མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེམས་ཤུགས་མ་ཆགས་པར་བརྩོན་འགྲུས་བྱས་པ་ཡིན་ན་མི་ཐུབ་པ་གང་ཡང་མེད།

བོད་ཀྱི་དུས་བབ།
༢༠༡༩/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp

ན་གཞོན་ནུས་སྟོབས་གོང་འཕེལ་གྱི་ཟབ་སྦྱོང་ཐེངས་དང་པོའི་ཐོག་བོད་མིའི་ས་གནས་ཁག་ ༡༡ ནས་ན་གཞོན་གྲངས་ ༡༧ མཉམ་ཞུགས་གནང་འདུག

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཞི་བདེ་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ན་གཞོན་རོགས་སྐྱོར་ཚན་པ་དང་བོད་མིའི་མདུན་ལམ་ལམ་སྟོན་ལྟེ་གནས་ཁང་གི་གཉིས་ཀྱི་གོ་སྒྲིག་འོག བདུན་ཕྲག་གཅིག་རིང་གི་ན་གཞོན་ནུས་སྟོབས་གོང་འཕེལ་ཟབ་སྦྱོང་ཐེངས་དང་པོ་དབུ་འཛུགས་གནང་སོང་བ་དང་། མཛད་སྒོའི་སྟེང་ནང་སྲིད་དྲུང་ཆེ་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱི་གཙོའི་ཟབ་སྦྱོང་སྤྲོད་མཁན་རྒྱ་གར་བྷིང་ལོར་ནས་ཆེད་དུ་གདན་ཞུ་གནང་བའི་རྒྱ་གར་བ་གཉིས། དེ་བཞིན་བོད་མིའི་ས་གནས་ཁག་ ༡༡ ནས་ན་གཞོན་གྲངས་ ༡༧ བཅས་ཁྱོན་མི་གྲངས་ ༣༠ ཙམ་འཛོམས་འདུག

མཛད་སྒོའི་ཐོག་མར་ནང་སྲིད་ན་གཞོན་རོགས་སྐྱོར་ཚན་པའི་འགན་འཛིན་ཐུབ་བསྟན་རིག་འཛིན་ལགས་ནས་ཟབ་སྦྱོང་གི་དམིགས་ཡུལ་སོགས་ངོ་སྤྲོད་གནང་དོན། ན་གཞོན་ནུས་སྟོབས་གོང་འཕེལ་གྱི་ཟབ་སྦྱོང་ཚོགས་པའི་དགོས་དམིགས་གཙོ་བོ་དེ། བོད་མི་ན་གཞོན་ཚོར་མི་ཚེའི་ནང་བཟང་ཕྱོགས་ཀྱི་འགྱུར་བ་དང་ཁ་ཕྱོགས་སྟོན་ཐབས་རང་ལ་དམིགས་པ་ཞིག་ཡིན་པ་དང་། མི་ཚེའི་ནང་གནད་དོན་ག་རེ་ཡིན་ན་ཡང་བྱུང་སྲིད་པ་དང་འགྱུར་བ་འགྲོ་སྲིད་པ་ཞིག་ཡིན་སྟབས། གནས་སྟངས་དང་མཐུན་པའི་སྒང་ནས་འགྱུར་བ་དེ་དག་དང་མཉམ་དུ་མི་ཚེའི་ཁ་ཕྱོགས་ཡག་པོ་ཞིག་ལ་འགྲོ་ཐུབ་པ་དང་གདོང་ལེན་ཐུབ་པ་སོགས་ཀྱི་སྒང་ལ་ཆེད་དམིགས་ཟབ་སྦྱོང་སྤྲོད་རྒྱུ་དང་། དེ་བཞིན་ཟབ་སྦྱོང་སྤྲོད་མཁན་གཉིས་ཀྱིས་མཉམ་ཞུགས་པ་ཚོར་ཟབ་སྦྱོང་སྤྲོད་ཞོར་དང་ལྷན་དུ་ཁོ་ཚོའི་འཇོན་ནུས་དང་མཉམ་ཞུགས་གནང་སྟངས། མི་ཚེའི་རྒྱབ་ལྗོངས་སོགས་ལ་རྒྱུས་ལོན་གྱིས་ཟབ་སྦྱོང་ཉིན་མཐའ་མ་དེར་ཁོ་ཚོ་མི་རེའི་མི་ཚེའི་དམིགས་ཡུལ་དང་འཆར་གཞི་ག་རེ་ཡོད་སོགས་རག་ཟིན་ཞིག་བཟོ་རྒྱུར་གྲ་སྒྲིག་ཡོད་སྐོར་བརྗོད་སོང་།

ཡང་ཁོང་གིས། ཐེངས་འདིར་ཟབ་སྦྱོང་ནང་ཞུགས་མཁན་ཚོར་མཚོན་ན། མི་ཚེའི་ནང་མདུན་ལམ་དང་ལས་དོན་ཕྱོགས་ལ་གོམ་པ་ག་འདྲ་ཞིག་རྒྱག་དགོས་པ་དེ་དག་ཐད་གསལ་བོ་མེད་པ་དང་། མི་ཚེའི་མདུན་ལམ་ཐད་རོགས་སྐྱོར་དང་མཐུན་སྦྱོར་ཞིག་དགོས་པ་དང་། གོམ་པ་རྒྱག་པར་དམིགས་ཡུལ་དང་ལམ་ཁ་གསལ་བོ་མེད་པ་ཞིག་གི་ཐོག་ནས་ཟབ་སྦྱོང་འདིར་མཉམ་ཞུགས་བྱས་པར་ངོས་འཛིན་བྱེད་བཞིན་ཡོད་ལ། ཟབ་སྦྱོང་འདི་ལ་མཚོན་ན། གློ་བུར་དྲན་ནས་གོ་སྒྲིག་གནང་བ་ཞིག་མིན་པར་མདུན་ལམ་སློབ་སྟོན་ཁང་ལ་མདུན་ལམ་ལམ་སྟོན་པ་གཉིས་ཡོད་པ་ལྟར། ལོ་ལྟར་ཁོང་གཉིས་བོད་མི་འདུས་སྡོད་ཀྱི་ས་གནས་བཅུ་ལྷག་ལ་ཕྱིན་ནས་ན་གཞོན་ཚོས་མདུན་ལམ་སློབ་སྟོན་དང་། ཕ་མ་ཚོས་རང་གི་བུ་ཕྲུག་ལ་སྲུང་སྐྱོབ་ག་འདྲ་བྱེད་དགོས་པ་དང་། ན་གཞོན་ཚོར་ལས་ཀའི་གོ་སྐབས་ག་རེ་ཡོད་སོགས་ལ་གོ་རྟོགས་སྤེལ་སྐབས། ས་གནས་དེ་དག་གི་མི་མང་དང་གཞོན་སྐྱེས་ཚོས་ན་གཞོན་མདུན་ལམ་ལམ་སྟོན་གྱི་ཟབ་སྦྱོང་རེ་ཚོགས་ཐུབ་པ་ཡིན་ན་ཡག་པོ་འདུག་ཅེས་བསམ་ཚུལ་ཤུགས་ཆེན་ཡོང་གི་ཡོད་སྟབས། ཆེད་དམིགས་ཟབ་སྦྱོང་འདི་ལྟ་བུ་གོ་སྒྲིག་བྱས་པ་རེད། ཅེས་བརྗོད་སོང་།

དེའི་རྗེས་མཉམ་ཞུགས་གནང་མཁན་ཚོས་རང་ཉིད་ངོ་སྤྲོད་དང་འབྲེལ་མི་ཚེའི་ལོ་རྒྱུས་རྒྱབ་ལྗོངས་སོགས་ཀྱི་སྐོར་་ཞུས་སོང་།  མཉམ་ཞུགས་པ་མང་ཆེ་བ་བོད་མི་འདུས་སྡོད་ཀྱི་གཞིས་ཆགས་ཁག་ནས་ཕེབས་པ་ཡིན་པ་དང་། མཉམ་ཞུགས་གནང་མཁན་ཁྲོད་མཐོ་སློབ་འགྲིམས་ཚར་བ་དང་མཐོ་སློབ་ལ་འགྲོ་མ་ཐུབ་པར་སློབ་སྦྱོང་མཚམས་བཞག་ཡོད་མཁན། དེ་བཞིན་ནད་དང་ན་ཚ་སོགས་ཀྱིས་འཛིན་གྲྭ་བཅུ་གཉིས་ཐོན་རྗེས་སློབ་གྲྭར་འགྲོ་མ་ཐུབ་མཁན་ཡོད་པ་མ་ཟད། མཐོ་སློབ་ཀྱི་སློབ་སྦྱོང་སོགས་ཚར་ཡོད་ན་ཡང་ལས་ཀ་ག་རེ་གཉེར་དགོས་པ་དང་། རང་གི་དམིགས་ཡུལ་དང་མཐུན་པའི་ལས་དོན་བསྒྲུབས་མ་ཐུབ་པར་ལྷག་ཡོད་པ། སློབ་གྲྭར་འགྲོ་མཚམས་བཞག་ནས་ཚོང་ལས་གཉེར་འདུག་མཁན་སོགས་ཡོད་པ་དང་། ཁོ་ཚོ་མང་ཆེ་བས་ཟབ་སྦྱོང་འདི་དང་འབྲེལ་རང་གི་མདུན་ལམ་ཐད་སྔར་ནས་གསལ་ཁ་ཡོང་བ་དང་གོམ་པ་གང་ལ་སྤོས་དགོས་མིན་སོགས་ཀྱི་དམིགས་ཡུལ་ངེས་བརྟན་ཞིག་ཆགས་ཐུབ་པའི་རེ་བ་ཡོད་སྐོར་བརྗོད་སོང་།

མཇུག་ཏུ་ནང་སྲིད་དྲུང་ཆེ་ལགས་ནས་ཟབ་སྦྱོང་ནང་ཞུགས་མཁན་ཚོར་འཚམས་འདྲི་དང་འབྲེལ། ནང་སྲིད་ལས་ཁུངས་ཀྱི་ལས་འགན་གཙོ་བོ་བོད་མིའི་སྤྱི་ཚོགས་གང་དུ་ཡིན་ཡང་། བོད་མི་ན་གཞོན་ཚོར་སྐྱེད་སྲིང་ཡག་པོ་ག་འདྲ་བྱེད་དགོས་པ་དང་བོད་མི་ཚོའི་འཚོ་བའི་ཐབས་ལམ་ཡག་པོ་བྱུང་ཐབས་ག་འདྲ་ཡོད་པ། དམིགས་བསལ་གཞོན་སྐྱེས་ཚོར་ལམ་སྟོན་དང་མདུན་ལམ་སྟོན་ཐུབ་པ་ག་རེ་ཡོད་པ་དང་། དཀའ་ངལ་ཡོད་པ་ཚོའི་དཀའ་ངལ་དེ་དག་ག་འདྲ་བྱས་ཏེ་སེལ་དགོས་པ། གཞན་བོད་མི་འདུས་སྡོད་གཞིས་ཆགས་ཁག་གི་སོ་ནམ་ཞིང་ལས་དང་མཉམ་འབྲེལ། རྒས་ཁོག་ལྟ་སྐྱོང་སོགས་སྐབས་སུ་བབས་པའི་ལས་དོན་དེ་དག་ཆགས་ཡོད་སྟབས། དེ་རིང་གི་ན་གཞོན་ནུས་སྟོབས་གོང་འཕེལ་གྱི་ཟབ་སྦྱོང་དེ་ཡང་ཆེད་དམིགས་ན་གཞོན་ཚོའི་མདུན་ལམ་ཆེད་དུ་ཡིན་སྐོར་བརྗོད་སོང་།

གཞན་ཡང་ཁོང་གིས་ཐེངས་འདིར་ཟབ་སྦྱོང་ནང་ཞུགས་མཁན་མང་ཆེ་བ་སློབ་སྦྱོང་གང་ལ་གང་འཚམ་བྱས་མྱོང་མཁན་རྐྱང་རྐྱང་ཡིན་པ་དང་། ཁྱེར་རང་ཚོར་སློབ་སྦྱོང་གི་རྨང་གཞི་ཡོད་ན་ཡང་། ག་འདྲ་བྱས་ཏེ་བསམ་བློ་གཏོང་དགོས་པ་སོགས་ལ་ལམ་སྟོན་གྱིས་མ་འདང་བར་ལྷག་ཡོད་པ་ཞིག་ཡིན་པ་དང་། དེ་དག་གི་ཐད་ཁྱེད་རང་ཚོར་དམིགས་ཡུལ་ག་རེ་ཡོད་པ་གཞིར་བཟུང་གནད་ལ་ཁེལ་བའི་ལམ་སྟོན་ཞིག་ཐུབ་པར་གོ་སྒྲིག་བྱས་པ་ཡོད་པ་དང་། འདིར་ཆེད་དུ་ཟབ་སྦྱོང་སྤྲོད་མཁན་ཆེད་ལས་པ་གཉིས་གདན་ཞུ་ཞུས་ཡོད་པ་ལྟར། ཁོང་རང་གཉིས་ཀྱིས་ཁྱེད་ཚོའི་བསམ་བློའི་ནང་ག་རེ་ཡོད་པ་བཞིན་ཏག་ཏག་ལམ་སྟོན་གནང་ཐུབ་པའི་ཡིད་ཆེས་བྱེད་བཞིན་ཡོད། ཡིན་ན་ཡང་། གལ་ཆེ་ཤོས་མིའི་ཚེའི་ནང་ལས་དོན་ག་རེ་བྱེད་བསམ་ན་རྣམ་གྲངས་དཔེ་མང་པོ་ཡོད་པ་དང་། ལས་དོན་ག་རེ་བདམས་པ་ཡིན་ནའང་བློ་རྩེ་གཅིག་ཏུ་གཏད་ནས་དེ་ག་རང་གི་སྒང་ལ་མདུན་སྐྱོད་བྱས་པ་ཡིན་ན། ལས་ཀ་ག་རེ་ཡིན་ནའང་མི་འགྲུབ་པ་ཞིག་མེད་པ་དང་། གཞན་ཟབ་སྦྱོང་ནང་ཞུགས་མཁན་ཚོས་ལས་ཀ་མ་རག་པ་དང་རང་ཉིད་ལ་ནུས་པ་མི་འདུག་བསམ་ནས་སེམས་ཤུགས་ཆགས་རྒྱུ་མེད་པར་བརྩོན་འགྲུས་བྱས་པ་ཡིན་ན་མི་ཐུབ་པ་གང་ཡང་མེད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༥ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༧ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 7 སྔོན།

    ཟབ་སྦྱོངས་ནང་མཉམ་ཞུགས་གནང་མཁན་གྱིས་མི་འགྲོ་ག་འདྲ་བྱས་ནས་བསྡུས་པ་
    རེད་ལ་མི་མང་ལ་བརྡ་ཁྱབ་ག་དུས་བཏང་བ་རེད་རྒྱུད་ལམ་ག་འདྲ་རྒྱུད་ནས་བརྡ་ཁྱབ་
    བཏང་བ་རེད་ས་ཁུལ་ཆ་བགོས་རེད་དམ་བོད་མིའི་གཞིས་ཆགས་ཚང་མ་རེད་འདི་སྐོར་
    འབྲེལ་ཡོད་འགན་འཁུར་ལས་བྱེད་ནས་གསལ་བཤད་ཡོང་བ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese