མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥི་ལི་པེན་ནང་ས་ཡོམ་གྱི་གནོད་སྐྱོན་བྱུང་།  

བོད་ཀྱི་དུས་བབ།
༢༠༡༩/༡༠/༡༧
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་ནང་གི་རང་བྱུང་གནོད་སྐྱོན་ཆེས་མང་བའི་རྒྱལ་ཁབ་ཧྥི་ལི་པེན་གྱི་ནང་ས་ཡོམ་ཚད་རིམ་ ༦.༤ ཅན་ཞིག་བརྒྱབ་སྟེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཐེབས་ཡོད་འདུགདེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། མདང་ནུབ་ཧྥི་ལི་པེན་(Philippine)རྒྱལ་ཁབ་ཀྱི་ལྷོ་བརྒྱུད་མན་དྷ་ནའོ(Mindanao)གླིང་ཕྲན་དུ་ས་ཡོམ་ཚད་རིམ་ ༦.༤ ཅན་ཞིག་བརྒྱབ་སྟེ། མི་གྲངས་ ༥ རྐྱེན་འདས་དང་མི་ ༦༠ ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་དང་། ས་ཡོམ་རྐྱེན་གྱིས་སྡོད་ཁང་བརྡིབ་པ་དང་གཞུང་ལམ་ཆད་པ་ས་ཉིལ་བྱུང་སོགས་བྱུང་ཡོད་འདུག

ས་གནས་ཁོ་ཊ་བྷ་ཊོ(Cotabato)གྲོང་སྡེའི་སྤྱི་ཁྱབ་གཞོན་པ་རྗོ་སེ་ལའེ་ཊོ་པེ་ནོལ(Joselito Pinol)གྱིས། ས་ཡོམ་གྱིས་སྡོད་ཁྱིམ་སོགས་ལ་གཏོར་བཤིག་བཏང་ཚད་ཤུགས་ཆེན་པོ་ཡིན་པ་དང་། ས་འགུལ་ཤུགས་ཆེན་བྱུང་སའི་ཁུལ་དུ་སློབ་གྲྭ་དང་ཧྥི་ལི་པེན་གྱི་སྲིད་འཛིན་གྱི་བཞུགས་གནས་སོགས་ཡོད་ན་ཡང་། སྲིད་འཛིན་མཆོག་རྒྱལ་སར་བཞུགས་ཡོད་པས་ཉེན་ཁ་མེད་པ་དང་། དེ་རིང་སློབ་གྲྭ་ཁག་ཚོགས་ཐུབ་མེད་སྐོར་བརྗོད་འདུག

ཧྥི་ལི་པེན་གཞུང་འབྲེལ་ས་འགུལ་དང་མེ་རི་བརྟག་དཔྱད་ཁང་གིས། ཐེངས་འདིའི་ས་འགུལ་དེ་ལྷོ་ནས་བྱང་བར་རིང་ཚད་སྤྱི་ལེ་ ༢༢ དང་གཏིང་ཟབ་ཚད་ ༨ དང་། ས་འགུལ་ཆུང་ཙག་འགུལ་ཐེངས་ ༢༠༠ ཙམ་བྱུང་ཡོད་སྐོར་བརྗོད་ཡོད་ན་ཡང་། ཨ་རིའི་ས་གཤིས་དཔྱད་ཞིབ་ཁང་གིས་ཧྥི་ལི་པན་གྱི་ས་འགུལ་གྱི་གཏིང་ཟབ་ཚད་སྤྱི་ལེ་ ༡༤ ཙམ་ཡིན་སྐོར་བརྗོད་འདུག
ས་གནས་ཡུལ་མི་ཚོས་ཐེངས་འདིའི་ས་ཡོམ་ཁྲོད་ཡུལ་མི་ཚོས་སྡོད་ཁང་ཕལ་ཆེར་བར་གཏོར་བཤིག་བཏང་ཡོད་པ་དང་། བུ་མོ་ལོ་ན་ ༧ ཅན་ཞིག་དང་ལོ་ ༢ ཅན་གཉིས་གྱང་ར་བརྡིབས་ནས་རྐྱེན་འདས་སུ་སོང་ཡོད་པ་དང་། གཞན་མི་གཅིག་ས་འགུལ་བྱུང་བ་དང་སྙིང་རྩ་འགག་ནས་རྐྱེན་འདས་སུ་སོང་སྐོར་དང་། ས་གནས་མང་པོའི་ནང་ཚོང་ཁང་ཁག་ཅིག་ལ་མེ་སྐྱོན་ཚབ་ཆེན་བྱུང་ཡོད་སྐོར་བརྗོད་འདུག

ཧྥི་ལི་པེན་དེ་ཞི་བདེ་རྒྱ་མཚོའི་མེ་ཟླུམ་སྟེང་ཆགས་ཡོད་སྟབས། འཛམ་གླིང་གི་ས་འགུལ་དང་མེ་རི་འཕྱུར་བ། མཚོ་རླུང་དང་དྲག་ཆར་སོགས་འབྱུང་བའི་གནོད་སྐྱོན་ཆེས་ཆེ་བའི་ས་ཁུལ་ཞིག་ཡིན་པ་དང་། ཡུལ་དེར་ལོ་རེར་ས་ཡོམ་ཆུང་རིགས་འགུལ་ཐེངས་ ༧༠༠༠ ལྷག་ཡོང་གི་ཡོད་པ་དང་། ཕྱི་ལོ་ ༡༩༩༠ ལོར་ཧྥི་ལི་པེན་གྱི་བྱང་ཕྱོགས་སུ་ས་ཡོམ་ཚད་རིམ་ ༧.༧ ཅན་ཞིག་བརྒྱབ་ནས་མི་གྲངས་ ༢༠༠༠ ལྷག་རྐྱེན་འདས་སུ་སོང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

སྐར་མ ༥༨ སྔོན་ལ།
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

ཆུ་ཚོད་ ༡ སྔོན་ལ།
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

ཆུ་ཚོད་ ༢༣ སྔོན་ལ།
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠
Mobile App

རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག

༢༠༢༦/༠༩/༠༩

མཆན། 0

  1. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 7 སྔོན།

    ཨ་ཁ་དུས་མིན་འཆི་བ་འབྱུང་བས་ཚེ་སྲིག་ཕྲོག།
    ས་ཆུ་མེ་རླུང་འབྱུང་བཞིའི་དབང་བསྒྱུར་འོག།
    སྐྱེ་འགྲོ་སྲོག་ཆགས་འཚོ་བའི་རང་དབང་བྲལ།
    ཚན་རྩལ་རིག་པས་སྔོན་བརྡ་གཉིད་ལ་ཤོར།
    ཨོམ་མ་ཎི་པདྨེ་ཧུང་་་་་་་་་་་་ཧྲི་་་་་་་་་་་་་་་་ཧྲི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese