མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་རྒྱལ་གཞན་ཕམ་གྱི་བསམ་བློ་གཏོང་སྟངས་དེ་རྗེས་ལུས་ཀྱི་བསམ་བློ་རེད།

བོད་ཀྱི་དུས་བབ།
༢༠༡༩/༡༠/༡༦
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ནང་དུ་བོད་ནང་གི་ཆོས་དང་རིག་གཞུང་། ཁོར་ཡུག་སོགས་ཀྱི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་གནང་འདུགཁ་སང་ཕྱི་ཚེས་ ༡༥ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་རྗོ་རེ་ཨོ་བྷིར་ཧྥེལ་ཛིར(Jiří Oberfalzer)ལགས་ཀྱི་གདན་ཞུའི་འོག ཡུལ་དེའི་གྲོས་ཚོགས་གོང་མའི་ནང་དུ་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་དང་། སྐབས་དེར་གྲོས་ཚོགས་འཐུས་མི་སྐུ་ཞབས་པཱ་ཝལ་ཧྥེ་སི་ཁིར་(Pavel Fischer)མཆོག་དང་། ཡུལ་དེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་པཱི་རེ་མཱེ་སིལ་རཱ་བྷ་སི་(Přemysl Rabas)མཆོག་བཅས་བཅར་ཡོད་པ་དང་། སྲིད་སྐྱོང་མཆོག་ནས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་གཙོའི་བོད་ཀྱི་ཁོར་ཡུག་སོགས་ལ་རྒྱ་ནག་གཞུང་གིས་གཏོར་བཤིག་བཏང་དང་གཏོང་བཞིན་ཡོད་པའི་སྐོར་ལ་གཏམ་བཤད་གནང་ཡོད་པ་དང་། ཡུལ་དེའི་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྩ་ཁྲིམས་ལ་བརྩི་བཀུར་ཞུས་ཐོག་བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ངེས་པར་སྤྲོད་དགོས་པའི་རེ་འདུན་ཤུགས་ཆེན་བཏོན་ཡོད་འདུག

སྲིད་སྐྱོང་མཆོག་གིས་གྲོས་ཚོགས་གོང་མའི་ནང་གཏམ་བཤད་གནང་སྐབས། བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་སུན་གཙེར་དང་། དམ་དྲག། བོད་ཀྱི་ཆོས་དང་སྐད་ཡིག་ལ་དངོས་ཤུགས་བརྒྱུད་གསུམ་ནས་རྩིས་མེད་རྡོག་རོལ་དང་མཐོང་ཆུང་ཁྱད་གསོད་བྱས་དང་བྱེད་བཞིན་པར་བརྟེན། བོད་མི་རྣམས་རང་ཡུལ་དུ་གྲལ་རིམ་གཉིས་པའི་མི་སེར་གྱི་གནས་བབ་འོག་ཚུད་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༥༣ གྱིས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་གི་དྲག་པོའི་དབང་སྒྱུར་བྱེད་བཞིན་པར་ཞི་རྒོལ་གནང་ཡོད་པ་དང་། ལྷག་པར་རྒྱ་ནག་གཞུང་གིས་དེང་སྐབས་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་ཆོས་སྒར་སོགས་དགོན་པ་གཏོར་བཤིག་དང་། གྲྭ་བཙུན་དགོན་པ་ནས་ཕྱིར་འབུད་བཏང་ཡོད་པ་མ་ཟད། གྲྭ་བཙུན་དེ་དག་དགོན་པ་ནས་ཕྱིར་འབུད་བཏང་ཟིན་མཚམས་རྒྱལ་ཞེན་གྱི་སློབ་གསོ་ཟེར་བའི་ལས་འགུལ་སྣ་ཚོགས་འོག་བོད་མི་ཉམ་ཆུང་དེ་དག་གིས་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པའི་སྐོར་གསུངས་འདུགཡང་སྲིད་སྐྱོང་མཆོག་གིས་བོད་ཀྱི་ཁོར་ཡུག་སྐོར་ལ་གསུངས་སྐབས། བོད་ཀྱི་ཁོར་ཡུག་ཐོག་རྒྱ་ནག་གཞུང་གིས་དོགས་ཟོན་སྤུ་ཙམ་མེད་པར་འཕྲལ་གྱི་དཔལ་འབྱོར་ཁེ་བཟང་ཁོ་ནར་དམིགས་ནས་གཏོར་བཤིག་ཚབས་ཆེན་བཏང་དང་གཏོང་བཞིན་པ་དང་།   བོད་མཐོ་སྒང་ནི་ཨེ་ཤ་ཡའི་ཆུ་མགོ་ལྟ་བུ་ཆགས་ཡོད། ཁུལ་དེའི་གཙང་པོ་ཆེ་ཁག་དྲུག་གི་འབྱུང་ཁུངས་བོད་མཐོ་སྒང་ཆགས་ཡོད་པར་བརྟེན་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་མི་འབོར་ཐེར་འབུམ་པོའི་འཚོ་བའི་རྟེན་གཞིར་གྱུར་ཡོད་པ་དང་། ལྷག་པར་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ས་གནས་སོ་ནམ་འདེབས་ལས་བྱེད་སྟངས་ལ་མིས་ཤུགས་རྐྱེན་སྤྲད་རྐྱེན་བོད་ས་མཐོའི་འཁྱག་རོམ་དེ་དག་མྱུར་དུ་ཞུ་བཞིན་ཡོད་པ་དང་། མཁའ་རླུང་ནག་རྫས་སོགས་ཀྱིས་གོ་ལའི་གནམ་གཤིས་ལའང་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་སྐོར་གསུངས་པ་དང་འབྲེལ། གྲོས་ཚོགས་འཐུས་མི་རྣམས་དང་ལྷན་དུ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་རྩོད་བཞིན་པའི་གནས་སྟངས་སྐོར་བཀའ་མོལ་སོགས་བྱུང་འདུག

དེའི་རྗེས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་རྗོ་རེ་ཨོ་བྷིར་ཧྥེལ་ཛིར་མཆོག་གིས་བོད་མི་ཚོས་བོད་རང་བཙན་མི་རྩོད་པར་དབུ་མའི་ལམ་གྱི་སྲིད་བྱུས་འོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དགོངས་དོན་འོག་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་རྩོད་བཞིན་པ་གསལ་འདོན་དང་། དེ་ཡང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ཆ་རྐྱེན་འོག་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་རང་གི་ཐུན་མིན་སྐད་དང་ཡི་གེ ཆོས་དད་རང་དབང་སོགས་ཀྱི་ཐོབ་ཐང་ཡོད་པ་ཁ་གསལ་བཀོད་པ་སོགས་ཀྱི་སྐོར་ནས་གསུངས་ཡོད་པ་དང། དེར་ཡོད་གྲོས་ཚོགས་འཐུས་མི་རྣམ་པས་བོད་མིའི་མངོན་འདོད་ལ་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྩ་ཁྲིམས་ལ་བརྩི་བཀུར་ཞུས་ཐོག་བོད་མི་རྣམས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ངེས་པར་སྤྲོད་དགོས་པའི་རེ་འདུན་ཤུགས་ཆེན་བཏོན་ཡོད་པ་དང་།   ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་ནི་བོད་མིའི་ངོ་ཚབ་ཡིན་པར་ངོས་འཛིན་དང་བོད་རྒྱའི་གནད་དོན་སེལ་ཆེད་རྒྱ་ནག་གཞུང་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འབྲེལ་མོལ་ཞུ་དགོས་པའི་རེ་འདུན་བཏོན་ཡོད་པ་དང་།  གྲོས་ཚོགས་འཐུས་མི་རྣམ་པས་རྒྱ་ནག་གཞུང་གིས་འགན་ཁུར་ལྡན་པའི་ཐོག་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དགོས་པའི་ཛ་དྲག་རེ་འདུན་ཞིག་ཀྱང་བཏོན་འདུག ལྷན་ཚོགས་ཀྱི་མཇུག་ཏུ་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་འཐུས་མི་རྣམ་པ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ལ་གཟིགས་སྐོར་དུ་གདན་ཞུས་གནང་བ་ལྟར་གྲོས་ཚོགས་འཐུས་མི་རྣམ་པས་མོས་མཐུན་གནང་ཡོད་འདུགདེ་བཞིན་ཕྱི་ཚེས་ ༡༤ ཉིན་སྲིད་སྐྱོང་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སར་ཚོགས་པའི་ཞི་བདེའི་ལྷན་ཚོགས་ཐེངས་ ༢༣ Forum 2000 ཞེས་པའི་སྟེང་མཉམ་ཞུགས་ཀྱིས་གཏམ་བཤད་གནང་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་དེང་སྐབས་ཆབ་སྲིད་མགོ་འཁྲིད་ཁག་ཅིག་ཆབ་སྲིད་ཀྱི་ལས་དོན་རང་ལ་རིགས་གཅིག་རྐང་འཛིན་ལྟ་བུའི་འདུ་ཤེས་བཟུང་སྟེ། དབང་ཆར་རྔམ་སེམས་སྐྱེ་བཞིན་པར་བརྟེན་མི་མང་གིས་རང་ཉིད་ལ་བསྐུལ་བའི་ལས་འགན་རྣམས་རིམ་བཞིན་བརྗེས་ནས་དབང་ཆའི་འཐབ་རྩོད་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་སྟབས།  དུས་བཀག་རྒྱས་བཅད་ཐོག་ནས་འགོ་འཁྲིད་ཀྱི་ལས་འགན་ལ་ཚོད་འཛིན་གནང་དགོས་པ་དང་། དེང་སྐབས་ཆབ་སྲིད་ཚོགས་པ་ཁག་གི་རང་གི་ཆབ་སྲིད་ཚོགས་པའི་དམིགས་ཡུལ་དང་དགོས་མཁོ། དབང་ཆ་སོགས་གཙིགས་ཆེར་འཛིན་པ་ལས་མི་མང་ཐོག་ལས་འགན་ཇི་ཡིན་སྐོར་བསམ་བློ་གཏོང་གི་མེད་པ་དང་། གང་ཟག་སྒེར་གྱི་ལས་འགན་དང་སྤྱི་མང་གི་ཤེས་ཡོན་གོ་རྟོགས་འཕེལ་རྒྱས་གཏོང་ཐབས་དགོས་པ་གལ་ཆེན་ཡིན་པ་དང་། དེ་བཞིན་དེང་དུས་ཤེས་ཡོན་ལམ་ལུགས་དེ་བཟང་སྤྱོད་གཞི་རྩར་བཟུང་བ་ཞིག་དགོས་པ་དང་། ང་ཚོ་དང་ཁོ་པ་ཚོ་ཞེས་ཕྱོགས་ཕན་ཚུན་རང་རྒྱལ་གཞན་ཕམ་གྱི་བསམ་བློ་གཏོང་སྟངས་དེ་རྗེས་ལུས་ཀྱི་བསམ་བློ་ཞིག་ཡིན་སྟབས་རང་དང་གཞན་དབར་བར་ཐག་དེ་ཇེ་ཉུང་དུ་བཏང་བ་བརྒྱུད་འཛམ་གླིང་ཞི་བདེ་ལྡན་པ་ཞིག་བསྐྲུན་ཐུབ་དགོས་སྐོར་གསུངས་འདུག

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གཙོའི་ཡུ་རོབ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་མགོ་འཛུགས་གནང་ཡོད་པ་དང་། སྲིད་སྐྱོང་མཆོག་གིས་ཟླ་འདིའི་ཕྱི་ཚེས་ ༢༣ བར་ཉིན་གྲངས་ ༡༣ རིང་མུ་མཐུད་ཡུ་རོབ་ཁུལ་དུ་གཟིགས་སྐོར་དང་། ཡུ་རོབ་བྷིལ་ཛིལ་(Brussels)དུ་ཡུ་རོབ་མཐུན་ཚོགས་ཀྱི་འཐུས་མི་གསར་པ་ཁག་གཅིག་མཇལ་འཕྲད་གནང་རྒྱུ་དང་། གློག་རྡུལ་འཕྲུལ་ཆས་ཀྱིས་སོ་ལྟ་བྱེད་བཞིན་པའི་དུས་རབས་ ༢༡ པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས།(Human Rights in the 21st Century Digital Surveillance State)  ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གཏམ་བཤད་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་དང་། ཁུལ་དེའི་མཛད་འཆར་ཁག་གྲུབ་མཚམས་འཇར་མན་གྱི་གྲོང་ཁྱེར་ཕེ་རེངྐ་ཕོཌ་(Frankfurt)ཏུ་(Schwarz Schilling Conference )ཞེས་པའི་ལྷན་ཚོགས་སུ་བཅར་རྒྱུ་དང་། དེ་བཞིན་ཧྥ་རན་སིར་གནས་སྡོད་བོད་མི་མང་ཚོགས་དང་གནད་ཡོད་མི་སྣ་སོགས་མཇལ་འཕྲད་གནང་རྒྱུ་བཅས་ཡིན་འདུག

 གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༩ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༩ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༡༡ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 0

  1. Asanga says:
    ལོ་ 7 སྔོན།

    ཧ་ཧ་ཧ།

    Reply
  2. མཐུ་སྟོབས་དབང་ཕྱུག་གཡུ་ཐོག་ says:
    ལོ་ 7 སྔོན།

    བོད་ཀྱི་དུས་བབ་ནང་སྲིད་སྐྱོང་གིས་མཛད་འཕྲིན་རྒྱས་པ་འདི་ལྟ་བུ་བཀོད་པ་དཀོན་པོ་ཞེ་དྲག་ཡིན་བསམ་པ་དང་ཆབ་གཅིག་དུ་”རང་རྒྱལ་གཞན་ཕམ་”ཞེས་པའི་འགོ་བརྗོད་དེར་དཔྱད་ཞིབ་བྱ་སྐབས་ཚོར་བ་ཁྱད་མཚར་ཞིག་དང་མཐོང་ཚུལ་མི་འདྲ་བ་ཞིག་བྱུང་།
    ལར་ནས་སྲིད་སྐྱོང་མཆོག་བོད་མི་རིགས་འཇིགས་ཆགས་སྐབས་རྩ་དོན་ཁོ་ནའི་ཆེད་ཉིན་མཚན་ལྟོས་མེད་དང་ངལ་བ་ཚད་ལས་འགལ་བའི་གལ་ཆེའི་གཞུང་འབྲེལ་གཟིགས་ཕེབས་བཞིན་ཡོད་མོད་།
    འོན་ཀྱང་ལྷ་འདྲེ་ལ་རྫུས་ཞེས་པའི་དཔེ་ལྟར་བྱུང་ནས་ ཁ་མཆུ་ཨང་ ༢༠ པ་ཟེར་དེ་སྤེན་པ་ཚེ་རིང་ལ་རྒྱལ་ཁ་སྤྲད་པ་དང་༧གོང་ས་མཆོག་གི་དབུ་འཁྲིད་འོག་མདུན་སྐྱོད་གནང་བཞིན་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གཞེས་བྱེས་བོད་མི་ཡོངས་བློ་གཏད་ཡིད་མཆེས་ཞུ་ས་བཀའ་ཤག་ལྷན་རྒྱས་ཕམ་ཉེས་དང་བདེན་པ་མེད་པའི་གསལ་བསྒྲགས་རྒྱ་ཆེ་བྱས་པ་རེད་ དེར་བརྟེན་གནས་སྟངས་ཛ་དྲག་བཟོས་ཡོད་སྟབས་སྲིད་སྐྱོང་གི་གཞུང་འབྲེལ་མཚམས་གཟིགས་ཕྱི་ཤོལ་མ་གནང་ཐབས་བྲལ་བྱུང་སྟེ་ཕྱིར་རྒྱ་གར་དུ་ཕེབས་འདུག་།
    འཛམ་གླིང་རྒྱལ་སྤྱིའི་ནང་ཧབ་སྒོད་ཤོར་རྒྱུ་དང་ཧ་ལས་ཧོན་མཐོར་དགོས་པ་བཟོས་སོང་། བོད་ཀྱི་གཏམ་དཔེ་”སྨན་འབྲུག་འགྲོ་ཁའི་ཐལ་སྟོར་ལྟར་ཆགས་པ་རེད་། ཡ་མཚན་དགོས་པའི་གནད་དོན་གཞན་ཞིག་ནི་ ཁ་མཆུ་ཨང་ ༢༠ ཟེར་དེའི་ཞུ་སྦྱོར་བ་སྤེན་པ་ཚེ་རིང་མི་གཅིག་ཡིན་མོད་ཀྱང་ གསར་འགོད་པས་དྲི་ལེན་སྐབས་”ད་ཐེངས་ཆེ་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ཉི་ཤུ་པའི་ཐད་བཅད་ཁྲ་བཏང་བ་ལྟར་ ང་ཚོརཁྲིམས་ཀྱི་རྒྱལ་ཁ་ཐོབ་པ་རེད་”ཞེས་པའི་མཐའ་ཉིད་དེ་ལ་བསམ་ཞིབ་དང་དེ་བཞིན་ཐོག་མཐའ་བར་གསུམ་གྱི་བྱ་སྤྱོད་ལ་ལྟས་དུས་ཁྲིམས་ཞིབ་པ་གསུམ་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལ་ཆ་ཚང་རྒྱབ་སྐྱོར་ཐོག་ཐག་གཅོད་བྱས་པ་གསལ་པོ་རྭ་སྤྲོད་ཐུབ་ཀྱི་འདུག་བ་།
    ཆེ་མཐོའི་ཁྲིམས་ཞིབ་ཁང་ལ་གུས་བརྩི་དང་ཆེ་མཐོངས་ཆེན་པོ་ཡོད་འོན་ཀྱང་མཐའ་མའི་ཐག་གཅོད་བྱ་མཁན་གང་ཟག་མི་གསུམ་རེད་། འཛམ་གླིང་གང་སར་ཁྲིམས་ཐག་རིམ་པ་མང་པོར་ཞུ་གཏུགས་ཆོག་པ་དང་ Judiciary Committee ཆེད་འཛུགས་ཀྱིས་ཐག་གཅོད་བྱ་སྲོལ་ཡོད་པ་རེད་། Judiciary Committee ག་རེ་བྱས་ནས་ཆེད་འཛུགས་དགོས་ཟེར་ན་ ཁྲིམས་དཔོན་ཇི་ཙམ་ཤེས་ཡོན་འབྱོན་ཐང་ཆེ་ཡང་མི་གང་ཟག་གཅིག་ཡིན་པ་དང་ནོར་འཕྲུལ་དང་ཕྱོགས་རིས་བྱ་སྲིད་སྟབས་གལ་པོ་ཅན་ལ་ནན་རྟེན་ཞེས་པ་ལྟར་དངོས་ཡོད་ཀྱི་གནས་སྟངས་ཡིན་སྟབས་ལམ་སྲོལ་བཟོས་པ་རེད་།
    དེ་བཞིན་ཞུ་སྦྱོར་བའི་ཁྲིམས་རྩོད་པས་གསར་འགོད་པར་རྒྱལ་ཁ་་འདི་མང་གཙོའི་རྒྱལ་ཁ་དང ཁྲིམས་ལུགས་དབང་བརྒྱུར་བའི་རྒྱལ་ཁ་ དྲང་བདེན་གྱི་རྒྱལ་ཁ་རེད་ཞེས་བརྒྲགས་གཏམ་བྱས་པ་འདིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་ལྷན་སྒྱས་དང་གཞེས་བྱེས་བོད་མི་ཡོངས་ལ་མཐོངས་ཆུང་མཉས་བཅོས་དང་ནག་བསུབས་གཏོང་ཐབས་ཀྱིས་གཡོ་བྱུས་བཟོད་ཐབས་བྲལ་བ་ཞིག་རེད་ཞེས་བརྗོད་རྒྱུ་ཡིན་།།།

    Reply
  3. kalsang dawa says:
    ལོ་ 7 སྔོན།

    ༄། དུས་བབས་ཙང་གི་སྲིད་སྐྱོང་སྐོར་གི་གནས་ཚུལ་སྤེལ་བ་ཉུང་ཉུུང་ནང་ནས་གཅིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese