མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨེ་ཧམ་ཊོ་ཊི་ལ་ཡུ་རོབ་གྲོས་ཚོགས་ཀྱི་རང་དབང་གཟེངས་རྟགས་ཐོབ།  

བོད་ཀྱི་དུས་བབ།
༢༠༡༩/༡༠/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ཀྱི་བྱ་སྤྱོད་སྤེལ་ཡོད་པའི་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པའི་ཡུ་གུར་མི་རིགས་ཀྱི་རང་དབང་འཐབ་རྩོད་པ་ཨེ་ཧམ་ཊོ་ཊི་ལགས་སུ་ཡུ་རོབ་གྲོས་ཚོགས་ཀྱི་རང་དབང་གཟེངས་རྟགས་ཐོབ་ཡོད་འདུགཕྱི་ལོ་ ༢༠༡༩ ལོའི་ཡུ་རོབ་མཉམ་འབྲེལ་གྲོས་ཚོགས་ཀྱི་རང་དབང་གཟེངས་རྟགས་(Sakharov Prize) ཞེས་པ་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་ཡུ་གུར་རྩོམ་པ་པོ་དང་། རྒྱ་ནག་པེ་ཅིན་སློབ་གྲྭ་ཆེན་མོའི་དཔལ་འབྱོར་རིག་པའི་སློབ་དཔོན་གཞོན་པ་ཟུར་པ་སྐུ་ཞབས་ཨེ་ཧམ་ཊོ་ཊི (Ilham Tohti)ལགས་སུ་འབུལ་གཏན་འཁེལ་ཡོད་པ་གསལ་བསྒྲགས་བྱས་འདུག

གནད་དོན་དེའི་ཐད་ཡུ་རོབ་གྲོས་ཚོགས་ཀྱིས་སྤེལ་བའི་གསལ་བསྒྲགས་ནང་སྐུ་ཞབས་ཨེ་ཧམ་ཊོ་ཊི་ལགས་ཀྱིས་སྙིང་སྟོབས་ཞིམ་པ་མེད་པའི་ཐོག་ནས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་དང་། ལྷོད་པ་མེད་པའི་ངང་རྒྱ་ནག་གཞུང་དང་ཡུ་གུར་རང་སྐྱོང་ས་ཁུལ་བར་གྲོས་མོལ་དང་ཕན་ཚུན་བསམ་ཤེས་ཡོང་ཐབས། རྒྱ་ནག་གཞུང་ནས་ཡུ་གུར་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་གཞི་ལག་ལེན་དོན་འཁྱོལ་ཡོང་བར་འབད་བརྩོན་དང་སྐུལ་མ་བྱས་ཡོད་སྐོར་བརྗོད་ཡོད་པ་དང་། ཡུ་རོབ་གྲོས་ཚོགས་ཀྱི་འགན་འཛིན་ཌེ་ཝེ་དྷི་སཱ་སོ་ལའེ་ (David Sassoli) ཡིས་ཨེ་ཧམ་ལགས་ཀྱིས་མི་ཚེ་ཧྲིལ་བོ་བདེན་པའི་འཐབ་རྩོད་ཆེད་བཏང་བར་གཟེངས་རྟགས་འདི་འབུལ་གཏན་འཁེལ་བ་ཡིན་ལ། ང་ཚོས་རྒྱ་ནག་གཞུང་ལ་སྐུ་ཞབས་ཨེ་ཧམ་ལགས་ཀློད་གྲོལ་ཡོང་བ་དང་། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཁག་གི་ཐོབ་ཐང་ལ་གུས་བརྩི་དགོས་པའི་འབོད་སྐུལ་ཤུགས་ཆེན་ཞུ་བཞིན་ཡོད་ཅེས་བརྗོད་འདུག

ཨེལ་རྗེ་རྫ་ར་ (Aljazeera) གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། གནད་ཚུལ་དེའི་ཐད་ད་ལྟའི་ཆར་རྒྱ་ནག་གཞུང་ངོས་ནས་གང་ཡང་བརྗོད་མེད་ན་ཡང་། གསལ་བསྒྲགས་དེ་རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བ་ཡོད་སྟབས་རྒྱ་ནག་གཞུང་ངོས་ནས་སྐད་ཆ་བཤད་རྒྱུ་ཡིན་པ་དང་། དེ་སྔོན་ཐེངས་མང་པོར་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་རྒྱལ་ཁབ་དང་ཚོགས་སྡེ་ཁག་གིས་རྒྱ་ནག་གི་སྟངས་འཛིན་འོག་ཡོད་པའི་འགྲོ་མིའི་ཐོབ་ཐང་འཐབ་རྩོད་པ་དང་། རང་དབང་དོན་གཉེར་བ་ཚོར་བྱ་དགའ་སྤྲད་པར་རྒྱ་ནག་གཞུང་གིས་ནང་སྲིད་ལ་ཐེ་བྱུས་དང་། རྒྱ་ནག་ཁ་བྲལ་གཏོང་མཁན་དང་དྲག་སྤྱོད་པར་རྒྱབ་སྐྱོར་བྱས་པ་སོགས་ཀྱི་སྐྱོན་བརྗོད་བྱས་ཡོད་སྐོར་བརྗོད་འདུག

ཨེ་ཧམ་ལགས་ནི་རྒྱ་ནག་གཞུང་གིས་ཡུ་གུར་གྲངས་ཉུང་མི་རིགས་ཐོག་འཛིན་བཞིན་པའི་སྲིད་བྱུས་ལ་ཤུགས་ཆེན་པོས་སྐྱོན་བརྗོད་བྱེད་མཁན་ཞིག་དང་། ཡུ་གུར་བ་དང་རྒྱ་ནག་ཧན་མི་རིགས་གཉིས་ཕན་ཚུན་མཐུན་འགྲིག་དང་ཞི་བདེ་མཉམ་གནས་བྱེད་དགོས་པའི་ལྟ་ཚུལ་འདོན་མཁན་ཞིག་ཡིན་ན་ཡང་། རྒྱ་གཞུང་ནས་ཁོང་གིས་ཁྲིམས་འགལ་ཚོགས་པ་དང་དྲ་ཚིགས་སོགས་བཙུགས་ཏེ་ཡུ་གུར་གྲངས་ཉུང་མི་རིགས་མེས་རྒྱལ་ནས་ཁ་བྲལ་གཏོང་མཁན་ཞིག་ཡིན་པའི་སྐྱོན་འཛུགས་བྱས་ཏེ། ཁོང་ཐེངས་མང་ལ་འཛིན་བཟུང་འདྲི་རྩད་བྱས་ཡོད་པ་མ་ཟད། རྒྱ་ནག་གི་ཉེན་རྟོག་པ་ཚོས་ཁོང་དང་ཁོང་གི་ནང་མི་ཚོར་ལྟ་རྟོག་དང་འཇིགས་སྐུལ་སོགས་ཀྱི་སུན་གཙེར་ཡང་ཡང་བྱས་ཡོད་པ་དང་། མཚམས་རེར་རྒྱ་ནག་གཞུང་གི་ཉེན་རྟོག་པ་ཚོས་བརྡ་ལན་སོགས་གང་ཡང་མེད་པར་ཁོང་གི་ནང་ལ་ཡོང་ནས་སྔོག་བཤེར་སོགས་བྱས་ཡོད་པ་དང། ཕྱི་ལོ་ ༢༠༡༤ ལོར་ཁོང་ལ་ཁྲིམས་བཤེར་བྱེད་སྐབས་རྒྱ་ནག་གཞུང་གིས་ཨེ་ཧམ་ཊོ་ཊི་ལགས་ཁ་བྲལ་ཚོགས་པའི་མི་ ༨ ཀྱི་ནང་ནས་གཏེ་བོ་ཡིན་ཞིང་། ཁོང་གིས་དེ་སྔོན་རྒྱལ་ཁབ་ཁ་བྲལ་གཏོང་བའི་ལས་འགུལ་རྩ་འཛུགས་བྱས་པ་དང་དེ་འབྲེལ་གྱི་སྐད་ཆ་བཤད་པ་སོགས་ཀྱི་དཔང་རྟགས་ ༧ ལག་སོན་བྱུང་ཡོད་ལུགས་བསྒྲགས་ཡོད་པ་རེད།

སྐུ་ཞབས་ཨེ་ཧམ་ལགས་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡༥ ཉིན་རང་ཁྱིམ་ནས་འཛིན་བཟུང་བཙན་འཁྲིད་བྱས་ཏེ། དུས་ཡུན་ཟླ་བ་ ༨ ལྷག་ལ་འདྲི་རྩད་དང་བཀག་ཉར་འོག་བཞག་ཡོད་ན་ཡང་། ཕྱི་ལོ་ ༢༠༡༤ ཟླ་ ༩ པའི་ནང་ཤིན་ཅང་ཡཱོ་རོམ་ཆི་ (Urumqi) གྲོང་ཁྱེར་ཁྲིམས་ཁང་ནས་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱས་པའི་ཉེས་འཛུགས་འོག་ཁོང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་བཅས་རྒྱལ་སྤྱིའི་རང་དབང་ཐོབ་ཐང་ཚོགས་སྡེ་ཁག་ ༨ ཐུན་མོང་གིས་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཞེས་པ་ཁོང་ལ་སྤྲད་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༢ ནང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་བཅུ་གྲངས་ཤིག་གིས་ཁོང་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་དགོས་པའི་གྲོས་འཆར་བཏོན་ཡོད་པ་རེད།

ཨེ་ཧམ་ཊོ་ཊི་ལགས་ནི། ཕྱི་ལོ་༡༩༦༩ ལོའི་ཟླ་ ༡༠ ཚེས་ ༢༥ ཉིན་ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ཁུལ་ཨཱ་ཐོའུ་གྲོང་ཁྱེར་དུ་སྐྱེས་པ་དང་། ཤིན་ཅང་དུ་དམའ་རིམ་གྱི་སློབ་སྦྱོང་བྱས་རྗེས། སྔ་གཞུག་ཏུ་རྒྱ་ནག་བྱང་ཤར་དགེ་འོས་སློབ་ཆེན་དང་པེ་ཅིན་མི་རིགས་སློབ་ཆེན་དུ་དཔལ་འབྱོར་རིག་པའི་ཐོག་སློབ་གཉེར་གནང་ཡོད་པ་དང་། དེའི་རྗེས་པེ་ཅིན་མི་རིགས་སློབ་ཆེན་གྱི་རྒྱལ་སྤྱིའི་རྩིས་བསྡོམས་ཆེད་ལས་སྡེ་ཚན་གྱི་སློབ་དཔོན་གཞོན་པའི་འགན་འཁུར་ཡོད་པ་དང་།  ༢༠༠༦ ལོར་ཡུ་གུར་ཐད་གཏོང་དྲ་བ་གསར་བཟོ་བྱས།  ༢༠༠༩ ལོར་ཤིན་ཅང་གི་རྒྱལ་ས་ཡཱོ་རོམ་ཆི་ཡི་ནང་ཟིང་འཁྲུག་བྱུང་རྗེས། ཡུ་གུར་དྲ་བར་ཁ་བྲལ་དྲིལ་བསྒྲགས་བྱེད་ཀྱི་ཡོད་པའི་ཉེས་འཛུགས་བྱས་ཏེ། ལོ་དེའི་ཕྱི་ཟླ་ ༧ ཚེས་༨ ཉིན་ཁོང་དང་ཁོང་གི་ཁྱིམ་མི་རྣམས་རྒྱ་གཞུང་ཉེན་རྟོག་པས་བཀག་ཉར་བྱས། དེའི་ཐད་རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞོང་སོགས་ཤེས་ཡོན་པ་བརྒྱ་ཕྲག་མཉམ་འབྲེལ་གྱིས་༼ཡུ་གུར་ཤེས་ཡོན་པ་ཨེ་ཧམ་ཊོ་ཊི་ལགས་བཀག་ཉར་བྱས་པའི་སྐོར་གྱི་འབོད་སྐུལ༽ཞེས་པའི་ཡིག་ཆ་སྤེལ་ཏེ་ཞུ་གཏུག་བྱས་སྟབས།  ལོ་དེའི་ཕྱི་ཟླ་ ༨ ཚེས་ ༢༣ ཉིན་ཀློད་གྲོལ་བཏང་ཡོད། ཁོང་གིས་རྒྱ་གཞུང་གིས་རྩ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་བཅའ་ཁྲིམས་ལ་སྲུང་བརྩི་བྱས་ཏེ། སྨྲ་བརྗོད་རང་དབང་ཆེད་ནག་ཉེས་གཡོགས་པའི་ཡུ་གུར་གྱི་གསར་འགོད་པ་དང་རྩོམ་པ་པོ་ཚོར་རང་དབང་སྤྲོད་དགོས་པའི་འབོད་སྐུལ་ཐེངས་མང་གནང་བར་བརྟེན། ཚེ་བཙོན་གྱི་ཁྲིམས་ཐག་བཅད་དེ་བཙོན་དུ་བཅུག་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོོག

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༢༠ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

མཆན། 0

  1. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 7 སྔོན།

    རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ལ་འགན་འཁུར་ནས་རང་གི་ཚེ་སྲོག་འབེན་ལ་བཙུགས་ནས་དགྲ་ལ་ཁ་གཏད་དུ་ཐོན་ནས་འཛམ་གླིང་མི་མང་མདུན་བདེན་དཔང་གསལ་སྟོན་ཐུབ་པའི་ཡུ་
    གུར་མི་རིགས་ཀྱི་དཔའ་བོ་ཁྱོད་ལ་བདག་བསྟོད་དོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese