མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧པཎ་ཆེན་རིན་པོ་ཆེ་མཆོག་གི་དབུས་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་རྣམས་ཀྱི་སྐོར་གླེང་སློང་གནང་།

བོད་ཀྱི་དུས་བབ།
༢༠༡༩/༠༩/༡༢
Share on FacebookShare on TwitterShare on EmailShare on Whatsapp

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུའི་ཐོག་རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་མཆོག་ལ་མཇལ་འཕྲད་ཞུ་རུ་འཇུག་གི་མེད་པ་དེས་ཁོང་སྐུ་འཚོ་གཞེས་ཡིན་མིན་ཐད་བློ་འཚབ་དང་དོགས་གཞི་སྐྲུན་གྱི་ཡོད་སྐོར་གསུངས་འདུག ཁ་སང་ཕྱི་ཚེས་ ༡༡ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་གར་སོང་ཆ་མེད་ཀྱི་གནད་དོན་སྐོར་ཚོགས་འདུའི་ཐོག རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོ་བོར་གྱུར་བའི་གར་སོང་ཆ་མེད་དུ་གྱུར་བའི་བོད་མི་རྣམས་ཀྱི་གནད་དོན་ཐད་དོ་སྣང་ཤུགས་ཆེན་གནང་དགོས་པའི་བསྒྲགས་གཏམ་སྤེལ་ཡོད་འདུག

ཚོགས་འདུ་དེའི་ཐོག་སྐུ་ཞབས་ཀེ་མོ་ལིར་ (Kai Mueller) ལགས་ཀྱིས་ཧད་སིན་ཀེ་འགྲོ་བ་མིའི་ཐོབ་ཐང་ཐེབས་རྩ་ཁང་ (Helsinki Foundation for Human Rights) གི་ཚབ་ཞུས་ནས་བསྒྲགས་གཏམ་སྒྲོགས་སྦྱང་ཞུ་སྐབས། ང་ཚོས་གར་སོང་ཆ་མེད་དུ་གྱུར་བའི་ལས་དོན་ཚོགས་ཆུང་དང་འབྲེལ་ཡོད་ཀྱི་ཚོགས་སྡེ་ཁག་གཞན་ནས་བོད་མི་རྣམས་དང་ལྷག་པར་དུ་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ལ་མུ་མཐུད་འདྲི་ཞིབ་དང་བློ་འཚབ་ཀྱི་རྣམ་འགྱུར་སྟོན་པའི་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་འདུགའགྲོ་བ་མིའི་ཐོབ་ཐང་གི་ཐེབས་རྩ་དེའི་བསྒྲགས་གཏམ་ནང་། ང་ཚོས་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བ་དང་འབྲེལ་བའི་ཚོགས་སྡེ་ཁག་ནས་བོད་ནང་གར་སོང་ཆ་མེད་དུ་གྱུར་པའི་བོད་མི་རྣམས་ཀྱི་ཚབ་ཞུས་ནས་མུ་མཐུད་ལས་དོན་སྒྲུབ་པར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་བ་དང་། གར་སོང་ཆ་མེད་དུ་གྱུར་བའི་ལས་དོན་ཚོགས་ཆུང་གིས་དགོས་ངེས་ཀྱི་རྟོག་ཞིབ་བྱས་ཏེ། གར་སོང་ཆ་མེད་དུ་གྱུར་བའི་བོད་མི་ཚོ་མི་བརྗེད་པ་བྱེད་ཀྱི་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནང་ལྷག་ཡོད་པ་རེད། ཅེས་བཀོད་འདུག

དེ་བཞིན་བོད་མི་རྣམས་བཙན་དབང་གིས་གར་སོང་ཆ་མེད་དུ་གྱུར་བ་ནི་རྒྱུན་ལྡན་ཞིག་ཡིན་པ་དང་། ཉེ་ཆར་རྔ་བ་ཀིརྟི་ནས་ཡིན་པའི་གྲྭ་བློ་བཟང་རྡོ་རྗེ་ལགས་དང་གྲྭ་བློ་བཟང་ཐབས་མཁས་ལགས། དེ་བཞིན་གྲྭ་ཐུབ་པ་ལགས་བཅས་གར་སོང་ཆ་མེད་དུ་གྱུར་བའི་དགེ་འདུན་པ་གསུམ་བཙོན་འཇུག་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། ད་ལྟའི་ཆར་གྲྭ་བློ་བཟང་ཐབས་མཁས་ལགས་དང་ཐུབ་པ་ལགས་གཉིས་གར་ཡོད་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་སྐོར་སྙན་སེང་ཞུས་ཡོད་འདུག་ལ། ཕྱི་ལོ་ ༢༠༠༩ ལོ་ནས་ཁུལ་དེར་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་སྐོར་བཀོད་འདུག

༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་ཚུལ་དང་འབྲེལ་ནས་བསྒྲགས་གཏན་དེའི་ནང་། རྒྱ་ནག་གཞུང་གིས་རིན་པོ་ཆེ་དགུང་ལོ་ ༦ ཐོག་འཛིན་བཟུང་བཙན་འཁྲིད་བྱས་ཏེ་ལོ་ངོ་ ༢༤ འཁོར་ཀྱི་ཡོད་པ་དང་། ད་བར་གར་ཡོད་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འོག་གི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དང་གར་སོང་ཆ་མེད་དུ་གྱུར་བའི་ལས་དོན་ཚོགས་ཆུང་། བྱིས་པའི་ཐོབ་ཐང་ཚོགས་ཆུང་དང་དམིགས་བསལ་རྟོག་ཞིབ་པ། དེ་བཞིན་རྒྱལ་ཁབ་ཀྱི་ཚོགས་མི་རྣམས་ནས་རྒྱ་ནག་གཞུང་ལ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་ཡོད་ཀྱི་གནས་ཚུལ་དང་། ཁོང་ལ་མཇལ་འཕྲད་བྱ་རྒྱུའི་རེ་སྐུལ་ཞུས་པར་དགའ་ཚོར་སྐྱེས་ཀྱི་ཡོད། ཡིན་ནའང་། རྒྱ་ནག་གཞུང་གིས་མཇལ་འཕྲད་ཞུ་རུ་འཇུག་གི་མེད་པ་དེས། དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ད་ལྟ་སྐུ་འཚོ་གཞེས་ཡིན་མིན་ལ་བློ་འཚབ་དང་དོགས་གཞི་སྐྲུན་གྱི་ཡོད་པ་རེད། ཅེས་དང་། དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་དེས་བོད་མི་མང་པོ་ཞིག་ལ་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ལམ་སྲོལ་ལ་ཐེ་བྱུས་དང་། ཁྱད་གསོད་བྱས་པ་ཞིག་མཚོན་གྱི་ཡོད་ལ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་འབྲུ་དོན་ལ་རྩིས་མེད་རྡོག་རོལ་བཏང་བ་ཞིག་ཀྱང་མཚོན་གྱི་ཡོད། ཅེས་བཀོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་ལ་དོ་དབྱིངས་ཆེ་བའི་རྒྱ་རིགས་བུད་མེད་བོད་མིང་ལ་དབང་མཚོ་དང་རྒྱ་མིང་ལ་ཀྲང་ཡ་ཌི། སྐལ་བཟང་ཡར་འཕེལ་གྱི་པར།
Mobile App

བོད་མིར་དགའ་ཞེན་ཆེ་བའི་རྒྱ་རིགས་བུད་མེད་ཅིག་འཛིན་བཟུང་བྱས་ཏེ་གོ་ཐོས་མེད་པར་གྱུར།

ཆུ་ཚོད་ ༣ སྔོན་ལ།
ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ཕྱི་ལུགས་ལྟར་དགུང་གྲངས་བརྒྱད་ཅུར་ཕེབས་པར་བརྟན་བཞུགས་ཕུལ། ༢༠༢༥།༠༩།༢༢ ཐད་གཏོང་གི་པར།
Mobile App

དཔལ་ས་སྐྱའི་ཆབ་འབངས་ཡོངས་ཀྱི་༧གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༩/༢༢
ཕྱི་ཚེས་ ༢༡ ནས་ ༢༨ བར་ཉིན་གྲངས་དགུའི་རིང་དྷ་རམ་ས་ལར་སྟོང་བཙན་རྐང་སྤོལ་རྩེད་འགྲན་འཚོག་གི་འདུག
Mobile App

སྟོང་བཙན་རྐང་སྤོལ་རྩེད་འགྲན་ཐེངས་དང་པོ་རྩེ་ཡི་འདུག

༢༠༢༥/༠༩/༢༢
Front Slider

ལྷོ་ཤར་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་བཅུ་གཅིག་གིས་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༩/༢༠
ཕྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༩ ཉིན་གྱི་ཕྱི་དྲོར་བོད་རྒྱལ་རྩེ་རྫོང་ར་ལུང་གྲོང་སྡེའི་རི་ངོས་ཤིག་ཏུ་ཤོག་སྦག་ཕོན་ཆེན་སྦར་ཏེ་ཁོར་ཡུག་ལ་གནོད་སྐྱོན་བཟོས། དྲ་ལམ་གྱི་པར།
Mobile App

བོད་ཀྱི་མཐོ་སྒང་དུ་ཤོག་སྦག་ཕོན་ཆེན་སྤར་ཏེ་ཁོར་ཡུག་ལ་གནོད་སྐྱོན་བཟོས་པར་དགོངས་སེལ་ཞུས།

༢༠༢༥/༠༩/༢༠
༧གོང་ས་མཆོག་ལ་ལྷོ་ཤར་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་གིས་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༥།༠༩།༢༠ དུས་བབ་ཀྱི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ལྷོ་ཤར་ཨེ་ཤ་ཡའི་ནང་པའི་རྒྱལ་ཁབ་ཁག་གིས་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༩/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese