མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ནང་འགྲིམ་འགྲུལ་སྒྲིག་ཁྲིམས་གསར་པ་ཞིག་ལག་བསྟར་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༡༩/༠༩/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཟླ་རྗེས་མའི་ནང་ནས་བཟུང་ཧི་མ་ཅལ་ནང་འགྲིམ་འགྲུལ་སྒྲིག་ཁྲིམས་གསར་པ་དེ་ལག་བསྟར་གནང་འཆར་འདུག

ཟླ་འདིའི་ཟླ་མགོ་ཙམ་ནས་བཟུང་རྒྱ་གར་དབུས་གཞུང་གིས། རྒྱ་གར་ནང་ལོ་རེར་འགྲིམ་འགྲུལ་དོན་རྐྱེན་མང་པོ་ཡོང་གི་ཡོད་པའི་དཀའ་རྙོག་སེལ་སླད། འགྲིམ་འགྲུལ་གྱི་སྒྲིག་ཁྲིམས་དམ་པོ་ཞིག་གསར་དུ་བཟོས་ཡོད་པ་དངོས་སུ་ལག་བསྟར་བྱེད་མགོ་བརྩམས་ཡོད་པ་དང་། དེ་རིང་འདི་གའི་གསར་འགོད་པ་དྷ་རམ་ས་ལའི་ཉེན་རྟོག་ལས་ཁུངས་སུ་ཕྱིན་ཏེ། འགྲིམ་འགྲུལ་གྱི་སྒྲིག་ཁྲིམས་གསར་པ་དེ་ཧི་མ་ཅལ་ནང་ལག་བསྟར་གནང་བཞིན་ཡོད་མེད་དྲིས་ཏེ་རྒྱུས་ལོན་བྱུང་བ་ལྟར་ན། འགྲིམ་འགྲུལ་གྱི་སྒྲིག་ཁྲིམས་གསར་པ་དེ་ཟླ་རྗེས་མ་ནས་ཧི་མ་ཅལ་ནང་དངོས་སུ་ལག་བསྟར་གནང་འཆར་ཡོད་པ་དང་། མི་མང་པོ་ཞིག་གིས་ད་ལྟ་ལག་བསྟར་གནང་བཞིན་ཡོད་པར་དོགས་ནས་གཟབ་གཟབ་བྱེད་ཀྱི་ཡོད་འདུག

གསར་འགོད་པས་ཉེན་རྟོག་སྐོར་སྲུང་བ་ཨཱ་མིཊི་ཀུ་མར་(Amit Kumar)ལགས་སུ་ཧི་མ་ཅལ་ནང་སྒྲིག་ཁྲིམས་གསར་པ་ལག་བསྟར་གནང་ཕྱོགས་སྐོར་དྲིས་པར་ཁོང་གིས། ད་ལྟའི་ཆར་ཧི་མ་ཅལ་མངའ་སྡེའི་ནང་འགྲིམ་འགྲུལ་གྱི་སྒྲིག་ཁྲིམས་གསར་པ་དེར་བསྐྱར་བཅོས་བྱེད་བཞིན་ཡོད་པས་ད་དུང་ལག་བསྟར་བྱས་མེད། འོན་ཀྱང་། ཟླ་གཅིག་གི་རྗེས་ནས་ལག་བསྟར་བྱ་རྒྱུ་ཡིན། སྒྲིག་ཁྲིམས་དེར་བསྐྱར་བཅོས་བྱེད་དགོས་དོན་ནི། ཧི་མ་ཅལ་རི་ངོས་ཀྱི་མངའ་སྡེ་ཞིག་ཡིན་སྟབས། འགྲིམ་འགྲུལ་དོན་རྐྱེན་མང་ཆེ་བའི་བྱུང་སྟངས་ཀྱང་རླངས་འཁོར་རི་ནས་མར་ཟེགས་པ་སོགས་མངའ་སྡེ་གཞན་དང་མི་འདྲ་བའི་རྐྱེན་གྱིས་ཡིན། འོན་ཀྱང་། སྒྲིག་ཁྲིམས་ལ་བསྐྱར་བཅོས་ཟེར་དུས་འགྲིམ་འགྲུལ་སྒྲིག་ཁྲིམས་བརྒལ་བའི་ཉེས་ཆད་དག་ལ་འགྱུར་བ་ཅུང་ཙམ་རེ་མ་གཏོགས་འགྲོ་ཡི་མེད་ལ། དབུས་གཞུང་གི་འགྲིམ་འགྲུལ་སྒྲིག་ཁྲིམས་གསར་པ་གསལ་བསྒྲགས་གནང་རྗེས། དྷ་རམ་ས་ལའི་མི་མང་ལ་གོ་རྟོགས་བྱུང་སྟེ། ད་ལྟའི་ཆར་མི་ཚང་མས་སྦག་སྦག་ཞ་མོ་གྱོན་པ་དང་རླངས་འཁོར་གཏོང་སྐབས་སྲུང་སྐྱོབ་ཐག་པ་བསྡམས་པ་སོགས་བྱེད་ཀྱི་འདུག་པས་ཡག་པོ་བྱུང་འདུག  ཅེས་བརྗོད་བྱུང་།

ཡང་ཁོང་གིས་ངོ་སྤྲོད་གནང་བ་ལྟར་ན། ད་ལྟ་རྒྱ་གར་རྒྱལ་ཡོངས་སུ་མངའ་སྡེ་བཞི་མ་གཏོགས་གྲོང་ཁྱེར་ཁག་དང་མངའ་སྡེ་ཚང་མས་འགྲིམ་འགྲུལ་གྱི་སྒྲིག་ཁྲིམས་གསར་པ་དེ་ལག་བསྟར་བྱེད་བཞིན་ཡོད་པ་དང་། སྒྲིག་ཁྲིམས་དེ་ཇི་བཞིན་ལག་ལེན་བསྟར་མིན་གཙོ་བོ་མངའ་སྡེ་རང་གི་གནས་བབ་ལ་བལྟས་ནས་ཐག་གཅོད་བྱེད་ཆོག་པ་ཞིག་ཡིན་འདུག་ལ། ཧི་མ་ཅལ་གྱི་འགྲིམ་འགྲུལ་སྒྲིག་ཁྲིམས་བསྐྱར་བཅོས་དེ་ཉིན་ཤས་ནང་འགྲུབ་སྲིད་པ་དང་། དབུས་གཞུང་གི་གཏན་འབེབ་ལས་ཅུང་ཙམ་མ་འདྲ་བ་བྱས་ཏེ་ལག་བསྟར་བྱ་རྒྱུ་ཡིན་ཡང་། ཁྱད་པར་ཆེན་པོ་འགྲོ་རྒྱུ་མིན་སྐོར་བརྗོད་བྱུང་།

རྒྱ་གར་དབུས་གཞུང་གི་འགྲིམ་འགྲུལ་གྱི་སྒྲིག་ཁྲིམས་གསར་བའི་ནང་། ར་བཟི་བ་དང་ཐོབ་ཐང་ལག་འཁྱེར་མེད་པར་རླངས་འཁོར་དང་སྦག་སྦག་གཏོང་མཁན་ཚོར་ཉེས་ཆད་ཧིན་སྒོར་ཁྲི་ ༡ དང་། ཁྲིམས་མེད་ལུགས་མེད་ཀྱིས་རྩུབ་སྤྱོད་ཆེ་བའི་རླངས་འཁོར་གཏོང་མཁན་ལ་ཉེས་ཆད་ཧིན་སྒོར་ ༥༠༠༠། དེ་བཞིན། མི་གཉིས་ལས་མང་བས་སྦག་སྦག་གཅིག་ཞོན་པ་དང་། སྦག་སྦག་དང་རླངས་འཁོར་ལ་ལམ་ཁྲལ་མ་སྤྲད་པ་སོགས་ལ་ཧིན་སྒོར་ ༢༠༠༠ རེ་དང་། སྦག་སྦག་ཞོན་སྐབས་ཞ་མོ་གྱོན་མེད་པ་དང་འགྲིམ་འགྲུལ་སྒྲིག་ཁྲིམས་བརྩི་སྲུང་མ་བྱས་ཚེ་ཧིན་སྒོར་ ༡༠༠༠ དང་། རླངས་འཁོར་དང་སྦག་སྦག་གཏོང་ཆོག་པའི་ལག་འཁྱེར་མེད་ཚེ་ཉེས་ཆད་ཧིན་སྒོར་ ༥༠༠༠ བཅས་ཀྱི་ཉེས་ཆད་གཅོད་རྒྱུ་ཡིན་འདུག

གཞན་ཡང་། གསར་འགོད་པས་ལོ་ཚོད་མ་ལོན་པ་དང་སྦག་སྦག་སོགས་རྒྱུག་འགྲན་བྱས་ན་ཉེས་ཆད་ག་རེ་ཡོད་དྲིས་པར་ཁོང་གིས། རླངས་འཁོར་དང་སྦག་སྦག་གཏོང་བར་རང་ལོ་ ༡༨ ཟིན་དགོས་པ་དང་། རླངས་འཁོར་དང་སྦག་སྦག་གི་མགྱོགས་ཚད་ལས་བརྒལ་བའི་འགྲན་བསྡུར་བྱས་ཚེ་ཆད་པ་དང་ལྷན་དུ་ཟླ་གསུམ་བཙོན་འཇུག་བྱ་རྒྱུ་དང་། གལ་སྲིད་ཁྲིམས་འགལ་སྒྲིག་འགལ་བསྐྱར་དུ་བྱུང་ན་ལོ་ཚད་མ་ཟིན་པའི་ཁ་ལོ་བ་དང་། སྦག་སྦག་གི་བདག་པོ་སུ་ཡིན་ན་དེ་ལ་ཧིན་སྒོར་ ༢༥༠༠༠ གི་ཆད་པ་དང་ལོ་གསུམ་རིང་བཙོན་འཇུག་གི་ཁྲིམས་ཆད་འབབ་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

དེ་རིང་རྒྱ་གར་བང་ཆེན་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ད་ལྟ་རྒྱ་གར་དབུས་གཞུང་གི་འགྲིམ་འགྲུལ་གྱི་སྒྲིག་ཁྲིམས་གསར་པ་དེ་ལག་བསྟར་བྱེད་ཀྱི་མེད་པའི་མངའ་སྡེ་བཞི་ནི་མྰ་དྷི་ཡ་(Madhya Pradesh)དང་ར་ཇི་སི་ཐན(Rajasthan)། པན་ཇབ(Punjab)དང་ཊེ་ལན་གྷ་ནཱ(Telangana)་བཅས་ཡིན་པ་དང་།
གཞན་ཡང་རྒྱ་གར་གྱི་མངའ་སྡེ་ཨོ་ཌི་ཤྰ(Odisha)། ཆྰ་ཊི་སི་གྷར(Chhattisgarh)། པོ་ཌོ་ཆི་རེ(Puducherry)། གྷོ་ཇོ་ར་ཊི(Gujarat)། ནུབ་བྷན་གྷལ(West Bengal)བཅས་ཁྱོན་རྒྱ་གར་གྱི་མངའ་སྡེ་ ༥ ཡི་ནང་འགྲིམ་འགྲུལ་སྒྲིག་ཁྲིམས་དེ་བཙན་དྲག་པའི་དཀའ་ངལ་ཡར་ཞུ་བྱས་ཏེ་ཆག་ཡང་གཏོང་གི་ཡོད་བརྗོད་འདུག་ལ། གཞུང་འཛིན་ཚོགས་པའི་ཁ་གཏད་དུ་ལངས་ཡོད་པའི་ཀོང་རི་སི་སྲིད་དོན་ཚོགས་པའི་འཛིན་སྐྱོང་འོག་གི་མངའ་སྡེ་ཁག་ནང་སྒྲིག་ཁྲིམས་གསར་པ་དེ་ལག་བསྟར་བྱེད་པར་མོས་མཐུན་མེད་པའི་དཀའ་རྙོག་ཅིག་ཡོང་གི་ཡོད་འདུག

རྒྱ་གར་འགྲིམ་འགྲུལ་ལྷན་ཁང་གི་སྙན་ཐོ་ལྟར་ན། ཕྱི་ལོ་ ༢༠༡༧ ལོ་ཁོ་ནར་འགྲིམ་འགྲུལ་དོན་རྐྱེན་འབུམ་ ༤ (༤.༦༤ )ལྷག་བྱུང་སྟེ། ཁྱོན་མི་གྲངས་འབུམ་ ༡ (༡.༤༧)ལྷག་རྐྱེན་འདས་སུ་ཕྱིན་ཡོད་པས། འགྲིམ་འགྲུལ་སྒྲིག་ཁྲིམས་གསར་བཟོ་བྱེད་དོན་ནི། རྒྱ་གར་ནང་འགྲིམ་འགྲུལ་དོན་རྐྱེན་ཉུང་དུ་གཏོང་བའི་ཆེད་དུ་དམིགས་པ་ཞིག་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

ཆུ་ཚོད་ ༢ སྔོན་ལ།
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨

མཆན། 2

  1. ངག་དབང་རྒྱལ་པོ། says:
    ལོ་ 7 སྔོན།

    driving license་ལ་ཁ་ལོ་བའི་ཆོག་ཐམ་ཟེར་གྱི་ཡོད་པས་དེ་དོན་དགོངས་འཇགས་ཡོང་བ་ཞུ།

    Reply
  2. སྲས་སྐུ་ངོ་། says:
    ལོ་ 7 སྔོན།

    ར་བཟི་ནས་རླངས་འཁོར་སྐོར་ན་ཁ་ལོ་བའི་ལག་འཁྱེར་ལོ་གཅིག་ལ་ལེན་རྒྱུ་དང་ཆད་པ་ཧིན་ཁྲི་༡༠༠༠༠
    གང་ལྟར་ཡག་པོ་འདུག སྤྱང་རྒན་ལ་ལ་ཕྱུག་པོ་ཆགས་རྒྱུ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese