མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

 དགེ་རྒན་ནི་སློབ་ཕྲུག་གི་མིག་དཔེ་ཡིན་པས་ཤེས་སྤྱོད་གཉིས་ལྡན་ཞིག་དགོས་རྒྱུ་གལ་ཆེ།

བོད་ཀྱི་དུས་བབ།
༢༠༡༩/༡༠/༢༣
Share on FacebookShare on TwitterShare on EmailShare on Whatsapp

དྷ་སྟེང་བོད་ཁྱིམ་དབུ་བརྙེས་ཏེ་ལོ་ངོ་ ༥༩ འཁོར་བའི་མཛད་སྒོའི་སྟེང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་སློབ་ཕྲུག་རྣམས་ཀྱི་ཡིག་རྒྱུག་གྲུབ་འབྲས་ཁོ་ནར་མི་དམིགས་པར་དོན་དངོས་ཤེས་ཡོན་གྱི་སྤུས་ཚད་གོང་མཐོར་གཏོང་ཐབས་དང་འཛིན་སྐྱོང་ཚགས་ཚུད་ཡོང་རྒྱུར་དམིགས་དགོས་སྐོར་གསུངས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༩ སྟེང་། དྷ་སྟེང་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༥༩ འཁོར་བའི་དུས་དྲན་མཛད་སྒོ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཐང་ཆེན་དུ་ཚོགས་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་མཆོག་གི་དབུས། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གི་དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ། དགའ་ལྡན་ཕོ་བྲང་གི་སྐུ་ཚབ་དང་། དགོན་སྡེ་ཁག་གི་མཁན་པོ་དང་སྐུ་ཚབ་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་།  རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན། ཚོགས་སྐྱིད་ཁག་གི་སྐུ་ཚབ། དེ་བཞིན་བོད་ཁྱིམ་སློབ་གྲྭའི་དབུ་ལས་སློབ་ཕྲུག་ཟུར་པ་དང་ལས་ཐོག་བཅས་སེར་སྐྱ་མི་མང་ཁྱོན་ ༢༠༠༠ ཡས་མས་འཛོམས་འདུག་ལ། མཛད་སྒོའི་ཐོག་་སློབ་ཁྱིམ་སློབ་གྲྭ་ཁག་ནང་ཕྱག་ལས་གནང་སྟེ་ཞབས་ལོ་ ༢༠ ཧྲིལ་བོ་འཁོར་བའི་དགེ་ལས་ ༢༢ ལ་བོད་ཁྱིམ་སློབ་གྲྭའི་དཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་སྐུ་ཐང་རེ་དང་། བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་གཉིས་ལ་ཤེས་རིག་ལས་ཁུངས་ནས་བུམ་སྐྱོན་གསུམ་བྲལ་གྱི་བྱ་དགའ་གནང་སོང་བ་དང་། ཉིན་གུང་རྒྱབ་ནས་ཧི་མ་ཅཱལ་མངའ་ཁུལ་དུ་ཡོད་པའི་བོད་ཁྱིམ་སློབ་གྲྭ་ཁག་ནས་རྐང་བྲོ་གླུ་གཞས་གཟིགས་འབུལ་དང་། དགོང་དྲོ་ཕྱི་ལོ་ ༡༩༩༤ ནས་ ༡༩༩༦་བར་གྱི་བོད་ཁྱིམ་སློབ་ཟུར་རྣམས་ཀྱི་གོ་སྒྲིག་འོག་སློབ་གྲྭ་ཁག་བར་འདྲི་རྩད་འགྲན་བསྡུར་བཅས་ཞུ་རྒྱུ་ཡིན་པ་དང་། སང་ཉིན་ནས་བོད་ཁྱིམ་སློབ་གྲྭའི་ཁང་ཚན་ནང་ཁུལ་གྱི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་རྩེད་འགྲན་བྱ་རྒྱུ་ཡིན་འདུགམཛད་སྒོའི་ཐོག་མར་བོད་ཁྱིམ་སྤྱི་ཁྱབ་ངེས་སྟོན་པ་ཐུབ་བསྟན་རྡོ་རྗེ་ལགས་ནས་བོད་ཁྱིམ་སློབ་གྲྭ་སྤྱི་ཡོངས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུ་སྐབས། དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་འདི་ ༡༩༦༠ ལོར་ཐོག་མར་ཇ་མུ་ས་ཁུལ་དུ་བོད་མི་ལམ་བཟོ་བའི་ཕྲུ་གུ་ ༥༡ ཙམ་སྐུའི་གཅེན་མོ་དམ་པ་ཚེ་རིང་སྒྲོལ་མ་མཆོག་ནས་ཐུགས་འགན་བཞེས་གནང་མཛད་དེ་གསར་འཛུགས་གནང་བ་དང་། བོད་ཕྲུག་ཁྱིམ་སྡེ་ནི་བཙན་བྱོལ་བོད་མིའི་དྭ་ཕྲུག་དང་ཕྱེད་དྭ་ཕྲུག་ཉམ་ཐག་བཅས་ལ་གཟིགས་སྐྱོང་དང་ཤེས་ཡོན་མཁོ་སྤྲོད་བྱེད་པའི་ངོ་བོ་ཆ་ཚང་ལ་ཆིག་སྒྲིལ་ཁེ་མེད་ཀྱི་ཚོགས་པ་ཆེ་ཤོས་ཤིག་ཡིན་ཞིང་། བོད་ཁྱིམ་གྱི་ངོས་ནས་བོད་ཕྲུག་རྣམས་རང་དབང་གི་སྒོ་ནས་འཚར་ལོངས་དང་། བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་ལ་སྤོབས་སེམས་དང་དགའ་ཞེན་ལྡན་ལ། སློབ་ཕྲུག་སོ་སོའི་མོས་ནུས་དང་བསྟུན་པའི་ལམ་སྟོན་ཐུབ་ཆེད་སློབ་མ་དབུས་སུ་བཞག་པའི་ཤེས་ཡོན་སྤྲོད་རྒྱུའི་ཐབས་ལམ་དང་། ཕ་མས་བརྩེ་བ་དང་གཅེས་སྐྱོང་འོག་འཛིན་སྐྱོང་ཞུ་བཞིན་པའི་ཚོགས་པ་ཞིག་ཡིན་ལ། ད་ལྟའི་ཆར་བོད་ཁྱིམ་སློབ་གྲྭ་ཁག་བརྒྱད་དང་ལས་རིགས་སློབ་གཉེར་ཁང་གཉིས། ཏཱ་ལའི་བླ་མ་མཐོ་སློབ་རིམ་སློབ་གཉེར་ཁང་དང་བོད་ཁྱིམ་མཐོ་སློབ་སྡོད་ཁང་གཉིས་བཅས་ཡོད་པ་དང་། གཞན་བུ་ཕྲུག་གཅེས་སྐྱོང་ཀྱི་ཞབས་ཞུ་དང་བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་བཅས་ཀྱི་ནང་བོད་ཁྱིམ་མ་ལག་དང་རྒྱ་གར་མཐོ་སློབ་ཁག་ཏུ་བསྐྱོད་བཞིན་པའི་སློབ་ཕྲུག་གྲངས་ ༩༨༤༣ ལ་གཟིགས་རྟོག་ཞུ་བཞིན་ཡོད་པ་དང་། བོད་ཁྱིམ་ནང་རྒས་གཅོང་གྲངས་ ༥༦༨ དང་ལས་བྱེད་གྲངས་ ༡༢༩༣ བཅས་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༩ ལོར་བོད་ཁྱིམ་སྤྱི་ཡོངས་ཀྱི་སློབ་ཕྲུག་གི་གྲངས་ཀ་ ༧༢༡༠ དང་། སློབ་འཇུག་དང་གནས་སྤོས་ཟིན་པ་ ༧༢༨། སློབ་ཕྲུག་རྩ་དགོངས་དང་གནས་སྤོས་སོང་བ་ ༥༧༩། བོད་ཁྱིམ་ལས་བྱེད་གྲངས་ ༡༡༢༦ དང་དགེ་ལས་གསར་ཞུགས་གྲངས་ ༧༧ ། རྩ་དགོངས་དང་གནས་སྤོས་སོང་བ་ ༡༡༤ བཅས་ཡོད་སྐོར་བརྗོད་སོང་།ཡང་བོད་ཁྱིམ་གྱི་ཤེས་ཡོན་གནས་ཚད་ཐད་ཁོང་གིས། འདི་ལོར་བོད་ཁྱིམ་སློབ་གྲྭའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ནང་སློབ་ཕྲུག་ ༥༦༦ ཡོད་པ་ལས། ཡིག་རྒྱུགས་ནང་སློབ་ཕྲུག་གྲངས་ ༥༥༨ འཛུལ་ཞུགས་བྱས་པ་ལས་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨.༥ སོན་པ་མ་ཟད། ཚན་རིག་སྡེ་ཚན་གྱི་སློབ་ཕྲུག ༣ དང་ཚོང་འབྲེལ་སྡེ་ཚན་གྱི་སློབ་ཕྲུག་ ༣། འབྱུང་རིག་སྡེ་ཚན་གྱི་སློབ་ཕྲུག་ ༡ བཅས་སློབ་ཕྲུག་ ༧ ལ་དགའ་ལྡན་ཕོ་བྲང་གི་བྱ་དགའ་ཐོབ་ཡོད་པ་དང་། དེ་བཞིན་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་ཚད་ནང་སློབ་ཕྲུག་ ༥༩༠ འཛུལ་ཞུགས་བྱས་པ་ལས། ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༠.༡ ཡིན་པ་དང་། གཞན་འདི་ལོར་སྨན་པའི་(MBBS)མཐོ་སློབ་སློབ་ཡོན་ཐོབ་མཁན་གཅིག་དང་། པེ་སི་ཊོལ་ཛི་མཐོ་སློབ་(Pestolozzi)སློབ་ཡོན་ཐོབ་མཁན་གཅིག ཡུ་ཊབ་པི་སེ་མཐོ་སློབ(uwc)སློབ་ཡོན་ཐོབ་མཁན་གྲངས་ ༥ དང་། ཉི་འོང་ཆི་བྷ(chiba)མཐོ་སློབ་སློབ་ཡོན་ཐོབ་མཁན་གཅིག གཞན་བྷི་རེ་མཐོ་སློབ་(Brea college)སློབ་ཡོན་ཐོབ་མཁན་སློབ་ཕྲུག་གཅིག་བཅས་བྱུང་ཡོད་སྐོར་བརྗོད་བྱུང་།

གཞན་ཡང་བོད་ཁྱིམ་སློབ་གྲྭའི་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྐོར་ལ་ཁོང་གིས། བོད་ཁྱིམ་སློབ་གྲྭའི་ནང་བོད་ཡིག་གི་རྨང་གཞི་བརྟན་པོ་ཡོང་ཆེད། ཕྱི་ལོ་ ༡༩༨༥ ནང་གཞི་རིམ་འོག་མ་འཛིན་རིམ་དང་པོ་ནས་ལྔ་པ་བར་གྱི་ཚན་རིག་དང་ཨང་རྩིས། སྤྱི་ཚོགས་རིག་གནས་ཀྱི་སློབ་ཚན་ཆ་ཚང་བོད་ཡིག་བརྒྱུད་རིམ་ཐོག་སློབ་འཁྲིད་ཞུས་ཡོད་ཀྱང་། ཕྱི་ལོ་ ༢༠༡༦ ལོའི་སློབ་མགོར་བོད་ཁྱིམ་སློབ་སྡེའི་ནང་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར་ངོ་སྤྲོད་ལག་བསྟར་ཞུས་ཏེ། ཕྱི་ལོ་ ༡༠༡༩ ལོར་འཛིན་རིམ་བཞི་པ་ནས་དབྱིན་ཡིག་སློབ་ཚན་ངོ་སྤྲོད་ཞུས་ནས་ད་ཆར་བོད་ཁྱིམ་སློབ་སྡེ་ཡོངས་ལ་ཤེས་ཡོན་སྲིད་བྱུས་བརྒྱ་ཆ་བརྒྱ་ལག་བསྟར་འགྲོ་བཞིན་ཡོད། ཅེས་དང་། བོད་ཁྱིམ་སློབ་གྲྭའི་དཔལ་འབྱོར་གནས་བབ་སྐོར་ནས་གསུང་སྐབས་ཁོང་གིས། བོད་ཁྱིམ་འགན་འཛིན་ལྷན་ཚོགས་སུ་ལོ་འཁོར་སྔོན་རྩིས་ཚོད་དཔག་འཆར་རྩིས་བཀའ་འཁྲོལ་ཞུས་པ་ཁྱོན་བསྡོམས་ཧིན་སྒོར་ས་ཡ་ ༤༦༢,༠༠༠,༠༠༠ དང་སོང་བསྡོམས་སྒོར་ས་ཡ་ ༤༦༠.༥༨༣,༠༧༩་༠༠ བྱུང་སོང་ཁ་འཐབ་ཀྱིས་ཁྱོན་བསྡོམས་ལྷག་སྒོར་ས་ཡ་༡.༤༡༦༩༢༡ བཅས་སྔོན་རྩིས་ཚོད་དཔག་བཀའ་འཁྲོལ་བཞིན་དཔལ་འབྱོར་འདུ་འགོད་ཀྱང་ཐུབ་ཡོད་པ་དང་། སྤྱིར་དེང་སང་སློབ་ཕྲུག་གི་ཁ་གྲངས་ཇེ་ཉུང་དུ་འགྲོ་བཞིན་པ་སོང་དཔལ་འབྱོར་ཡོང་འབབ་ཀྱང་ཇེ་ཞན་དུ་འགྲོ་བ་དངོས་བདེན་ཡིན་ཡང་། བར་ལམ་ལོ་ཤས་ནང་ལས་བྱེད་དང་ལས་གཞི་སོགས་གང་ཐུབ་མཁོ་བསྡུའི་མཚོན། གྲོན་ཆུང་འབད་པ་ཞུས་ཏེ་ད་བར་ཁྱོན་བསྡོམས་སྒོར་ས་ཡ་༤.༢༡.༨༣,༧༥༥་༤༥ བསྲི་ཚགས་ཐུབ་པར་བརྟེན། འདི་ལོར་ལས་བྱེད་ཀྱི་གླ་ཕོགས་ཀྱང་ཆུང་ངུ་ཞིག་སྤར་ཆ་ཐུབ་པ་བྱུང་ཡོད་པར་དགའ་བ་འཕེལ། དེ་བཞིན་ཁང་པ་ལྷག་མ་མང་པོ་ཡོད་པ་སོང་། གཞིས་ཁོངས་དང་ཁང་པ་མེད་པའི་ལས་ཟུར་རྣམས་ལ་སྣེ་སེལ་ཙམ་ཁང་གླ་བསྡུ་བཞེས་ཐོག་ལས་ཟུར་ནང་མི་ ༡༥ ལ་བགྲེས་ཤག་གི་མཐུན་རྐྱེན་བསྐྲུན་ཐུབ་ཡོད། ལྷག་པར་དུ་ཕྱི་ནང་ཐམས་ཅད་ནས་ཤིན་ཏུ་སེམས་འཚབ་གནང་བཞིན་པའི་ལས་བྱེད་གསོག་དངུལ་གྱི་དཀའ་ངལ་ཡང་ད་ཆ་སེལ་ཐུབ་ཡོད་སྐོར་སོགས་བརྗོད་བྱུང་།

དེའི་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་སྐབས། དེང་སྐབས་བོད་ཁྱིམ་སློབ་གྲྭ་ཁག་དང་ཤེས་རིག་ཁྱབ་ཁོངས་སློབ་གྲྭ་ཁག་ནང་སློབ་ཕྲུག་གི་གྲངས་འབོར་ཇེ་ཉུང་དུ་འགྲོ་བཞིན་པ་ཁ་གསབ་བྱ་ཐབས་མེད་པས། སློབ་གྲྭ་ཁག་ཟླ་སྒྲིལ་གྱིས་སློབ་ཕྲུག་རྣམས་ཀྱི་ཡིག་རྒྱུག་གྲུབ་འབྲས་ཁོ་ནར་མི་དམིགས་པར་དོན་དངོས་ཤེས་ཡོན་གྱི་སྤུས་ཚད་གོང་མཐོར་གཏོང་ཐབས་དང་འཛིན་སྐྱོང་ཚགས་ཚུད་ཡོང་རྒྱུར་དམིགས་དགོས་པ་ནི་དུས་ཀྱི་དགོས་མཁོར་མཐོང་བ་མ་ཟད། དགེ་རྒན་དང་ལས་བྱེད་རྣམ་པར་མཐུན་རྐྱེན་གང་ལེགས་སྦྱོར་སྐྲུན་གནང་དགོས་པ་དང། དེ་བཞིན་སློབ་ཕྲུག་རྣམས་ཀྱི་ལུས་སེམས་འཚར་ལོངས་ཆེད་ཕ་མ་ཚོས་བུ་ཕྲུག་གི་གཙང་སྦྲ་འཕྲོད་བསྟེན་གང་ལེགས་གནང་དགོས་པ་མ་ཟད། མྱོས་རྫས་ངན་གོམས་དང་ལས་རིགས་སྔོན་འགོག་གི་ལས་འཆར་དང་། ཤེས་ཡོན། ཀུན་སྤྱོད་དང་སྤྱི་ཚོགས་སོགས་ཀྱི་ཐད་རྒྱུན་དུ་ནས་ཐུགས་སྣང་གནང་དགོས་པ་དང་། གཞན་ཡང་དགེ་ལས་ངོས་ནས་ཀྱང་སློབ་ཕྲུག་ཚོར་བྱམས་དང་སྙིང་རྗེ་ཤ་ཚའི་ངོས་ནས་ཕྱག་ལས་གནང་རྒྱུའི་མཚོན། བྱ་བ་གང་ཐད་ནས་རམ་འདེགས་ཞུ་ཐུབ་ཚེ་མ་འོངས་པར་བོད་གངས་ཅན་པའི་སོན་རྩ་བུ་ཕྲུག་རྣམས་སྤུས་ཚད་ལྡན་པ་ཤ་སྟག་ཡོང་ཐུབ་རྒྱུ་ཡིན་སྟབས། དེ་དོན་ལག་བསྟར་ཡོང་བར་སྐུལ་མ་ནན་ཏན་དུ་ཞུ་རྒྱུ་ཡིན་སྐོར་སོགས་གསུངས་སོང་།བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་མཆོག་ནས་བཀའ་ཤག་གི་གསུང་བཤད་གནང་སྐབས། བོད་ཁྱིམ་དེ་ཐོག་མར་༧གོང་ས་མཆོག་ནས་སྐབས་དེའི་དྭ་ཕྲུག་ཚོའི་ཆེད་དུ་སློབ་གྲྭ་ཞིག་འཛུགས་དགོས་པའི་དགོངས་བཞེས་གནང་བ་བཞིན། འདས་པའི་ལོ་ ༥༩ ཡི་ནང་ད་ལྟའི་བོད་ཁྱིམ་གྱི་སློབ་གྲྭ་ཡན་ལག་དང་བཅས་པའི་ནང་ཕྲུ་གུ་ཁྲི་ཕྲག་མང་པོར་སློབ་སྦྱོང་རག་ཡོད་པ་མ་ཟད། སློབ་སྦྱོང་རག་ཚར་རྗེས་མང་པོ་ཞིག་མཐོ་སློབ་ཁག་ནང་འགྲོ་ཐུབ་ཡོད་པ་དང་། འཛམ་གླིང་སྤྱི་ཡོངས་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དང་། བཀའ་བློན། གྲོས་ཚོགས་ནང་དུ་ཡང་གྲུབ་འབྲས་སྨིན་པའི་ཐོག་ནས་ཞབས་ཕྱི་ཞུས་ཐུབ་ཡོད་པ་རེད། དེར་བརྟེན་དེ་རིང་ང་ཚོས་བོད་ཁྱིམ་དབུ་བརྙེས་ནས་ལོ་ངོ་ ༥༩ འཁོར་བའི་དུས་དྲན་སྲུང་གཙིའི་ཉིན་མོར། ད་བར་སྐུ་ལས་སྐྱོན་མཁན་དགེ་རྒན་ལས་བྱེད་ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དེང་སང་འཛམ་གླིང་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་སུ་སྐྱབས་བཅོལ་བ་ཁྱོན་ས་ཡ་ ༡༩ དང་འབུམ་ ༩ ཙམ་ཡོད་པའི་ཁྲོད་ནས། ས་ཡ་ ༧ དང་འབུམ་ ༤ སློབ་གྲྭར་བསྐྱོད་ཆོག་པའི་ཕྲུ་གུ་ཡིན་ཡང་། དེ་དག་ལས་ཕྲུ་གུ་ས་ཡ་ ༤ ཙམ་སློབ་གྲྭར་གཏོང་ཐུབ་ཀྱི་མེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུ་ནེ་སི་ཁོ་ (UNESCO) ཚན་པའི་གྲངས་ཐོ་ཞིག་གི་ནང་། སྐྱབས་བཅོལ་བ་ཚུད་པའི་འཛམ་གླིང་ཁྱོན་ཡོངས་སུ་སློབ་གྲྭར་བསྐྱོད་ཆོག་པའི་ཕྲུ་གུ་ས་ཡ་ ༢༦༣ ཡོད་ཀྱང་། དེ་དག་ནང་ནས་ཕྲུ་གུ་ལྔའི་ནང་གི་གཅིག་སློབ་གྲྭར་བསྐྱོད་ཐུབ་ཀྱི་མེད་པ་དང་། གནས་སྟངས་དེ་དག་ལ་གཞིགས་ན་༧གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ང་ཚོ་བཙན་བྱོལ་སྒྲིག་འཛུགས་ནས་ཕྲུ་གུ་སློབ་གྲྭར་གཏོང་རྒྱུར་མཐུན་རྐྱེན་སྦྱོར་བཞིན་ཡོད་སྐོར་དང་། ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཡི་གེ་འབྲི་ཀློག་གི་གནས་ཚད་དེ་བརྒྱ་ཆ་ ༩༤ ལ་སླེབས་ཡོད་པ་དང་། རྒྱ་གར་བའི་འབྲི་ཀློག་གི་གནས་ཚད་དེ་བརྒྱ་ཆ་ ༨༢ ལས་མིན་པས། རྒྱ་གར་གཙོས་པའི་བལ་ཡུལ་དང་བྷང་གྷ་ལ་དྷེ་ཤི། པཱ་ཀི་སི་ཐན་བཅས་ལས་བཙན་བྱོལ་བོད་མིའི་འབྲི་ཀློག་གི་གནས་ཚད་མཐོ་བ་ཡོད་སྐོར་སོགས་གསུངས་སོང་།

མཇུག་ཏུ་དཔལ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་ལུང་རྟོགས་ཟླ་བ་དར་རྒྱས་མཆོག་ནས་བཀའ་སློབ་གནང་སྐབས། སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བླ་ན་མེད་པའི་འོག་ནས། ང་ཚོ་བཙན་བྱོལ་ལ་གྱར་ནས་མ་འོངས་བོད་ཀྱི་མདུན་ལམ་གྱི་ཆེད་དུ་ཐོག་མར་བོད་ཕྲུག་ཁྱིམ་སྡེ་འདི་དབུ་བརྙེས་པ་ཞིག་ཡིན་པ་དང་། དེར་བརྟེན་དེ་རིང་ནི་ང་ཚོས་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་སྐུ་ལས་ཚད་མེད་སྐྱོན་མཁན་ལས་ཀྱི་སྣེ་མོ་བ་རྣམས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་དུས་ཆེན་ཞིག་ཆགས་ཀྱི་ཡོད་པ་དང་། གཙོ་བོ་སྐུའི་གཅེན་མོ་ཚེ་རིང་སྒྲོལ་མ་ལགས་དང་། སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་ལགས་གཙོ་བོར་བྱས་པའི་ལས་བྱེད་ཡོངས་ལ་ངས་སྙིང་དབུས་ནས་བཀའ་དྲིན་ཞུ་ཡི་ཡོད། ང་ཚོ་བོད་མི་རིགས་འདི་འཛམ་གླིང་ཐོག་སླེབས་ཆེད་བོད་ཀྱི་ཆབ་དཔལ་རིག་གསུམ་གལ་ཆེན་པོ་ཡིན་ལ། ལྷག་པར་དུ་རིག་གནས་དེ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། རིག་གནས་ཟེར་བ་དེ་ཡང་རིག་པའི་གཞུང་ལུགས་ཡིན་ཡང་གཙོ་བོ་དེ་བོད་མི་རིགས་ཀྱི་སྐད་དང་ཡི་གེ་ཡིན་པས། དེར་བོད་ཀྱི་མ་འོངས་པའི་སོན་རྩ་སློབ་ཕྲུག་རྣམས་ཀྱིས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་དེ་འགན་འཁྲི་ཆགས་ཀྱི་ཡོད་པར་བརྟེན། ད་ལྟ་ལས་བསྡོམས་སོགས་ནས་ཀྱང་ཡག་ཐག་ཆོད་དང་གྲུབ་འབྲས་ཐོན་པོ་ཞིག་འདུག་པས། དེ་ནི་གཙོ་བོ་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་དང་དབུ་འཁྲིད་ཀྱི་འོག་ནས། བོད་མིའི་སྒྲིག་འཛུགས་དང་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ལས་བྱེད་ཚང་མའི་གྲུབ་འབྲས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ངོས་འཛིན་བྱེད་དགོས་ཀྱི་ཡོད། ཅེས་གསུངས་སོང་བ་དང་། ཡང་ཁོང་གིས། སློབ་གྲྭའི་དགེ་རྒན་ནི་སློབ་ཕྲུག་གི་མིག་དཔེ་ལྟ་ཡུལ་ཞིག་ཡིན་པས། དགེ་རྒན་ཞེས་པ་དེ་ཤེས་སྤྱོད་གཉིས་ལྡན་ཞིག་དགོས་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 0

  1. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 7 སྔོན།

    དགེ་རྒན་ཤེས་སྤྱོད་གཉིས་ལྡན་དགོས་ཀྱི་ཡོད་ན་
    ད་ལྟའི་སམ་སྦོ་ཊའི་སློབ་གྲ་ཁག་གི་དགེ་རྒན་
    རྣམས་ཤེས་སྤྱོད་གཉིས་ལྡན་ལ་ངོས་འཛིན་གནང་ན་
    འགྲིག་གི་ཨ་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese