མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡང་གཞོན་ནུའི་ལས་འགུལ་བ་ལྔ་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༡༩/༡༠/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་རྒྱབ་ཙམ་ལ་རྒྱ་གར་ལྷོ་ཕྱོགས་སུ་བོད་ཀྱི་གཞོན་ལྷན་ཚོགས་ཀྱི་ལས་འགུལ་བ་སློབ་མ་ ༥ རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུགདེ་རིང་ཉིན་རྒྱབ་ཏུ་སློབ་ཕྲུག་དེ་ཚོ་ཞི་ཅིན་ཕིན་ཡོང་འཆར་ཡོད་པའི་ཅེ་ནའེ་གྲོང་ཁྱེར་གྱི་ཉེ་འཁྲིས་མཱ་མཱ་ལཱ་པུ་རམ་ (Mamallapuram) གྲོང་སྡེའི་རྒྱ་མཚོའི་ཁར་ཕྱིན་ཏེ། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་མཚམས་འཇོགས་དགོས་པའི་འཕྲེད་དར་དང་བོད་ཀྱི་རྒྱལ་དར་འཕྱར་ཏེ། རྒྱ་གར་ཀྱི་སྲིད་བློན་བློན་མོ་དྷི་མཆོག་ལ་བོད་ཀྱི་གནད་དོན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ཐུག་འཕྲད་སྐབས་ངེས་པར་དུ་གླེང་སློང་དགོས་པ་དང་། ཞི་ཅིན་ཕིན་ལ་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཚམས་འཇོག་དགོས་པའི་ཞུ་འབོད་བྱས་ཏེ། བོད་ཀྱི་རྒྱལ་དར་འཕྱར་བ་དང་། རྒྱ་ནག་གཞུང་གི་བཙན་གནོན་འོག་བོད་མི་རྣམས་ཀྱིས་རང་ལུས་མེར་བསྲེགས་གནང་ཡོད་པའི་པར་སོགས་བཟུང་ནས་ངོ་རྒོལ་ལས་འགུལ་སྤེལ་བར་བརྟེན། ཅེ་ནའེ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག

འདི་གའི་གསར་འགོད་པས་དབུས་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་སུ་སློབ་མ་དེ་ཚོའི་ད་ལྟའི་གནས་སྟངས་གང་འདྲ་ཆགས་ཡོད་མེད་དྲིས་པར་ཁོང་གིས། ཁོང་ཚོ་སློབ་མ་རྐྱང་རྐྱང་ཡིན་ལ། རིང་ཉིན་རྒྱབ་ཙམ་ལ་འཛིན་བཟུང་བྱས་ཡོད་པ་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནས་ཕྱིར་མ་ལོག་བར་དུ་ཉེན་རྟོག་པས་ཁོང་ཚོ་ཀློད་གློལ་གཏང་རྒྱུ་མིན་པ་གསལ་པོ་ཡིན་སྐོར་བརྗོད་བྱུང་།

གཞན་ཡང་། རྒྱ་གར་ཉེན་རྟོག་པས་ངོ་རྒོལ་བྱ་འཆར་ཡོད་པའི་ཉེས་མིང་འོག་ལས་འགུལ་བ་དང་མ་རྡ་ར་སི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་བཅས་ཉུང་མཐར་བོད་མི་ ༩ འཛིན་བཟུང་བཙོན་འཇུག་བྱས་ཡོད་སྟབས།  རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Core Group for Tibetan Cause-India)དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། གཞོན་ནུ་ལྷན་ཚོགས་བཅས་ནས་ནག་ཉེས་གང་ཡང་མེད་པའི་སློབ་ཕྲུག་རྣམས་གང་བྱུང་འཛིན་བཟུང་བཙོན་འཇུག་བྱས་པར་སྐྱོན་བརྗོད་དང་སྦྲགས། བོད་མི་དེ་རྣམས་འཕྲལ་དུ་ཀློད་གྲོལ་ཡོང་ཐབས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་དང་། དེ་བཞིན་མ་རྡ་ར་སི་གཙུག་ལག་སློབ་གཉེར་ཁང་གི་རྒྱ་གར་བ་སློབ་ཕྲུག་ ༢༠ ཙམ་གྱིས། ང་ཚོ་བོད་རིགས་སློབ་ཕྲུག་ཚོ་དང་མཉམ་དུ་ཡོད་ཅེས་པའི་གཏམ་བསྒྲགས་བཀོད་པའི་འཕྲེད་བྱང་འཁུར་ཏེ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་ཡོད་འདུགདེ་རིང་རྒྱ་གར་རྒྱལ་ཡོངས་བོད་རང་བཙན་སློབ་ཕྲུག་ཚོགས་པས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་གར་ནི་དམངས་གཙོ་དང་རང་དབང་གི་ལུང་པ་ཞིག་ཡིན་སྟབས་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་བྱས་དང་བྱེད་མུས་ཡིན་པར་ཡིད་ཆེས་ཡོད་སྐོར་དང་། བོད་རང་དབང་ནི་རྒྱ་གར་གྱི་བདེ་འཇགས་ཡིན་པ། རྒྱ་ནག་གཞུང་ནས་བོད་མིའི་འབོད་སྒྲ་མངོན་ཆུང་བཟོ་ཐབས་བྱེད་ཀྱི་ཡོད་པས། སློབ་ཕྲུག་ཚོགས་པ་དང་བཀག་ཉར་བྱས་ཟིན་པའི་སློབ་མ་ཚོས་སྲིད་བློན་མུ་དྷུ་མཆོག་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བློ་ཚབ་རང་བཞིན་ཅན་ཡིན་སྐོར་གླེང་སློང་དགོས་པ་དང་། འཛམ་གླིང་གི་མགོ་འཁྲིད་ཚོས་ལོ་རྒྱུས་ཀྱི་བདེན་པའི་ཕྱོགས་ནས་ལངས་རྒྱུའི་ཞུ་སྐུལ་དང་། འཛིན་བཟུང་བྱས་པའི་ལས་འགུལ་བ་འཕྲལ་དུ་ཀློད་གྲོལ་དགོས་པ་བཀོད་འདུག

འདས་པའི་བདུན་ཕྲག་གཅིག་མ་ཟིན་ཙམ་ནང་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་མི་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྒྱུན་ལས་སོགས་ཉུང་མཐར་བོད་མི་ ༡༤ རྒྱ་གར་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། མ་རྡ་ར་སི་སློབ་ཕྲུག་ཚོགས་པའི་ཚོགས་མི་ ༣༢ ཙམ་ལ་ངོ་རྒོལ་ལས་འགུལ་ནང་ཞུགས་རྒྱུ་མིན་པའི་ཁས་ལེན་ཡི་གེར་མིང་རྟགས་འགོད་དུ་བཅུག་པ་དང་། ངོ་རྒོལ་ནང་ཞུགས་ན་སོ་སོའི་མ་འོངས་མདུན་ལམ་ལ་གནོད་པ་ཡོང་རྒྱུ་ཡིན་སྐོར་སོགས་ཀྱི་ཉེན་བརྡ་བཏང་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 0

  1. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 7 སྔོན།

    རང་ཡུལ་དང་རང་དབང་རང་བཙན་སོགས།
    རང་མི་རིགས་འཚོ་བའི་མདུན་ལམ་རེད།
    རང་མི་དང་རང་དོན་རང་ལས་སོགས།
    རང་ཡུལ་སྐྱོབས་ལ་རང་བཙན་དགོས།

    Reply
  2. Lobsang Wangdu says:
    ལོ་ 7 སྔོན།

    ཝཻ། ? ཐུགས་རྗེ་གཟིགས། ? བོད་ཀྱི་དུས་བབ་ཚང་། Tibettimes བོད་ཀྱི་དུས་བབ་ཚང་དེ་ གནས་ཚུལ་ཚད་ལྡན་ཞིག་ཡིན་པ་ཡིན་ན་་་ མདོ་སྟོད་ཆུ་བཞི་སྒང་དྲུག་ཟེར་མཁན་དང་། བོད་ཀྱི་གཞོན་ནུ་ཟེར་མཁན་དང་། བོད་རང་བཙན་སློབ་ཕྲུག་ཟེར་མཁན། འཇམ་དབྱངས་ནོར་བུ་ཟེར་མཁན། ཕན་མེད་ཀྱི་ཚོགས་པ་ཁྱ་ལེ་ཁྱོ་ལེ་དེ་ཚོ་དྲས་ དུས་བབ་ནང་མ་བཀོད་རོགས། ང་ཚོ་ཉི་མ་མ་འཁྱོལ་མཁན་དེ་འདྲ་མིན། ??? དངོས་ནས་འདི་ལས་ མི་མང་གིས་འདམ་པའི་ སྤྱི་མཐུས་་་ གྲོས་ཚོགས་ནང་ གསུང་མཁྱོན་ནས་བྱོན་རྒྱུ་མེད་མཁན་སྤྱི་མཐུས། མི་མང་ལ་རྒྱག་རེས་རྒྱག་མཁན་སྤྱི་མཐུས། བོད་ཀྱི་འབྲེལ་བསྒྲག་ཁ་ལ་འཁྱེར་ནས་ ཡུལ་སྐོར་སྤྲོ་འཆམ་ཕེབས་མཁན་སྤྱི་མཐུས། འདི་གེ་དེ་གང་མང་མང་བཀོད་ཐུབ་ན་ཡག་པོ་འདུག རྗེས་མ་ང་ཚོ་སྐྱར་དུ་འདམ་མཆོག་གི་རེད་པ། ???

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese