མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་འཛིན་ཚོགས་པས་རྩ་དགོངས་མ་ཞུས་བར་དུ་ངོ་རྒོལ་བྱེད་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༩/༡༠/༢༢
Share on FacebookShare on TwitterShare on EmailShare on Whatsapp

ལེ་བྷེ་ནོན་གཞུང་འཛིན་ཚོགས་པས་རྩ་དགོངས་མ་ཞུས་བར་དུ་མི་མང་གིས་ཡུལ་དེའི་དཔལ་འབྱོར་གནས་བབ་ཉམས་རྒུད་དང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་སེལ་ཐབས་ཀྱི་ངོ་རྒོལ་ལས་འགུལ་མཚམས་འཇོག་རྒྱུ་མིན་པའི་རྒོལ་གཏམ་བསྒྲགས།

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་དཀྱིལ་ཤར་ལེ་བྷེ་ནོན་( Lebanon)གཞུང་གིས་ཝ་ཙི་ཨེབ་ (Whatsapp) དང་། ངོ་དེབ་ཀྱི་འཕྲིན་དྲ་(Facebook Messenger)། ཀུ་ཤུ་ཁ་པར་གྱི་ཧྥེ་སི་ཊམ་(FaceTime) ལྟ་བུའི་མཉེན་ཆས་བརྒྱུད་མི་མང་གིས་ཁ་པར་གཏོང་བར་ཉིན་རེར་ཁྲལ་ཨ་སྒོར་ ༠།༢༠ འབབ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་པར་བརྟེན། ཡུལ་དེའེི་རྒྱལ་ས་བྷེ་རུ་ཊི་ (Beirut) གཙོས་པའི་གྲོང་ཁྱེར་ཆེ་ཁག་གི་གཞུང་ལམ་ཐོག་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས། ད་ཐེངས་ཀྱི་ཁྲལ་གསར་སྣོན་གྱི་གནད་དོན་ཙམ་དུ་མ་ཟད། ད་ལྟའི་གཞུང་གིས་ལོ་ངོ་དུ་མའི་རིང་གི་ལེ་བྷེ་ནོན་གྱི་དཔལ་འབྱོར་གནས་བབ་དང་། ལྐོག་ཟ་རུལ་སུངས་ཀྱི་དཀའ་རྙོག་སེལ་ཐབས་ཐད་གང་ཡང་འཇོན་མེད་སྐོར་བརྗོད་དེ། ལེ་བྷེ་ནོན་ནང་དཔལ་འབྱོར་གྱི་བཅོས་བསྒྱུར་ཆེན་པོ་ཞིག་དགོས་ཀྱི་ཡོད་པ་དང་། སྲིད་བློན་སཱཌ་ཧཱ་རི་རི་(Saad Hariri))ཡིས་སྣེ་འཁྲིད་པའི་ད་ལྟའི་གཞུང་འཛིན་ཚོགས་པས་འཕྲལ་དུ་རྩ་དགོངས་ཞུ་དགོས་པ་དང་། གང་མགྱོགས་རྒྱལ་ཡོངས་ནང་བསྐྱར་དུ་འོས་བསྡུ་བྱས་ཏེ་གཞུང་གསར་པ་བསྐོ་བཞག་དགོས་པ་སོགས་ཀྱི་དགོས་འདུན་བཏོན་ཏེ་ངོ་རྒོལ་ལས་འགུལ་མགོ་འཛུགས་བྱས་ཡོད་པ་དང་། ཕྱི་ཚེས་ ༢༡ ནས་བཟུང་གཞུང་རྒོལ་ལས་འགུལ་དེ་རྒྱལ་ཡོངས་རང་བཞིན་ཅན་ཞིག་ཏུ་གྱུར་ཡོད་འདུག་ལ། ཐེངས་འདིའི་གཞུང་རྒོལ་ལས་འགུལ་དེ་འདས་པའི་ལོ་ངོ་ ༡༥ རིང་ཡུལ་དེའི་མང་ཚོགས་རང་བཞིན་གྱི་ལས་འགུལ་ཆེ་ཤོས་ཤིག་ཆགས་ཡོད་འདུག

ཁ་སང་ཡུལ་དེའི་སྲིད་བློན་སཱཌ་ཧཱ་རི་རི་ཡིས་བརྙན་ལམ་བརྒྱུད་ནས་མི་མང་རྣམས་ལ་དཔལ་འབྱོར་བཅོས་བསྒྱུར་དང་འབྲེལ་བའི་གཏམ་བཤད་སྤེལ་སྐབས། དེ་རིང་བློན་ཆེན་ལྷན་ཁང་གིས་ཕྱི་ལོ་ ༢༠༢༠ ལོའི་སྔོན་རྩིས་གཏན་འབེབ་བྱས་ཡོད་པ་མ་ཟད། སྔོན་རྩིས་ནང་ཁྲལ་འབབ་གསར་པ་གང་ཡང་བསྣན་མེད་སྐོར་དང་། དཔལ་འབྱོར་བཅོས་བསྒྱུར་གྱི་ཆ་ཤས་སུ་གྲོས་ཚོགས་འཐུས་མི་ཚུད་པའི་གཞུང་གི་ཆེས་མཐོའི་མགོ་འཁྲིད་རྣམས་ཀྱི་གླ་ཆ་ནས་ཕྱེད་ཀ་བཅག་ཡོད་སྐོར་དང་། ལེ་བྷེ་ནོན་གཞུང་གི་ཐག་གཅོད་དེས་ཞི་རྒོལ་མི་མང་རྣམས་ཀྱི་འདོད་པ་བསྐོང་མི་ཐུབ་ཀྱང་། རང་ཉིད་ལ་བསྐུར་བའི་འགན་འཁྲི་དེ་བསྒྲུབས་ཐུབ་ཡོད་པ་དང་། མི་སུ་ཞིག་གིས་ཀྱང་མི་མང་ལ་འཇིགས་སྐུལ་བྱེད་ཐབས་མེད་པ་མ་ཟད། མི་མང་རྣམས་ཀྱི་ཞི་བའི་རེ་འདུན་དེ་དག་སྲུང་སྐྱོབ་བྱ་རྒྱུ་ནི་གཞུང་གི་འགན་འཁྲི་ཞིག་ཡིན་སྐོར་སོགས་བརྗོད་དེ་མང་ཚོགས་ཀྱི་གཞུང་རྒོལ་ལས་འགུལ་འཇགས་ཐབས་བྱས་ཡོད་ཀྱང་། ཞི་རྒོལ་མི་མང་གིས་གཞུང་གིས་དཔལ་འབྱོར་གྱི་བཅོས་བསྒྱུར་ཆེན་པོ་ཞིག་བྱ་རྒྱུའི་ངོས་ལེན་བྱས་མིན་ལ་མ་ལྟོས་པར། ད་ལྟའི་གཞུང་འཛིན་ཚོགས་པས་རྩ་དགོངས་མ་ཞུས་བར་དུ་ཞི་རྒོལ་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་སྐོར་བསྒྲགས་འདུག

སྤྱིར་ལེ་བྷེ་ནོན་དེ་ཆོས་ལུགས་ཆེ་ཁག་འདྲ་མིན་མཉམ་འདུས་ཀྱི་སྤྱི་ཚོགས་ལས་གྲུབ་པའི་རྒྱལ་ཁབ་ཅིག་ཡིན་པར་བརྟེན། དེ་སྔ་ནས་བཟུང་ལེ་བྷེ་ནོན་ནང་ཆོས་ལུགས་ཕན་ཚུན་བར་རྩོད་རྙོག་མང་པོ་འབྱུང་མུས་ཡིན་ཡང་། ད་ལན་གྱི་གཞུང་རྒོལ་ལས་འགུལ་ནང་ཆོས་ལུགས་འདྲ་མིན་དང་། མི་རབས་རྒན་གཞོན། གཞུང་འབྲེལ་མི་སྣ་དང་མི་མང་དཀྱུས་མ་སོགས་རྒྱབ་ལྗོངས་མི་འདྲ་བའི་མི་རྣམས་གཅིག་ཏུ་འདུས་ཡོད་པ་དང་། ཕྱི་ཚེས་ ༡༧ ཉིན་གྱི་ཉིན་དང་པོའི་གཞུང་རྒོལ་ལས་འགུལ་དེ་ཧ་ཅང་ཞི་ལྷིང་གི་ཐོག་ནས་གྲུབ་ཡོད་ཀྱང་། ཕྱི་ཚེས་ ༡༨ ཉིན་ཉེན་རྟོག་པས་རྒྱལ་ས་བྷེ་རུ་ཊིའི་གཞུང་ལམ་ཐོག་རྔམ་སྟོན་ཁྲོམ་སྐོར་བྱེད་བཞིན་པའི་ལས་འགུལ་བའི་ཐོག་ལ་མིག་ཆུའི་དུག་རླངས་ (Tear Gas) དང་འགྱིག་མདེའུ་ (Rubber Bullet) འཕངས་པ་མ་ཟད། ཁྱོན་ལས་འགུལ་བ་ ༡༠༠ ལྷག་འཛིན་བཟུང་བྱས་པར་བརྟེན། མི་མང་གི་ཞི་རྒོལ་ལས་འགུལ་དེ་ཅུང་ཛ་དྲག་པོ་ལྟ་བུར་གྱུར་ཡོད་པ་མ་ཟད། ད་ལྟའི་ཆར་མི་མང་གིས་རྒྱལ་ཡོངས་འོས་བསྡུ་མ་བྱས་བར་དུ་གཞུང་གི་དབང་ཆ་རྣམས་ཆབ་སྲིད་དང་འབྲེལ་མེད་ཀྱི་ཁྲིམས་ཞིབ་པའི་ལྷན་ཚོགས་ལ་རྩིས་སྤྲོད་དགོས་པའི་རེ་འདུན་སོགས་བཏོན་ཡོད་འདུག

སྤྱིར་ལེ་བྷེ་ནོན་རྒྱལ་ཁབ་ནི་མི་མང་ལ་བུ་ལོན་ཆེས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཡུལ་དེའི་མང་ཚོགས་ཀྱི་བུ་ལོན་(Public debt)དེ་ཁྱོན་ཨ་སྒོར་ཐེར་འབུམ་ ༨༦ ལ་ཟིན་ཡོད་པ་དང་།  རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་བབ་ཀྱི་ཆ་ནས་ཀྱང་། ཕྱི་ལོ་ ༢༠༡༨ ལོར་ལེ་བྷེ་ནོན་གྱི་ལོ་རེར་རྒྱལ་ཡོངས་ཐོན་སྐྱེད་སྤྱི་འབོར་(GDP) དེ་བརྒྱ་ ༠།༢ ཙམ་ལས་འཕར་མེད་པ་དང་། འཛམ་གླིང་དངུལ་ཁང་གི་ཚོད་དཔག་ལྟར་ན་འདི་ལོའི་རྒྱལ་ཡོངས་ཐོན་སྐྱེད་སྤྱི་འབོར་དེ་བརྒྱ་ཆ་  – ༠།༢ ལ་མར་ཆག་ཡོད་འདུག འདས་ལོར་རྒྱལ་སྤྱིའི་མི་སྒེར་ཚོགས་སྡེ་ཁག་གིས་ལེ་བྷེ་ནོན་གྱི་དཔལ་འབྱོར་ཡར་རྒྱས་ཡོང་ཆེད་ཨ་སྒོར་ཐེར་འབུམ་ ༡༡ ལྷག་ཞལ་འདེབས་སུ་སྦྱིན་པ་ལྟར། གཞུང་ནས་ཀྱང་མང་ཚོགས་ཀྱི་བུ་ལོན་སེལ་ཆེད་དཔལ་འབྱོར་གྱི་བཅོས་བསྒྱུར་གཏོང་རྒྱུ་ཡིན་སྐོར་བསྒྲགས་ཡོད་ཀྱང་། ད་བར་དམིགས་བསལ་འགྱུར་བ་གང་ཡང་ཕྱིན་མེད་པ་རེད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༢༠ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

མཆན། 0

  1. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 7 སྔོན།

    གཞུང་འཛིན་མི་སྣས་ནོར་ཡོད་ན་བཟང་སྤྱོད་ལ་འགན་འཁུར་ནས་ཁྲིམས་མཐུན་གྱི་ཐོག་ནས་
    དགོང་པ་ཞུ་དགོས་པ་དེ་དེང་སྐབས་དུས་རབས་ཉི་ཤུ་རྕ་གཅིག་འདིར་གལ་ཆེན་དོན་ཆེན་ལ་
    ངོས་འཛིན་ཞུ་གི་ཡོད་པ་ནི་གུ་ཡངས་དང་གོ་རྟོགས་ཀྱི་སྲིད་ཇུས་ལ་མི་ཚང་མས་ནུས་པ་མཉམ་
    སྤུངས་བྱ་རྒྱུའི་དུས་རབས་ནང་ང་ཚོ་སླེབས་མི་འདུག་གམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese