མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ཉེན་རྟོག་པས་བོད་མི་ ༩ འཛིན་བཟུང་བྱས་ཏེ་བཙོན་ཁང་དུ་བཅུག

བོད་ཀྱི་དུས་བབ།
༢༠༡༩/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ལྷོ་ཕྱོགས་ནས་ཞི་ཅིན་ཕིན་ལ་ངོ་རྒོལ་བྱ་འཆར་ཡོད་པའི་ཉེས་མིང་འོག་བོད་མི་ལས་འགུལ་བ་དང་སློབ་ཕྲུག་བཅས་བོད་མི་ ༩ འཛིན་བཟུང་བྱས་ཏེ་བཙོན་ཁང་དུ་བཅུག་ཡོད་པ་མ་ཟད་དེ་རིང་ཡང་བསྐྱར་སློབ་ཕྲུག་༢༥ ཉེན་རྟོག་ཁང་དུ་འཁྲིད་འགྲོ་ཡི་འདུགཟླ་འདིའི་ཕྱི་ཚེས་ ༡༡ ནས་ཉིན་གྲངས་གསུམ་རིང་རྒྱ་གར་གྱི་སྲིད་བློན་མུ་དྷི་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིན་གཉིས་རྒྱ་གར་ལྷོ་ཕྱོགས་ཅེ་ནའེ་གྲོང་ཁྱེར་གྱི་ཉེ་འཁྲིས་མཱ་མཱ་ལཱ་པུ་རམ་ (Mamallapuram) གྲོང་སྡེའི་ནང་ཐུག་འཕྲད་བྱ་འཆར་ཡོད་སྟབས།  རྒྱ་གར་གཞུང་གིས་དོགས་ཟོན་དམ་དྲག་ཤུགས་ཆེན་བྱས་ཏེ་དེ་རིང་ཞོགས་པར་ཡང་བསྐྱར་མ་རྡ་ར་སི་བོད་ཕྲུག་ཚོགས་པའི་(TSAM) ཚོགས་པའི་སློབ་ཕྲུག་ ༢༥ རླངས་འཁོར་ནང་བཅུག་སྟེ་སེ་ལི་ཁྱུར་ཉེན་རྟོག་ཁང་(Seliaqur Police station)་དུ་འཁྲིད་འགྲོ་ཡི་འདུག་ལ། འདས་པའི་ཉིན་ཤས་ནང་རྒྱ་གར་ས་གནས་ཉེན་རྟོག་པས་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་གཙོ་བོར་གྱུར་བའི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རིག་གཞུང་འགན་འཛིན་ཡེ་ཤེས་ལགས།  བོད་རང་བཙན་སློབ་ཕྲུག་ཚོགས་པའི་དབུས་ཚོགས་གཙོ་རིག་འཛིན་ཆོས་སྒྲོན་ལགས་དང་། དབུས་རྒྱུན་བསྟན་འཛིན་བློ་བཟང་ལགས། ཚོགས་པའི་ལྡི་ལིའི་ཚོང་ཁང་གི་འགན་འཛིན་བསྟན་འཛིན་སྐལ་བཟང་ལགས་བཅས་གསུམ་དང་། མ་རྡ་ར་སི་བོད་ཕྲུག་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་ ༢། གཞན་བོད་མི་ ༡ བཅས་ཁྱོན་མི་གྲངས་ ༩ འཛིན་བཟུང་བྱས་ཏེ། ད་ལྟའི་ཆར་ཅེ་ནའེ་དབུས་གཞུང་གི་བཙོན་ཁང་(Chennai Central Jail) ནང་བཀག་ཉར་བྱས་འདུག

སང་ཉིན་མ་དྷ་ར་སིའི་མཐོ་སློབ་ཁག་གི་རྒྱུགས་སྤྲོད་ཡིན་པ་དང་། བོད་པའི་སློབ་ཕྲུག་གཉིས་བཙོན་ཁང་དུ་ཡོད་སྟབས། བོད་ཀྱི་གཞོན་ནུ་དང་རང་བཙན་སློབ་ཕྲུག་ཚོགས་པས་ཆེད་མངག་བྱས་པའི་ཁྲིམས་རྩོད་པ་ཞིག་གིས་སློབ་ཕྲུག་དེ་གཉིས་ཀློད་གྲོལ་ཡོང་ཐབས་གནང་གི་ཡོད་ཀྱང་། ཁ་སང་དེ་རིང་རྒྱ་གར་གྱི་དྷ་ཤེ་ར་དུས་ཆེན་ཡིན་པས་ཁྲིམས་ཁང་སོགས་ཚང་མ་སྒོ་བརྒྱབས་ཡོད་པ་དང་། ཁྲིམས་རྩོད་པ་དེ་ཁྲིམས་ཞིབ་ཆེ་བའི་བཞུགས་གནས་སུ་བཅར་ཡོད་ཀྱང་ནང་དུ་བསྡད་མེད་སྐོར་བརྗོད་བྱུང་།

ད་ལྟ་རང་སེ་ལི་ཁྱུར་ཉེན་རྟོག་ཁང་དུ་འཁྲིད་འགྲོ་བཞིན་ཡོད་པའི་མ་རྡ་ར་སི་བོད་ཕྲུག་ཚོགས་པའི་(TSAM) ཚོགས་མི་བཀྲ་ཤིས་དབང་མོ་ལགས་ཀྱིས་འདི་གའི་གསར་འགོད་པར། དེ་རིང་ཞོགས་པར་ཡང་བསྐྱར་སེ་ལི་ཁྱུར་མངག་གཏོང་ཁང་(Seliaqur Police station)ཉེན་རྟོག་པས་བོད་པའི་སློབ་ཕྲུག་རྣམས་རླངས་འཁོར་ནང་བཅུག་སྟེ་ཉེན་རྟོག་ཁང་དུ་འཁྲིད་འགྲོ་བཞིན་ཡོད་པ་དང་། ག་རེ་བྱས་ནས་འཁྲིད་ཀྱི་ཡོད་མེད་སོགས་ཤེས་རྟོགས་བྱུང་མེད་སྐོར་བརྗོད་བྱུང་ལ། དེ་བཞིན་མ་རྡ་ར་སི་བོད་ཕྲུག་ཚོགས་པའི་(TSAM) ཚོགས་གཞོན་བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས་འདི་གའི་གསར་འགོད་པར། ཕྱི་ཚེས་ ༦ ཉིན་ཞོགས་པར་ས་གནས་ཉེན་རྟོག་པས་མ་རྡ་ར་སི་བོད་ཕྲུག་ཚོགས་པའི་ཚོགས་གཙོ་དཔལ་ལྡན་དོན་གྲུབ་ལགས་ཁོང་རང་གི་ཉལ་ཁང་ནས་ཁྲིད་ཕྱིན་པ་དང་། དེ་བཞིན་ཚོགས་པའི་ཚོགས་མི་བཀྲ་ཤིས་ལེགས་ལྡན་ལགས་དང་། ཚེ་རིང་དོན་འགྲུབ་ལགས་གཉིས་ཀྱང་ཁྲིད་དེ། ད་ལྟའི་ཆར་ཅེ་ནའེ་དབུས་གཞུང་གི་བཙོན་ཁང་ནང་ཡོད་པ་དང་།  སྤྱིར་བཏང་ཉིན་གཉིས་གོང་ནས་ས་གནས་ཀྱི་ཉེན་རྟོག་པས་འདིར་ཡོད་བོད་པའི་མཐོ་རིམ་སློབ་གཉེར་བ་ཚང་མ་སེ་ལི་ཁྱུར་མངག་གཏོང་ཁང་(Seliaqur Police station) ལ་ཁྲིད་དེ། ཐོག་མར་ངོ་རྟགས་ཆོད་རྒྱུའི་ཆེད་དུ་ཡིན་སྐོར་བརྗོད་སོང་ཡང་། ཕྱིས་སུ་རིམ་པས་ང་ཚོ་ཚང་མའི་ཁ་པར་ཨང་གྲངས་བླངས་ཏེ། མུ་དྷི་དང་ཞི་ཅིན་ཕིན་གྱི་ཐུག་འཕྲད་སྐབས་ལས་འགུལ་ནང་ཞུགས་མི་ཉན་པ་དང་། གལ་ཏེ་ལས་འགུལ་ནང་ཞུགས་པ་ཡིན་ན་སོ་སོའི་མི་ཚེ་ལ་དོ་ཕོག་འགྲོ་སྲིད་སྐོར་ཉེན་བརྡ་བཏང་བ་མ་ཟད། མཐའ་མར་ང་ཚོའི་བདེ་འཇགས་ཆེད་ཡིན་སྐོར་བརྗོད་དེ་མི་རེ་རེར་ལས་འགུལ་ནང་ཞུགས་ཀྱི་མིན་ཞེས་པའི་ཁས་ལེན་ཡིག་ཆ་ཞིག་གི་ཐོག་ལ་མིང་རྟགས་རྒྱག་ཏུ་བཅུག་ཡོད་སྐོར་དང་། ཁ་སང་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་ལྡི་ལི་ནས་ཁྲིམས་རྩོད་པ་ཞིག་མངག་གཏོང་བྱས་ཏེ་བཙོན་གྲོལ་ཐོབ་ཐབས་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་སོང་།རྒྱ་གར་ཨ་ནི་གསར་ཁང་གིས་དེ་འབྲེལ་གྱི་གནས་ཚུལ་ཞིག་སྤེལ་བའི་ནང་། བོད་པའི་སློབ་ཕྲུག་ལ་རྒྱབ་སྐྱོར་གནང་མཁན་རྒྱ་གར་གྱི་ཁྲིམས་རྩོད་པ་ཀེ་ཨར་ཝིན་དྷི་(K Arvind) ཞེས་པ་ཞིག་གིས། ཏ་མིལ་ནཱ་དྷུའི་(Tamil Nadu) ཉེན་རྟོག་པས་སྲིད་བློན་མུ་དྷི་དང་སྲིད་འཛིན་ཞི་ཅིན་ཕིན་གྱི་ཐུག་འཕྲད་མ་བྱུང་གོང་ནས་བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་དང་། བོད་པའི་སློབ་ཕྲུག་འགའ་ཤས་འཛིན་བཟུང་བྱས་འདུག་ཀྱང་། ཉེན་རྟོག་ཕྱོགས་ལ་ཁོང་ཚོར་འཛིན་བཟུང་བྱེད་རྒྱུའི་གཞི་རྩ་གང་ཡང་མེད། ཅེས་དང་། ཉེན་རྟོག་པས་སྡོད་ཁང་ནང་ཡིག་རྒྱུགས་ལ་གྲ་སྒྲིག་བྱེད་བཞིན་པའི་སློབ་མ་རྣམས་འཛིན་བཟུང་བྱས་འདུག སློབ་མ་དེ་ཚོས་ཐ་ན་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡང་མེད་པ་རེད། ཁོང་ཚོས་རང་གི་ཡིག་རྒྱུགས་ཁོ་ནར༡་སེམས་འཁྲལ་བྱེད་བཞིན་ཡོད་པ་རེད། ཅེས་བརྗོད་འདུག་པ་མ་ཟད། ཁྲིམས་རྩོད་པ་ཨར་ཝིན་དྷི་ལགས་ཀྱིས་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ད་ལན་གྱི་གནས་ཚུལ་དེ་ཞུ་གཏུག་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༥ ཉིན་རྒྱ་གར་ལྷོ་ཕྱོགས་ཊ་མིལ་ནཱ་དྷུ་མངའ་སྡེའི་ཝེ་ལོམ་པོ་རཱམ་ (Viluppuram) ས་གནས་ཉེན་རྟོག་པས་བོད་དོན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་འཛིན་བཟུང་བྱས་ཏེ། ས་གནས་ཀྱི་ཀོ་ཏ་ཀུ་པཱམ་ཉེན་རྟོག་ཁང་དུ་བཀག་ཉར་བྱས་རྗེས། ཕྱི་ཚེས་༦ ཉིན་ཁོང་ཅི་ནཡེ་བྷ་ཛལ་དབུས་བཙོན་ཁང་ནང་དུ་བཅུག་ཡོད་འདུག ཀོ་ར་ཀུ་པཱམ་ཉེན་རྟོག་ཁང་གིས་གསར་འགོད་པར། དེ་གའི་ཉེན་རྟོག་ཁང་ལ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་སྲིད་འཛིན་ཞི་ཅིན་ཕིན་གྱི་ལྟ་སྐོར་དང་བསྟུན། ངོ་རྒོལ་ལས་འགུལ་ཞིག་སྤེལ་འཆར་ཡོད་པའི་གསང་བའི་གནས་ཚུལ་ཞིག་འབྱོར་ཡོད་པ་དང་། ཁོང་རང་འཛིན་བཟུང་བྱེད་སྐབས་ཁོང་གི་ལག་ན་བོད་རང་བཙན་གྱི་འཕྲེད་དར་དང་འགྲེམ་ཡིག་ཡོད་སྐོར་བརྗོད་འདུག་ལ། བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ད་ལན་ཙམ་མ་ཡིན་པར་དེ་སྔ་ཕྱི་ལོ་ ༢༠༠༢ ལོ་དང་ ༢༠༠༥ སོགས་སུའང་། རྒྱ་ནག་གི་སྲིད་འཛིན་སྲིད་བློན་རྒྱ་གར་དུ་བསླེབས་སྐབས། བོད་རང་བཙན་གྱི་འཕྲེད་དར་འཕྱར་བ་ཏེ་ངོ་རྒོལ་གནང་བའི་རྐྱེན་གྱིས་རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་རེད།ཁ་སང་རྒྱ་གར་ཧིན་དྷུ་སི་ཏཱན་དུས་བབ་ (Hindustan Times) ཀྱིས་དེའི་སྐོར་གནས་ཚུལ་སྤེལ་བའི་ནང་། བསྟན་འཛིན་བརྩོན་འགྲུས་ལགས་འཛིན་བཟུང་བྱས་རྗེས། མངའ་སྡེ་གཞུང་གིས་མངའ་སྡེའི་ས་གནས་ཉེན་རྟོག་ཁང་དག་ལ་བོད་མི་འདུས་སྡོད་གཞིས་ཆགས་ཁག་ལ་ལྟ་རྟོག་ནན་པོ་བྱེད་དགོས་སྐོར་དང་། ལས་འགུལ་རིགས་སྤེལ་འཆར་ཡོད་མེད་ཐད་གནས་ཚུལ་མཁོ་སྒྲུབ་བྱེད་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་ལྟར། འདི་གའི་གསར་འགོད་པས་བྷེང་ལོར་དང་མེ་སོར་ཁུལ་གྱི་བོད་པའི་སློབ་ཕྲུག་ཚོགས་པའི་མགོ་འཁྲིད་དག་ལ་ཁུལ་དེར་དམ་དྲག་ཡོད་མེད་དྲིས་པར་ད་ལྟའི་ཆར་བྷེང་ལོར་ཁུལ་དུ་དམ་དྲག་མི་འདུག་ཀྱང་། མེ་སོར་ཁུལ་དུ་གཞུང་གི་ཉེན་རྟོག་པའམ་གསང་བའི་ལས་ཁུངས་ཀྱི་མི་སྣ་ཞིག་སླེབས་ཏེ། བོད་པའི་སློབ་ཕྲུག་རྣམས་ཀྱིས་ངོ་རྒོལ་ལས་འགུལ་རིགས་སྤེལ་འཆར་ཡོད་མེད་ཐད་འདྲི་རྩད་བྱས་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༦ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༧ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༧ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༨ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

མཆན། 2

  1. བསོད་ནམས་རྒྱལ་མཚན། says:
    ལོ་ 7 སྔོན།

    ངེད་ཅག་བོད་པ་ཚང་། རྒྱ་དཀར་ནག་གཉིས་ཀྱི་ གཡོ་རྒྱུ་ལ་ མགོ་འཁོར་དོག་མེད། ཟབ་ཟབ་གནང་། རྒྱ་གར་གྱི་དཔེ་ལ་་་ ལྕགས་ཀྱི་ལྕགས་གཏུབ་ཟེར། ? ? ?

    Reply
  2. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 7 སྔོན།

    ད་ང་ཚོའི་གནས་ཚང་གཞུང་ལ་ཐུགས་ཁག་མི་འདུག་ང་ཚོའི་ནུས་པ་ཐོན་པའི་ལས་འགུལ་སྤེལ་
    རྒྱུ་མེད་པར་གནས་ཡུལ་གཞུང་ལ་མཛད་དཀའ་དང་སྲུན་པོ་མ་བཟོས་ན་ཡག་ང་ཚོའི་ལས་འགུལ་
    གང་སྤེལ་ཀྱང་ནུས་པ་ཐོན་པ་ཞིག་སྤེལ་དགོས་པ་ལས་གནས་ཡུལ་གཞུང་སྲུན་པོ་བཟོ་ཐུབ་པ་ཙམ་གྱི་
    ང་ཚོའི་ལས་འགུལ་ལ་སྒྲུབ་འབྲས་ཐོན་པར་ནམ་ཡང་ངོས་འཛིན་བྱ་མི་ཉན་པ་དང་རྒྱ་མིའི་
    དཔོན་པོ་རྒྱ་གར་དུ་འབྱོར་གྱི་ཡོད་ན་དབུས་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་དང་
    ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་ནག་གི་དཔོན་པོ་ཐུགས་རྒྱུའི་ཐབས་ཤེས་
    གནང་དགོས་པ་དེ་དབུ་མའི་ལམ་གྱི་སྙིང་དོན་གཉིས་སྨན་དབུ་མའི་ལམ་ཟེར་བ་ནས་མི་དང་མི་
    ཐུག་ནས་ཕར་བཤད་ཚུར་ཉན་དང་ཚུར་བཤད་ཕར་ཉན་རྒྱུད་ནས་བོད་རྒྱའི་དཀའ་སྙོགས་སེལ་
    ཐུབ་པའི་ཐབས་ལམ་ཚོལ་དགོས་པ་ལས་རྒྱལ་སྤྱིའི་ནང་ཁ་དམག་ལ་འགན་འཁུར་ཐུབ་པ་ཙམ་
    གྱི་བོད་རྒྱའི་དཀའ་སྙོགས་སེལ་མི་ཐུབ་ལ་ངོ་རྒོལ་ལས་འགུལ་སྤེལ་ཐུབ་ཙམ་གྱི་བོད་རྒྱའི་དཀའ་
    སྙོགས་དེ་བས་ཀྱང་སེལ་མི་ཐུབ་པ་དེ་ཡང་ང་ཚོའི་གསལ་པོ་ཤེས་དགོས་པ་བཅས་དོན་དངོས་ལྔ་
    དང་ལྔ་བཅུའི་ལས་འཆར་ལ་ང་ཚོའི་འགན་འཁུར་ནས་གོང་ས་མཆོག་གི་སྐུ་དུས་འདིར་བོད་རྒྱའི་
    དཀའ་སྙོགས་སེལ་དགོས་པ་ནི་གཉིས་སྨན་དབུ་མའི་ལམ་ལ་བོད་རྒྱའི་འགོ་འཁྲིད་ནས་འགན་
    འཁུར་ནས་མི་དང་མི་ཐུག་ནས་ཡིད་ཆེས་དང་གུས་བརྩི་བསམ་ཤེས་དང་གུ་ཡངས་རྒྱུད་ནས་བོད་
    རྒྱའི་དཀའ་སྙོགས་མ་འགྲིག་པའི་ཆ་དེ་འགྲིག་པ་བཟོ་དགོས་པ་དང་མ་ཚང་བའི་ཆ་དེ་ཚང་
    བ་བཟོ་དགོས་པའི་འགན་དེ་བོད་རྒྱ་གཉིས་ཀྱི་ད་ལྟའི་འགོ་འཁྲིད་ཚོར་ཡོད་པ་ལས་མི་མང་
    གི་ལག་ཏུ་མེད་པ་དེ་ཡང་ཕྱོགས་གཉིས་ཀས་གསལ་པོ་མཁྱེན་དགོས་བཅས་དབུ་མའི་ལམ་རྒྱལ་
    རྒྱུར་ཅིག།

    ་

    Reply
    • ཚེ་བརྟན་འགྱུར་མེད། says:
      ལོ་ 7 སྔོན།

      ༑ ཚེ་དབང་ལགས། ནུས་པ་དོན་མེད་ན་དབང་ཡོན་ལྡན་པའི་རྒྱ་གཞུང་དེ་ལྷིང་ངེས་བསྡད་འདུག་གས་གྲུབ་འབྲས་ཡོད་མིན་ལ་མ་བལྟོས་པར་གཅིག་ཤོར་གཉིས་མཐུད་ཀྱི་བོད་མིོའི་ལས་འགུལ་ལ་ངང་ངང་ཤུགས་ཤུགས་ཀྱིས་གནོད་ཤུགས་སྤེལ་བཞིན་མིན་འདུག་གམ།
      བོད་རྒྱ་ཞི་མོལ་དེ་རྒྱ་ནག་ནས་༸གོང་ས་མཆོག་ཉིད་ལས་གཞུང་མཉམ་ཞུ་འདོད་མེད་པ་ད་བར་གྱི་སྲིད་བྱུས་རེད་པ། ཉེ་དུས་༸གོང་ས་མཆོག་ནས་གནས་དོན་ཐད་བཀའ་སློབ་ཞིག་ཀྱང་ཕེབས་འདུག་ག ཡིན་ཀྱང་ལམ་ཡོད་ན་གཞུང་དང་གྲོས་ཚོགས་གཉིས་ནས་ཁྱེད་ཀྱིས་དགོངས་པ་ལྟར་ཞུས་ན་ཁྱེ་ལས་གྱོོང་ག་ནས་འོང་། དེ་ལྟར་ཞུ་ཡི་ཡོད་གཤའ་ལ། གང་ལྟར་ཡང་ལས་དོན་སྤེལ་དགོས་པ་ལས་དེ་མིན་སོ་སོའི་ཁང་པའི་ནང་རྒྱ་བོད་སུའི་རྒྱལ་དར་ཆར་ནས་བསྡད་ནའང་ཕན་མི་ཐོག

      སྐད་འབོད་རྒྱག་རྒྱུ་དེ་དམངས་གཙོའི་ཁེ་དབང་ངམ། ཞི་བའི་ལམ་མམ། དབང་མེད་པས་ལག་ཆའམ། ག་རེ་བསམ་ཡང་འཐུས་པའི་ཁ་བཤད་ལག་དོན་དུ་བསྟར་རྒྱུའི་ལམ་བཟང་གཅིག་ཡིན། དེར་སོང་ད་རེས་རྒྱ་གར་ནང་རྒྱའི་དཔོན་ཕེབས་དུས་སུ་ངོ་རྒོལ་ཞུ་ཐབས་ཞུས་པ་རང་དོན་རང་གཅེས་ཡིན་ཀྱང་དགའ་བསུ་ཞུ་ཡི་ཡིན། ངོ་རྒོལ་མ་བྱེད་རྒྱུའི་འབོད་བསྐུལ་དེ་སྔའང་ཞུས་ཡོད་ལ་ཕན་ཐོག་བྱུང་བ་ཤེས་མ་སོང་ཀྱང་བོད་མིའི་ནང་ད་ཆ་ངོ་བརྒོལ་ཞུས་ན་འགྲིག་གམ་མི་འགྲིག་ཅེས་ཐེ་ཚོམ་བྱེད་མཁན་ཕལ་ཆེར་ཡོད་ས་རེད། རྒྱ་མིས་བོད་པར་རང་བཙན་སྤྲོད་འདོད་མེད་ན་ལམ་དབུ་མ་གཉིས་ཕན་གྱི་ལམ་ལ་འཇུག་རྒྱུ་དེ་ཐབས་བཟང་ཤོས་དེ་རེད། དེར་སོང་རང་རེའི་དབུ་འཁྲིད་ཁོང་གི་བཀའ་ལ་སྲུང་བརྩི་དྭང་བསྐུར་ཡོད་ན་རང་བཙན་གྱི་འབོད་སྒྲ་འདོན་ནའང་ལམ་དབུས་མ་ལ་ཕན་པ་ལས་གནོད་པ་ངས་མི་མཐོང། རྒྱུ་མཚན་བཀོད་རྒྱུ་ཡོད། ལམ་དབུ་མར་འགྲོ་ཡི་ཡིན་ཞེས་བེམ་པོ་ལྟར་བསྡད་ན་རྒྱ་མིས་རྡོག་ཧྲུལ་གཏོང་རྒྱུ་ལས་གཞན་མི་མཐོང།

      ཡང་། སྐད་འབོད་སོགས་ལས་འདས་པའི་ཐབས་ལམ་གཞན་དཔེ་ན་རྒྱ་མིའི་དཔོན་ཁག་ནམ་འོང་ལ་རྒྱའི་དར་ཆ་འཁྱེར་ནས་དགའ་བསུ་ཞུས་ན་ལོ་ཤས་རྗེས་་༼་ལོ་༡༠༠ ཡས་མས༽ཞི་མོལ་ཡོང་རྒྱུའི་ངེས་པ་བཪྙེད་ཀྱི་ཡོད་ན་ལོས་ཞུ། ཡིན་ཀྱང་ད་ལྟའི་རྒྱ་གཞུང་གིས་བྱ་ལམ་ལ་ཞིབ་ན་ཁག་པོ་ཡིན་འདུག

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese