མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

 ཉི་ཧོང་ནང་རང་བྱུང་གོད་ཆག་ཆེན་པོ་བྱུང་བར་ཐུགས་གསོ་མཛད།

བོད་ཀྱི་དུས་བབ།
༢༠༡༩/༡༠/༡༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འདས་པའི་ཉིན་གྲངས་ ༢ རིང་ཉི་ཧོང་གི་རྫོང་ཁག་ ༡༡ ནང་མཚོ་རླུང་ཤུགས་ཆེན་གཡུགས་ཏེ་མི་གྲངས་ ༤༠ ལྷག་རྐྱེན་འདས་སུ་ཕྱིན་པར་ཐུགས་གསོའི་གསུང་འཕྲིན་བསྩལ་འདུགདེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ནས་བསྟུན་མར་ཉིན་ ༢ རིང་ཉི་ཧོང་གི་རྒྱ་ས་ཊོག་ཡོག་གཙོའི་རྫོང་ཁག་ ༡༡ ནང་ཧཱ་ཇེ་བྷེ་སི་(Hagibis)མཚོ་རླུང་གཡུགས་ཏེ། མི་གྲངས་ ༤༠ ལྷག་རྐྱེན་འདས་དང་མི་ ༡༦ ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། དེ་རིང་ནས་མཚོ་རླུང་གཡུག་མཚམས་བཞག་ཡོད་ན་ཡང་། མཚོ་རླུང་རྐྱེན་གྱིས་གཙང་བོ་ཁག་རྒྱས་པ་དང་། འདམ་ཉིལ་དང་རི་ཉིལ་ཡོང་བ་སོགས་ཀྱི་འཇིགས་སྣང་ཆེན་པོ་ཡོང་གི་ཡོད་འདུག

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྲིད་བློན་ཤིན་ཛོ་ཨ་བྷེ་མཆོག་གི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་བའི་ནང་། ངོས་ནས་ཧཱ་ཇེ་བྷེ་མཚོ་རླུང་ཁྲོད་ཚེ་སྲོག་ཤོར་བའི་འདས་པོ་རྣམས་ཀྱི་ཤུལ་ལུས་ནང་མི་ཚོར་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད་ལ། སྲིད་བློན་མཆོག་དང་ཁོང་གིས་དབུ་འཁྲིད་པའི་གཞུང་ནས་རང་བྱུང་གནོད་སྐྱོན་གྱི་སྔ་རྗེས་སུ་དོན་ཕན་ལྡན་པའི་རོགས་རམ་གནང་བཞིན་པར་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད་སྐོར་གསུངས་འདུག འདས་པའི་ལོ་མང་ནང་ཉི་ཧོང་དུ་ཆིབས་བསྒྱུར་ཐེངས་དུ་མར་བསྐྱངས་མྱོང་བ་དང་། ཡུལ་དེའི་མི་མང་གིས་མཛའ་བརྩེ་དང་ཐུགས་འཁུར་ཆེན་པོ་གནང་བ་ལ་བརྟེན་ནས་ཁོང་ཉིད་ནས་འགྲོ་བ་མིའི་རིགས་ཀྱི་རིན་ཐང་ལྟ་བ་དང་ཞི་བདེའི་བསམ་བློ་གོང་འཕེལ་དུ་གཏོང་བའི་མཛད་པར་ཐུགས་བསྐྱེད་བསྐྲུན་ཡོད་སྐོར་སོགས་གསུངས་འདུག

ཉི་ཧོང་སྲིད་བློན་ཤིན་ཛོ་ཨ་བྷེ་མཆོག་གིས་བློན་ཆེན་ཁག་དང་ཛ་དྲག་ཚོགས་འདུ་ཚོགས་ཏེ། གནོད་ཐེབས་ས་ཁུལ་ཁག་ཏུ་རྒྱལ་ཡོངས་རང་བཞིན་གྱི་གནོད་ཐེབས་མྱུར་སྐྱོབ་གཏོང་རྒྱུ་དང་། དམིགས་བསལ་མཚོ་རླུང་གིས་གནོད་སྐྱོན་ཤུགས་ཆེར་ཐེབས་པ་ཁག་ཛ་དྲག་ངང་སྐྱོབ་དགོས་པའི་བཀའ་བཏང་ཡོད་པ་མ་ཟད། གནོད་ཐེབས་ཁྲོད་འདས་གྲོངས་སུ་སོང་བའི་ནང་མི་གཉེན་འབྲེལ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་སེམས་གསོ་ཞུས་ཡོད་པ་དང་། ད་ལྟའི་ཆར་གཞུང་གི་དམག་མི་གྲངས་ ༣༡༠༠༠ ལྷག་དང་གནོད་སེལ་མྱུར་སྐྱོབ་ལས་མི་སོགས་ཁྱོན་མི་གྲངས་ ༡༠༠༠༠༠ ལྷག་གིས་གནོད་ཐེབས་ས་ཁུལ་ཁག་ཏུ་ཛ་དྲག་མྱུར་སྐྱོབ་དང་ཆུ་འདམ་གཙང་བཟོ་བྱེད་བཞིན་ཡོད་འདུགཉི་ཧོང་རྒྱལ་ཡོངས་བརྙན་འཕྲིན་ཁང་(NHK)གིས་སྤེལ་བའི་གནས་ཚུལ་ལྟར་ན། ད་དུང་ཉི་ཧོང་གི་རྫོང་ཁག་ ༦ ལྷག་གི་དུད་ཁྱིམ་ ༤༨༩༠༠ ལྷག་ལ་གློག་མཐུད་ཐུབ་མེད་པ་དང་། མི་གྲངས་ས་ཡ་ ༧ ལྷག་སྔར་བཞིན་སྡོད་གནས་མེད་པར་ས་ཆ་གཞན་དུ་གནས་སྤོར་གྱིས་འདུག་དགོས་བྱུང་ཡོད་པ་དང་། ཉི་ཧོང་མཚོ་རླུང་རྐྱེན་གྱིས་རི་ཉིལ་གྲངས་ ༤༨ བྱུང་ཡོད་པ་དང་། ད་ལྟ་མུ་མཐུད་ཆར་རླུང་དང་དྲག་ཆར་འབབ་རྒྱུའི་ཉེན་ཁ་ཡོད་པ་དང་། མཚོ་རླུང་བྱུང་བ་ནས་ཉི་ཧོང་རྒྱལ་ཡོངས་སུ་གནམ་གྲུ་ཐེངས་ ༡༦༠༠ ལྷག་འཕུར་མཚམས་བཞག་ཡོད་པ་ཡོད་སྐོར་སོགས་བརྗོད་འདུག

ཐེངས་འདིའི་རླུང་འཚུབ་དེ་ནི་ཉི་ཧོང་གི་འདས་པའི་ལོ་ངོ་ ༦༠ ལྷག་གི་ནང་རྒྱ་མཚོའི་རླུང་འཚུབ་ཆེ་ཤོས་ཤིག་ཆགས་ཡོད་པ་དང་། ཧཱ་ཇཱེ་བྷེ་སི་རླུང་འཚུབ་ནི་ཧ་ཅང་དྲག་ཤུགས་དང་མྱུར་མགྱོགས་ལྡན་པ་ཞིག་ཡིན་འདུག  ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༡ ཉིན་ས་ཡོམ་ཚད་རིམ་ ༩ ཅན་ཞིག་བྱུང་བ་དང་། མཚོ་སྐྱོམ་རླུང་འཚུབ་ཁྲོད་མི་གྲངས་ཁྲི་ ༣ ལྷག་འདས་གྲོངས་སུ་ཕྱིན་ཞིང་། མི་གྲངས་ས་ཡ་མང་པོ་སྡོད་གནས་མེད་པར་གྱུར་བའི་གོད་ཆག་དེ་ནི་ཉི་ཧོང་གི་ལོ་རྒྱུས་ཁྲོད་ཀྱི་རང་བྱུང་གནོད་ཚབས་ཆེ་ཤོས་དེ་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༢༡ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

མཆན། 0

  1. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 7 སྔོན།

    འཇིག་རྟེན་ཧྲིལ་པོ་འབྱུང་བཞིའི་འོག་ཏུ་གནས།
    འབྱུང་བཞིར་ཁ་ལོ་བསྒྱུར་བའི་ཚན་རིག་མེད།
    ཚན་རྩལ་རིག་པས་འཇིག་རྟེན་ཉེན་ཁར་བཅུག།
    འབྱུང་བཞི་འཁྲུགས་པའི་རྩ་བ་ཚན་རྩལ་རིག།

    ས་ཆུ་མེ་རླུང་འཁྲུགས་པའི་ཉེན་ཁའི་འོག།
    འཇིག་རྟེན་སྐྱེ་འགྲོའི་ཚེ་སྲོག་སྐད་ཅིག་ཙམ།
    སྣང་སྟོང་ཆོས་སྐུ་ཡིན་པ་ངོ་མ་ཤེས།
    རང་སེམས་སངས་རྒྱས་ཡིན་པ་དོན་མ་རྟོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese