མདང་དགོང་བོད་བསང་ཆུ་རྫོང་ཁོངས་སུ་ཚད་རིམ་ ༥.༧ ཅན་གྱི་ས་ཡོམ་བྱུང་སྟེ་ཁང་པར་གས་ཆག་སོགས་བྱུང་ཡོད་པ་དང་ཉེ་འཁོར་གྱི་གྲོང་ཁྱེར་ཁག་ཅིག་གི་ནང་དུའང་ཤུགས་རྐྱེན་བསླེབས་ཡོད་འདུགམདང་དགོང་བོད་ནང་གི་ནམ་གུང་ཡོལ་ཆུ་ཚོད་ ༡:༥༦ སྟེང་། ད་ལྟ་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་དུ། ས་ཡོམ་ཚད་རིམ་ ༤.༨ དང་ ༥.༧ ཅན་གྱི་ས་འགུལ་རིམ་པ་གཉིས་བྱུང་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་བརྗོད་པ་ལྟར་ན། ཐེངས་འདིའི་ས་ཡོམ་གྱི་གཏིང་ཟབ་ཚད་སྟོང་རྨིད་ ༡༠ ཡིན་པ་དང་། ས་ཡོམ་གྱི་ཁྱབ་ཚད་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་དང་། ལན་ཀྲུའུ་གྲོང་ཁྱེར། ཐན་ཧྲུའེ་གྲོང་ཁྱེར་སོགས་སུ་ཤུགས་རྐྱེན་བྱུང་ཡོད་འདུག
གཙོད་གྲོང་ཁྱེར་ས་ཡོམ་བརྟག་དཔྱད་ཁང་གིས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་དུ། ས་ཡོམ་བྱུང་མ་ཐག་ཁ་པར་བརྒྱུད་ཁོངས་གཏོགས་ཡུལ་ཚོ་ ༦ དང་གླིང་བར་འཛིན་སྐྱོང་ཁང་ ༤ ལ་འབྲེལ་བ་བྱས་ཏེ་གནས་སྟངས་རྒྱུས་ལོན་བྱས་ཡོད་པ་དང་། མདང་དགོང་ནམ་གུང་ཡོལ་བའི་ཆུ་ཚོད་ ༢།༤༠ བར་དུ་མི་ལ་ཤི་རྨས་དང་རྒྱུ་ནོར་ལ་གནོད་སྐྱོན་བྱུང་བའི་གནས་ཚུལ་གོ་ཐོས་མེད་སྐོར་བརྗོད་འདུག
འདི་གའི་གསར་འགོད་པས་ས་གནས་རང་གི་བོད་མི་ཞིག་ལ་དེའི་སྐོར་དྲིས་པར། མདང་ནུབ་ས་ཡོམ་བྱུང་སོང་ལ་ཐེངས་དང་པོ་འགུལ་བ་དེ་ཧ་ཅང་ཤུགས་ཆེན་པོ་རེད། ས་ཡོམ་གྱི་ལྟེ་བ་དེ་ཙ་ཡུས་དང་བསང་ཆུ་སོགས་ཡིན་པ་དང་། བླ་བྲང་གྲོང་ཁྱེར་ནས་གཞུང་གི་ཁང་པ་རྙིང་པ་ཁག་ལ་གས་ཆག་ཤོར་བ་ལས་གཞན་གནས་ཚུལ་ཆེན་པོ་བྱུང་མེད་པ་དང་། གྲོང་གསེབ་ཁག་ནས་བར་སྒར་ཐང་དང་མདའ་མེད། ཙ་ཡུས་ཡུལ་ཚོ་བཅས་སུ་ཁང་པ་སོགས་ལ་གཏོར་བཤིག་ཅུང་ཙམ་བྱུང་ཡོད་པ་དང་། ད་ལྟའི་ཆར་མི་ལ་ཤི་རྨས་སོགས་གང་ཡང་མེད་སྐོར་བརྗོད་བྱུང་ལ། སློབ་གྲྭའི་སློབ་མ་དང་ཡུལ་མི་རྣམས་མཚན་གུང་ཕྱི་ལ་ཉེན་གཡོལ་དུ་ཕྱིན་དགོས་བྱུང་བ་དང་། སྡོང་ཁང་འཐོར་ཞིག་དང་གས་ཆག་ཕྱིན་པའི་ཡུལ་དངོས་ཀྱི་འདྲ་པར་དེ་འདྲ་འབྱོར་བྱུང་།ཡང་ཁོང་གིས་བརྗོད་ན། འདས་པའི་ལོ་ལྔའི་ནང་ཁུལ་དེར་ཚད་རིམ་ ༣ ཡན་གྱི་ས་ཡོམ་ཐེངས་ ༡༦ བྱུང་ཡོད་པ་དང་།
ཐེངས་འདིའི་ས་ཡོམ་གྱི་བྱུང་རྐྱེན་གཙོ་བོ་ཙ་ཡུས་ཡུལ་ཚོའི་ཉེ་འགྲམ་ནས་སྤྱི་ལེ་ ༡༨ ཙམ་སོང་ན་གསེར་བསྐོ་ས་ཞིག་ཡོད་པ་དང་། དེ་དང་འབྲེལ་བ་ཆེན་པོ་ཡོད་པའི་དོགས་གཞི་བྱེད་བཞིན་ཡོད་འདུག་ལ། རྒྱ་ནག་གཞུང་ཕྱོགས་ཀྱི་ཡིག་ཚགས་ཁག་ཏུ་ས་གནས་དེ་ནི་གསེར་གྱི་གཏེར་ཁ་འབོར་ཆེན་ཡོད་ས་ཞིག་ཡིན་སྐོར་བརྗོད་འདུག
གསར་འགོད་པ། སངས་རྒྱས་དཀོན་མཆོག
སྐལ་བཟང་དུས་བཟང་སྐབས་སུ་ས་ཡོམ་བྱུང་ན་རྟགས་དང་རྟེན་འབྲེལ་ལ་རྩི་བ་ནི་བླ་མ་བླ་ཆེན་སྐུ་ཁྲུངས་སྐབས་ས་གཡོ་བ་ནི་རྟེན་འབྲེལ་བཟང་བ་ལ་རྩི་བ་དང་དུས་དེང་སང་ས་ཡོམ་རྒྱབ་ན་ལྟས་ངན་
ལ་རྩི་བ་སོགས་འདི་དག་ཐམས་ཅད་མི་གི་བསམ་བློའི་བྱེད་ལས་ཙམ་ལས་གཞན་གང་ཡང་མ་ཡིན་པ་ནི་འབྱུང་བ་རླུང་གི་བྱེད་ལས་ཙམ་དུ་ཟད་ཧཧཧསྙིང་རྗེ་ཚན་རིག་ཚོ་འཐོམ་རྒྱུགས་མ་གནང་རོགས་ཐུགས་རྗེའིི་གཟིགས།