མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགྲོ་བ་མིའི་རྣམ་དཔྱོད་དེ་ཉོན་མོངས་པའི་བྲན་གཡོག་ཏུ་མ་གྱུར་བ་དགོས།

བོད་ཀྱི་དུས་བབ།
༢༠༡༩/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་རྒྱ་ནག་སྐམ་ས་ཆེན་མོའི་ནང་ནང་ཆོས་ཉམས་ཆག་ཆེན་པོ་ཕྱིན་ཡོད་ཀྱང་ལོ་ངོ་སྟོང་ཕྲག་རིང་གི་གོམས་གཤིས་དང་རིག་གཞུང་ཞིག་ཆགས་ཡོད་དུས་མེད་པར་ཆགས་རྒྱུ་ཁག་པོ་ཡོད་སྐོར་གསུངས།དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་མི་༡༡༢༧ གཙོ་བོར་གྱུར་བའི་འཛམ་གླིང་རྒྱལ་ཁབ་ ༦༡ གི་དད་ལྡན་དོན་གཉེར་ཅན་དང་། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་ཆོས་ཞུ་བ་ ༧༥༠༠ ལྷག་ལ་ཉིན་གྲངས་ ༣ རིང་གི་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་དབུ་འཛུགས་གནང་སོང་།

གསུང་ཆོས་ཀྱི་ཐོག་མར་༧གོང་ས་མཆོག་གིས་སེམས་ཀྱི་ཞི་བདེ་གལ་ཆེན་ཡིན་པའི་བཀའ་སློབ་བསྩལ་དོན། སེམས་མ་སྐྱིད་པ་ནི་སེམས་འཁྲུག་ནས་ཡོང་གི་ཡོད་སྟབས། སེམས་དཀྲུག་མཁན་ཁོང་ཁྲོ་དང་ང་རྒྱལ། ཕྲག་དོག་སོགས་ངོ་ཤེས་པར་བྱས་ཏེ། དཔེར་ན་དེ་རིང་ཁོང་ཁྲོ་ཟ་ཡི་ཡོད་པའི་མི་དེ་སང་ཉིན་གྲོགས་པོ་ཆགས་པའི་གནས་ཚུལ་དེ་འདྲ་ཡོང་གི་རེད། གང་ལྟར་གནོད་ལན་གནོད་པས་འཇལ་ནས་ཚུར་རྙོག་དྲ་བཟོ་མཁན་ལ་ཕར་ཁོང་ཁྲོ་ཟ་ནས་རྣམ་འགྱུར་སྡུག་པོ་བསྟན་ན་གནས་སྟངས་སྡུག་ཏུ་འགྲོ་བ་མ་གཏོགས་མེད་པ་རེད། ཚུར་ཏོག་ཙམ་ཟུར་ཟ་དང་སྐྱོན་བརྗོད། མ་དགའ་བ་བྱུང་ན་སོ་སོའི་ངོས་ནས་བཟོད་པ་སྒོམ་པ་མ་ཟད། བྱམས་བརྩེ་སྒོམ་ཐུབ་ཚེ་རང་བཞིན་གྱིས་སོ་སོའི་སེམས་ནང་གི་ཁོང་ཁྲོ་དེའང་ཡོང་མ་ཐུབ་པར་མེད་པ་ཆགས་འགྲོ་བ་རེད། དེ་རིང་སོ་སོར་རྒྱག་རེས་ཤོར་བའི་དགྲ་བོ་དེའང་གཉེན་དུ་འགྱུར་བ་ཡོང་ཐུབ་པ་ཞིག་རེད། དེ་བས་བསམ་བློ་ཡག་པོ་ཞིག་བཏང་བ་ཡིན་ན་ཁོང་ཁྲོ་དང་ང་རྒྱལ། ཕྲག་དོག་སོགས་ནི་འཕྲལ་སེལ་གྱི་སེམས་འཁྲུག་པ་ཙམ་དུ་མ་ཟད། ཕུགས་ལ་གྲོགས་པོ་དེ་ཚོའང་དགྲ་ཆགས་པ་དང་སོ་སོའི་ལུས་པོའང་མ་བདེ་བ་ཆགས་པ་ཞིག་ཕལ་ཆེར་ཡོང་བ་རེད། དེ་བས་སེམས་ཞི་བདེ་ཡོང་བ་ནི་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། དེ་ནི་ཆོས་ཀྱི་སྐད་ཆ་མིན་པར། གང་ལྟར་ང་ཚོ་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་ཤ་སྟག་རེད། ལུས་ཚོར་བདེ་བ་དང་སེམས་ཚོར་བདེ་བ་གཉིས་ཡོད་པ་ལས་སེམས་ཚོར་བདེ་བ་གཙོ་བོ་རེད། ཅེས་གསུངས་སོང་།

ཡང་༧གོང་ས་མཆོག་ནས་སྤྱིར་འགྲོ་བ་མིའི་རིགས་ནི་སྤྱི་ཚོགས་འདུས་སྡོད་ཀྱི་སྲོག་ཆགས་ཡིན་པ་དང་། འཛམ་གླིང་གི་ཤར་ནུབ་དང་ལྷོ་བྱང་གི་འབྱུང་འགྱུར་གྱི་བདེ་སྡུག་གཅིག་ལ་གཅིག་བརྟེན་ཡིན་པས། འཛམ་གླིང་མི་འབོར་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་འཛམ་གླིང་གི་སྤྱི་ཚོགས་གཅིག་ཡིན་པ་དང་། ནང་པ་སངས་རྒྱས་ཀྱི་ཆོས་པ་ཚོས་སེམས་ཅན་ཐམས་ཅད་ཟེར་གྱི་ཡོད་པ་དེར། ཕར་མཛུབ་མོ་བཙུགས་ནས་དེད་ན་ཕལ་ཆེར་འཛམ་གླིང་གི་མི་འབོར་དུང་ཕྱུར་བདུན་ཅུ་དེ་ཚོ་ཡིན་པ་དང་། ང་ཚོ་དེའི་གྲས་ཤིག་ཆགས་ཡོད་སྟབས། ག་ཚོད་ཐུབ་ཐུབ་ཀྱིས་ཕན་ཐོགས་ཡོང་ཐུབ་པ་ཞིག་སྒྲུབ་པའི་གོ་སྐབས་ཡོད་པ་དང་། འགྲོ་བ་རིགས་དྲུག་གི་སེམས་ཅན་དུད་འགྲོ་སོགས་ལ་མིའི་རྣམ་དཔྱོད་མེད་པ་དང་གོ་བརྡ་འཕྲོད་ཁག་པོ་ཡིན་པར་བརྟེན། དུད་འགྲོ་སོགས་ལའང་ཕན་བདེའི་བློ་སྦྱང་རྒྱུ་ནི་ཞེ་དྲག་གལ་ཆེན་ཡིན་སྐོར་སོགས་འགྲོ་བ་མིའི་རྣམ་དཔྱོད་གཞན་དང་མི་འདྲ་བ་ཞིག་ཡོད་པ་དེ་ཉོན་མོངས་པའི་བྲན་གཡོག་ཏུ་མ་སོང་བར་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་བསྐྲུན་གལ་ཆེ་སྐོར་གསུངས་སོང་།ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་རིགས་ལམ་ཐོག་ནས་དཔྱད་པ་བྱས་ཏེ་འགྲོ་བ་དེ་མེད་ན་མི་རྒན་སོ་མེད་པ་ཞིག་དང་འདྲ་བ་དང་། ཁ་ཟས་ལྟ་བུ་ཞིག་ཟ་དགོས་བྱུང་ན་ཁ་ནང་མུར་ནས་སྡོད་པ་ལས་སོ་བརྒྱབས་ནས་བཟའ་་ཐུབ་ཀྱི་མེད་པར། ཚད་མ་རིག་པ་ཡོད་ཚེ་ཁ་ཟས་མཁྲེགས་པོ་ཡིན་ནའང་སོ་བརྒྱབས་ནས་བཟའ་རྒྱུ་ཡོད་པ་ལྟ་བུ་ཞིག་ཡིན་པས་ཚད་མ་རིག་པ་གལ་ཆེན་ཡིན་པའི་སྐོར་དང་། འཛམ་གླིང་འདིའི་ནང་འགྲོ་བ་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་ལས་རིགས་གཅིག་ལ་ཆོས་མེད་པ་དང་ཆོས་ལ་སྐྱོན་དུ་ལྟ་མཁན། ཆོས་དད་ཡོད་མཁན་བཅས་རིགས་གསུམ་དུ་ཡོད་པ་དང་། ཁོང་ཚོས་བར་བསྡུར་ཚེ་ཆོས་ཤེས་ནས་སེམས་བཟང་པོ་བྱེད་དགོས་པ་བཤད་མཁན་དེ་ཏན་ཏན་སེམས་སྐྱིད་པ་ཡོད་སྐོར་སོགས་གསུངས་སོང་།

ནང་བསྟན་ལ་སློབ་སྦྱོང་བྱེད་གལ་ཆེ་བའི་སྐོར་ལ་ཁོང་གིས། ཁྱེད་རང་ཚོ་ནི་ཐའེ་ཝན་ནས་ཡིན་ནའང་གང་ལྟར་རྒྱ་ཡི་རིག་གཞུང་རྙིང་པ་དེ་ཡོད་པ་རེད། སྐམ་ས་ཆེན་པོའི་ནང་ཉམས་ཆག་ཆེན་པོ་ཕྱིན་པ་རེད། ལྷག་པར་དུ་རིག་གནས་གསར་བརྗེ་སྐབས་སུ་ཆེད་མངགས་མེད་པ་བཟོས་པ་དེ་འདྲ་ཆགས་པ་རེད་དེ། ལོ་ངོ་སྟོང་ཕྲག་རིང་གི་གོམས་གཤིས་དང་རིག་གཞུང་ཞིག་ཆགས་ཡོད་དུས་མེད་པར་ཆགས་རྒྱུ་ཁག་པོ་ཡོད་པ་རེད། དེང་སྐབས་རྒྱ་ནག་ནང་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་ཡི་ཡོད་པས། སྐམ་ས་ཡི་ཆོས་གྲོགས་སུ་ལ་ཐུག་ནའང་སློབ་སྦྱོང་བྱེད་དགོས་པ་བཤད་ཀྱི་ཡོད། ཁྱེད་རང་ཚོར་ནམ་རྒྱུན་དད་པ་ཡོད་པ་དང་། (ཨ་མེ་ཐོ་ཧྥུ་)ལབ་ནས་ཚར་འབུམ་སྡེ་ཞིག་བསགས་ནའང་དེས་སེམས་ལ་རྟོགས་པ་སྐྱེ་ཡི་མ་རེད། སློབ་སྦྱོང་བྱས་ན་རྟོགས་པ་སྐྱེ་ཡི་རེད། བོད་པ་ཚོ་ལའང་སློབ་སྦྱོང་བྱེད་དགོས་རེད། གཞན་ཨོཾ་མ་ཎི་པདྨེ་ཧཱུྃ་ལབ་པ་གཅིག་པོས་ཕན་ཡོན་ཕྲན་བུ་ཡོང་གི་རེད། ཡིན་ནའང་དེ་གཅིག་པོས་ས་ལམ་བགྲོད་ཐུབ་ཡ་ཁག་པོ་རེད་ཟེར་གྱི་ཡོད། བྲེལ་བ་ཡིན་པའི་སྐབས་ལ་མ་ཎི་མ་ཎི་ལབ་ནས་མ་ཎི་ཟེར་བའི་ཚིག་དེ་དབྱིན་ཡིག་གི་ (Money) ཟེར་བ་དེར་གོ་གྲབ་བྱེད་ཀྱི་འདུག དེ་བས་སློབ་སྦྱོང་བྱ་རྒྱུ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད། ཅེས་གསུངས་སོང་།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༡༠ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༡༣ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 7 སྔོན།

    གང་གི་བཀའ་སློབ་སྨན་མཆོག་བདུད་རྩི་འདི།
    སུ་ཡིས་རྣ་བར་ཐོས་ཙམ་བདེ་ཆེན་ཐོབ།
    དུས་ངན་སྙིགས་མ་མི་སྲུན་ཀླ་ཀློའི་དཔུང།
    དམིགས་མེད་དུལ་དུ་སློག་པའི་འཕྲིན་ལན་མཛོད།

    སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང།
    བྲལ་མེད་ཆོས་ཀྱི་དཔལ་ལ་ལུང་ཐོབ་ནས།
    ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།
    རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese