མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གངས་སྐྱོན་བྱུང་འདུག

བོད་ཀྱི་དུས་བབ།
༢༠༡༩/༡༠/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཉིན་ཤས་སྔོན་ནས་བཟུང་མཚོ་སྔོན་ཞིང་ཆེན་འཇུ་ལག་རྫོང་ཁོངས་སུ་གངས་སྐྱོན་བྱུང་སྟེ་ཕྱུགས་ཟོག་སེམས་ཅན་དང་ཞིང་ཁར་གནོད་སྐྱོན་ཆེན་པོ་ཐེབས་ཀྱི་ཡོད་འདུག

དེ་རིང་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ནས་བཟུང་མཚོ་སྔོན་ཞིང་ཆེན་འཇུ་ལག་རྫོང་དུ་གངས་སྐྱོན་ཆེན་པོ་བྱུང་སྟེ། ས་གནས་ཁག་ཅིག་གི་ཕྱུགས་ཟོག་སེམས་ཅན་དང་། ཞིང་ཁའི་ནས་འབྲུ་སོགས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད་པ་མ་ཟད། གངས་ཤུགས་ཆེ་བའི་རྐྱེན་གྱིས་འབྲོག་པའི་ཕྱུག་རྭ་བརྡིབས་པ་དང་། ཡུལ་མི་ཚོར་འགྲིམ་འགྲུལ་ལམ་ཁ་འགག་པ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ཀྱང་། རྒྱ་གཞུང་གི་གསར་ལམ་དུ་ད་ལྟའི་ཆར་མི་ལ་ཤི་རྨས་གང་ཡང་ཐེབས་མེད་སྐོར་བསྒྲགས་འདུག

དེ་འབྲེལ་གྱི་གནས་ཚུལ་ནང་གངས་སྐྱོན་གྱིས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་བཟོས་པའི་གྱོང་གུད་ཚབས་ཆེན་པོ་ཡིན་པ་དང་། ཡུལ་ཚོ་དང་གྲོང་རྡལ་ཁག་ཤས་སུ་ནས་དང་ལོག་དཀར། ཡུག་པོ་སོགས་ཀྱི་ཞིང་ཁར་གནོད་སྐྱོན་ཆེན་པོ་ཐེབས་ཡོད་པ་མ་ཟད། རྫོང་ཡོངས་ནས་ཕྱུག་ཟོག་ལ་གཟན་རྩྭ་ཏུན་ཁྲི་ ༢ ལྷག་སྤྱོད་དགོས་བྱུང་བ་དང་། ད་ལྟའི་ཆར་རྫོང་གི་ཞིང་འབྲོག་ཆུ་བེད་ལས་ཁུངས་དང་རང་བྱུང་ཐོན་ཁུངས་ལས་ཁུངས། སྡོད་ཁང་འཛུགས་སྐུན་ལས་ཁུངས་དང་འགྲིམ་འགྲིལ་ལས་ཁུངས་སོགས་ནས་གནོད་ཐེབས་ཁུལ་དུ་རོགས་སྐྱོར་བྱེད་བཞིན་ཡོད་སྐོར་དང་། གནམ་གཤིས་ཀྱི་གནས་སྟངས་ཇེ་ལེགས་སུ་ཕྱིན་རྗེས་རིམ་གྱིས་གནོད་ཕོག་གནས་སྟངས་ལ་ཞིབ་ཕྲའི་བསྡོམས་རྩིས་རྒྱག་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་ལས། ད་ལྟའི་ཆར་ཕྱུག་ཟོག་ག་ཚོད་ཤི་ཡོད་པ་དང་ཞིང་ཁའི་ནས་འབྲུ་ག་ཚོད་ལ་གྱོང་གུད་ཐེབས་ཡོད་མེད་སོགས་བཤད་མི་འདུག

མཚོ་སྔོན་ནི་དུས་ལྟར་དགུན་ཟླ་ཚེས་པ་དང་གངས་ཤུགས་ཆེར་འབབ་སའི་ས་ཁུལ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༡༨ ལོར་མཚོ་སྔོན་ལྷོ་རྒྱུད་ཀྱི་འབྲོག་ཁུལ་ཁག་ཏུ་གངས་སྐྱོན་ཤུགས་ཆེན་བྱུང་སྟེ།  མི་རྒྱུ་གཉིས་ལ་གྱོད་གུད་དང་གནོད་འཚེ་ཆེན་པོ་ཐེབས་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་བརྗོད་པ་ལྟར་ན། ལོ་དེའི་དགུན་དུས་སུ་ཁྱོན་ཉིན་གྲངས་ ༡༠༠ ཙམ་ལ་བསྟུན་མར་ཁ་བ་བབས་ཡོད་པ་དང་། ཁ་བ་འབབ་ཤུགས་ཆེ་ཤོས་ཡུལ་ཤུལ་དང་། མགོ་ལོག མཚོ་ཤར་སོགས་ཡིན་པ་དང་། གངས་སྐྱོན་ཁྲོད་ཕྱུགས་ཟོག་གྲངས་ ༥༧༨༠༠ ཙམ་ལ་འཆི་སྐྱོན་བྱུང་བའི་ཁྲོད་མང་ཆེ་བ་འབྲི་གཡག་དང་ལུག་ཡིན་པ་དང་། བདག་མེད་གཅན་གཟན་རི་དྭགས་རིགས་ ༢༡༩ ཙམ་ཤི་ཡོད་པ་དང་། མང་ཆེ་བ་གནའ་བ་དང་དགོ་བ་སོགས་ཡིན་ལ། འདི་ལོའི་གངས་སྐྱོན་ཁྲོད་འབྲོག་པའི་ཕྱུགས་ཟོག་ཤི་བའི་དཔལ་འབྱོར་གྱོང་གུད་རྒྱ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ ༩ ས་ཡ་ ༢  ཙམ་ཡིན་པ་དང་། གངས་སྐྱོན་གྱིས་ཁྱོན་རྫོང་དང་གྲོང་ཁྱེར་ ༡༣  གྱི་མངའ་ཁུལ་དུ་ཡོད་པའི་འབྲོག་ཁྱིམ་ཁྲི་ ༢༡ ལྷག་ལ་གནོད་འཚེ་ཐེབས་ཡོད་སྐོར་བརྗོད་ཡོད་པ་རེད།

སྔར་ལོའི་ལོ་སར་གྱི་སྔ་གཞུག་ཏུ་མཚོ་སྔོན་ཡུལ་ཤུལ་ཁུལ་དུ་གངས་སྐྱོན་ཆེན་པོ་བྱུང་སྟེ་འགྲིམ་འགྲུལ་འགྲོ་འོང་འགག་པ་དང་། ཕྱུགས་ཟོག་སེམས་ཅན་གངས་ཀྱིས་མནན་ཏེ་ཉིན་གྲངས་མང་པོར་ལྷག་པ་དང་། ཆུ་དང་གཟན་རྩྭ་མ་རག་པའི་དཀའ་ངལ་ཆེན་པོ་འཕྲད་དེ་ཤི་སྐྱོན་བྱུང་བའི་གནས་ཚུལ་བརྒྱུད་ལམ་དུ་ཐོན་སྐབས། རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ནས་གངས་སྐྱོན་ཁྲོད་སྲིད་གཞུང་གིས་འཕྲལ་དུ་གནོད་སྐྱོན་ཞི་འཇགས་དང་། མི་མང་ལ་ལོ་གསར་པ་རོལ་ཐུབ་པ་ཁག་ཐེག་བྱས་ཡོད་སྐོར་སོགས་ཤུགས་ཆེན་བསྒྲགས་ཡོད་ན་ཡང་། ཉིན་ཤས་རྗེས་སུ་ས་གནས་བོད་མི་ཚོས་འབྲོག་ཁྱིམ་མང་པོར་ཟ་མ་དང་འབུད་ཤིང་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པས་འཕྲལ་དུ་རོགས་སྐྱོར་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་། ས་གནས་ཀྱི་བླ་མ་དང་ཡུལ་མི་དྭང་བླངས་བས་གནོད་ཐེབས་རོགས་སྐྱོབ་བྱས་པ་དང་། རླངས་འཁོར་མང་པོའི་ནང་གཟན་རྩྭ་དབོར་འདྲེན་བྱས་པ་མ་ཟད། གཞུང་ལམ་མེད་པའི་རི་སྒང་ཁུལ་དུ་གཟན་རྩྭ་རྒྱབ་ཏུ་འཁུར་ནས་ཕྱིན་པ། འགྲིམ་འགྲུལ་བདེ་འཇགས་ཆེད་གཞུང་ལམ་གྱི་ཁ་བ་འཕྱགས་པ་སོགས་ཀྱི་པར་དང་གནས་ཚུལ་མང་པོ་བརྒྱུད་ལམ་དུ་ཐོན་ཡོད་པ་རེད།

ས་མཐོ་ཞིང་ཁ་བའི་འབབ་ཚད་ཤུགས་ཆེ་བའི་མཚོ་སྔོན་ཞིང་ཆེན་གྱི་འབྲོག་ཁུལ་མང་པོ་ཞིག་ཏུ་ཕྱི་ལོ་ ༢༠༠༨ ལོར་ཡང་གངས་སྐྱོན་ཆེན་པོ་བྱུང་ནས་སེམས་ཅན་མང་པོར་འཆི་སྐྱོན་བྱུང་ཡོད་པ་དང་། ཡང་ཕྱི་ལོ་ ༢༠༡༥ ལོར་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་གཏེར་ལམ་རྫོང་སོགས་སུ་གངས་སྐྱོན་ཆེན་པོ་བྱུང་སྟེ། གཏེར་ལམ་རྫོང་ཡོངས་སུ་འབྲོག་ཁྱིམ་ ༢༠༠༠ ཙམ་ཡོད་པའི་ནང་ནས་ཕྱུགས་ཟོག་འབུམ་ ༥ ལྷག་ལ་གནོད་སྐྱོན་ཐེབས་པའི་གནས་ཚུལ་ཐོན་པ་དང་། ཡུལ་མི་ཚོས་གནོད་ཐེབས་ཁུལ་དུ་དྭང་བླངས་རོགས་སྐྱོར་བྱས་པའི་པར་སོགས་སྤྱི་ཚོགས་བརྒྱུད་ལམ་དུ་བསླེབས་པར་བརྟེན། རྒྱ་ནག་གཞུང་གིས་གནོད་སེལ་རོགས་སྐྱོར་བ་ཚོས་ངེས་པར་དུ་རྒྱ་ནག་གཞུང་གི་རྒྱལ་དར་འཁྱེར་དགོས་པའི་བཙན་བཀའ་བཏང་བ་སོགས་ཀྱི་གནས་ཚུལ་ཕྱི་ཕྱོགས་སུ་ཐོན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

ཆུ་ཚོད་ ༣ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

ཆུ་ཚོད་ ༦ སྔོན་ལ།
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨

མཆན། 0

  1. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 7 སྔོན།

    བོད་ཟླ་བརྒྱད་པའི་ནང་གངས་བབས་པ་དེ་ཅུང་ཡ་ཚན་རེད་ན་ཕྱི་ལོ་ ༡༩༥༩ ས་ཕག་ལོར་
    བོད་རྒྱ་འོག་ཤོར་བ་རེད་ལ་འདི་ལོ་༢༠༡༩ ས་ཕག་ལོ་ལ་བོད་རང་བཙན་ཐོབ་པའི་
    རྟེན་འབྲེལ་ལ་ངོས་འཛིན་ཞུ་གི་ཡོད་ལ་འབྱུང་བའི་གནོད་འཚེའི་འོག་ཚུད་པའི་མི་དང་
    དུད་འགྲོ་སྲོག་ཆགས་ཚང་མ་བདེ་ཆེན་ཞིང་དུ་སངས་རྒྱས་འོད་དཔག་ཏུ་མེད་པའི་ཞིང་
    ཁམས་ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེས་པ་ཤོག་ཨོམ་ཨ་མི་སྡེ་ཝ་ཧྲི་་་་་་་་་་་་་ཧྲི་་་་་་་་ཧྲི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese