པ་སློབ་གཉེར་གནང་། རྒྱ་གར་ནང་ཕེབས་རྗེས་ཀ་ལིམ་ཕུང་གི་ཡེ་ཤུའི་སློབ་གྲྭ་དང་ལྡི་ལི་གཙུག་ལག་སློབ་གཉེར་ཁང་ནང་སློབ་གཉེར་གནང་། ཕྱི་ལོ་ ༡༩༧༡ ལོར་དབྱིན་ཡུལ་གྱི་ཀེམ་པི་རི་ཇི་གཙུག་ལག་སློབ་གྲྭའི་ཊི་རིན་ནི་ཊེ་(Trinity)མཐོ་སློབ་ནང་སློབ་གཉེར་གནང་ཡོད་འདུག ཕྱི་ལོ་ ༡༩༧༣ ལོར་བསོད་རྒྱལ་རིན་པོ་ཆེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཨི་ཊ་ལིའི་ནང་ཆེས་ཐོག་མར་ཆིབས་བསྒྱུར་གོ་སྒྲིག་ཞུས་ཏེ། སྐབས་དེའི་ཡེ་ཤུ་ཆོས་དཔོན་ཨན་ཊོ་ནེ་མ་རེ་ཡ་མོན་ཊི་ནེ་མཆོག་དང་མཇལ་འཕྲད་མཛད་ཡོད་འདུག

ཕྱི་ལོ་ ༡༩༧༤ ལོ་ནས་བསོད་རྒྱལ་རིན་པོ་ཆེས་་དབྱིན་ཡུལ་དུ་ནང་ཆོས་སློབ་ཁྲིད་དབུ་འཛུགས་གནང་སྟེ་ཨོ་རྒྱན་ཆོས་གླིང་བཙུགས་ཡོད་པ་དང་།   ཕྱི་ལོ་ ༡༩༧༨ ལོར་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རིན་པོ་ཆེ་ཡིས་ཁོང་གི་ནང་པའི་ཆོས་ཚོགས་ཁག་བསོད་རྒྱལ་རིན་པོ་ཆེར་རྩིས་སྤྲོད་གནང་། ད་ལྟའི་ཆར་རིག་པ་ཆོས་ཚོགས་ཀྱི་ཁོངས་སུ་འཛམ་གླིང་རྒྱལ་ཁབ་ ༢༣  ནང་ཆོས་ཚོགས་ ༡༠༠ ལྷག་ཡོད་འདུག་ལ། རིན་པོ་ཆེས་ནང་ཆོས་དང་འབྲེལ་བའི་དཔེ་དེབ་མང་པོ་འབྲི་རྩོམ་གནང་ཡོད་པའི་ཁྲོད་ནས་བོད་ཀྱི་སྐྱེ་འཆིའི་སྐོར་གྱི་དེབ་(The Tibetan Book of Living and Dying)ཞེས་པ་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆེན་པོ་ཆགས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༢༡ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༢༤ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

མཆན། 1

  1. བཙན་པའི་བུ་རྒྱུད། says:
    ལོ་ 7 སྔོན།

    ནང་ཆོས་ཀྱི་གྱོང་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese