མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་མི་ཞིག་འཛིན་བཟུང་བྱས་ཏེ་གོ་མེད་ཚོར་མེད་དུ་གྱུར།

བོད་ཀྱི་དུས་བབ།
༢༠༡༩/༠༩/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ལ་སྟོད་དིང་རི་རྫོང་བྲང་རྩེ་གྲོང་ཚོ་ནས་ཡིན་པའི་བོད་མི་ཚེ་རིང་བཀྲ་ཤིས་ལགས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཟླ་གཅིག་ཕྱིན་ཡོད་ཀྱང་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་འདུག

འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཉེ་སྔོན་ཕྱི་ཟླ་ ༨ ཚེས་ ༢༠ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦ ཙམ་ལ་སྟོད་དིང་རི་རྫོང་བྲག་རྩེ་གྲོང་ཚོ་ནས་ཡིན་པའི་ཚེ་རིང་བཀྲ་ཤིས་ཞུ་བ་ཞིག་རྒྱ་གཞུང་ཉེན་རྟོག་པས་བཙན་འཁྲིད་བྱས་ཡོད་པ་དང་། ཕ་མ་དང་གཉེན་ཉེ་ཚོས་དིང་རི་རྫོང་ཉེན་རྟོག་ཁང་དང་འབྲེལ་ཡོད་ལས་ཁུངས་ཁག་ལ་སྐད་ཆ་ཡང་ཡང་དྲིས་ཡོད་ཀྱང་ལན་གང་ཡང་སྤྲད་མེད་སྟབས། ད་ལྟ་ཁོང་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་འདུག

ད་ལྟའི་ཆར་ཁོང་འཛིན་བཟུང་བྱེད་དགོས་དོན་ཅི་ཡིན་ཁ་གསལ་ཤེས་ཀྱི་མེད་ཀྱང་། གནས་ཚུལ་མཁོ་སྤྲོད་པས་གསུངས་པ་ལྟར་ན། བྲག་རྩེ་གྲོང་ཚོའི་ཡུལ་མི་ཚོས་ཚེ་རིང་བཀྲ་ཤིས་ལགས་ཕྱི་ལོ་ ༢༠༠༨ དང་ ༢༠༠༩ བར་ལ་གཞིས་ཀ་རྩེ་དང་ལྷ་ས་རུ་ངོ་རྒོལ་ལས་འགུལ་ཁྲོད་ཞུགས་ཡོད་པའི་དོགས་གཞིའི་འོག ད་ལན་ཉེན་རྟོག་པས་འཛིན་བཟུང་བྱས་པ་ཞིག་ཡིན་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཕྱི་ལོ་ ༢༠༠༩ ལོར་རྒྱ་ནག་གཞུང་ནསབཟུང་བོད་ནང་གྲོང་གསེབ་གསར་པ་དང་སྤྱི་ཚོགས་གསར་པ་ཞེས་པའི་སྲིད་བྱུས་ཤིག་སྤེལ་ཏེ། དེང་རབས་ཀྱི་ཁང་པ་འཛུགས་སྐྲུན་གྱི་ལས་གཞི་ཞིག་སྤེལ་བཞིན་ཡོད་པ་དང་། ལོ་དེར་རྒྱ་གཞུང་ནས་སྟོད་དིང་རི་རྫོང་བྲག་རྩེའི་གྲོང་ཚོའི་ནང་དེང་རབས་ཀྱི་ཁང་པ་འཛུགས་སྐྲུན་བྱེད་པར་སྡེ་མི་ཚང་མ་སྐད་བཏང་སྟེ་ཚོགས་འདུ་ཚོགས་སྐབས། ཚེ་རིང་བཀྲ་ཤིས་ལགས་མི་མང་གི་དཀྱིལ་ནས་ཡར་ལངས་ཏེ། ཁང་པ་བཟོ་བཅོས་བཏང་ན་འགྲིག་གི་ཡོད། འོན་ཀྱང་། བོད་ཀྱི་སྲོལ་རྒྱུན་གྱི་ཁང་པའི་བཟོ་བཀོད་རང་འཇགས་འཇོག་དགོས་ཡོད་ཅེས་རྒྱ་གཞུང་གི་འཆར་གཞི་དེར་མོས་མཐུན་བྱས་མེད་པ་དང་། དེའི་རྗེས་ཡུན་རིང་མ་འགོར་བར་ས་གནས་གཞུང་གི་ལས་བྱེད་ཁག་ཅིག་ཚེ་རིང་བཀྲ་ཤིས་ལགས་ཀྱི་ཁྱིམ་དུ་ཡོང་སྟེ་སྔོག་བཤེར་བྱེད་སྐབས། ༧གོང་ས་མཆོག་གི་སྐུ་པར་ཞིག་ལག་སོན་བྱུང་ཡོད་སྟབས། ཁོང་འཛིན་བཟུང་བྱས་ཏེ་ཁ་བྲལ་རིང་ལུགས་དང་ངན་འབྲེལ་གྱིས་སྤྱི་ཚོགས་ཟང་ཟིང་བཟོས་པ་ཟེར་བའི་ཉེས་མིང་འོག ཕྱི་ལོ་ ༢༠༡༡ བར་ལོ་གཉིས་རིང་བཙུན་འཇུག་བྱས་ཡོད་པ་དང་། བཙོན་གྲོལ་ཐོབ་རྗེས་བཟང་བཙོན་འོག་བཅུག་སྟེ། དིང་རི་རྫོང་ལས་གཞན་ལྷ་ས་དང་གཞིས་ཀ་རྩེ་སོགས་སུ་འགྲོ་མི་ཆོག་པར་བཟོས་ཡོད་འདུགད་ལྟ་ཚེ་རིང་བཀྲ་ཤིས་ལགས་ནི་རང་ལོ་ ༣༦ ཡིན་ཞིང་། ཕ་དབང་འདུས་དང་མ་རྣམ་གྲོལ་གཉིས་ལ་བུ་གཉིས་ཡོད་པའི་ནང་ནས་བུ་ཆེ་བ་དེ་ཡིན་པ་དང་། ཁོང་གི་ཁྱིམ་དུ་པ་ལགས་གཉིས་དང་ཨ་མ་ལགས། དེ་བཞིན་ཁོང་བཟའ་ཚང་གཉིས་ལ་བྱིས་པ་བཞི་བཅས་ཁྱོན་ནང་མི་ ༡༠ ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist