མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་སྐབས་དང་པོ་བསྡུས།

བོད་ཀྱི་དུས་བབ།
༢༠༡༩/༡༠/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་སེ་མུལ་ཌེལ་བྷ་རོན་བྷེག་ (Samuel Dale Brownback)མཆོག་ནས་རང་ཉིད་རང་དབང་གི་ཆེད་དུ་དྷ་སར་ཕེབས་པ་ཡིན་སྐོར་གསུངས་སོང་།བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༦༠ ཧྲིལ་པོ་འཁོར་བའི་དུས་དྲན་དང་སྟབས་བསྟུན། དེ་རིང་ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ་བཞུགས་སྒར་དྷ་རམ་ས་ལའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་གསར་པའི་ནང་། བོད་ཀྱི་ཟློས་གར་ཚོགས་པ་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ཟུང་འབྲེལ་གྱི་གོ་སྒྲིག་འོག ཉིན་གྲངས་གསུམ་རིང་གི་རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་ཆེན་སྐབས་དང་པོ་དབུ་འཛུགས་ཀྱི་མཛད་སྒོ་ཚོགས་སོང་། མཛད་སྒོའི་ཐལག་སྐུ་མགྲོན་གཙོ་བོ་ཨ་རིའི་རྒྱལ་སྤྱིའི་ཆོད་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་སེ་མུལ་ཌེལ་བྷ་རོན་བྷེག་ (Samuel Dale Brownback)མཆོག་གི་དབུས་ཕྱི་རྒྱལ་གྱི་སྐུ་མགྲོན་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བཀའ་བློན་རྣམ་པ། དེ་བཞིན་བོད་ཀྱི་ཟློས་གར་སྒྱུ་རྩལ་ཐད་ཀྱི་ཉམས་ཞིབ་པ་དང་། བོད་ཀྱི་ཟློས་གར་ཚོགས་པའི་ལས་ཐོག་ལས་ཟུར་རྣམ་པ་སོགས་མི་གྲངས་ ༣༠༠ ལྷག་འཛོམས་འདུགམཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ངས་སྐུ་ཞབས་བྷ་རོན་བྷེག་དེ་རིང་འདིར་ཕེབས་པ་དེར་བཀའ་དྲིན་ཆེ་ཞུ་ཡི་ཡོད། གང་ཡིན་ཟེར་ན། སྐུ་ཞབས་ཁོང་རང་ནས་དྷ་སར་ཕེབས་ཆེད་ཨ་རི་ནས་སྐུ་ལས་མང་པོ་བསྐྱོན་པ་མ་ཟད། ང་ཚོས་ཀྱང་དྷ་ས་དང་ལྡི་ལི་ནས་དཀའ་ལས་བརྒྱབས་ཡོད་པ་དང་། ། མཐའ་མཇུག་རེས་གཟའ་ལྷག་པའི་ཉིན་ཁོང་ལ་ཐོངས་མཆན་ཐོབ་ཡོད་པ་མ་ཟད། ཁོང་ནས་ཨ་རིའི་འཛིན་སྐྱོང་ནང་དུ་ཡང་ཁོང་རང་གི་གསུང་བཤད་ལ་དག་མཆན་ཐོབ་རྒྱུར་སྐུ་ལས་མང་པོ་བསྐྱོན་ཡོད་སྟབས། འདས་པའི་ཉིན་གྲངས་གསུམ་ནང་ཚང་མ་སྟབས་འགྲིག་པོ་ཆགས་སོང་བས། ལས་དབང་ཞིག་གི་རྐྱེན་པས་སྐུ་ཞབས་ཁྱེད་རང་འདིར་མ་ཕེབས་མཐུ་མེད་ལྟ་བུར་གྱུར་ཡོད། སྐུ་ཞབས་ཁོང་ནས་འདིར་ཕེབས་ཆེད་ཐབས་ཤེས་ཡོད་རྒུ་གནང་བ་དེར་ཐུགས་རྗེ་ཆེ་ཞུ་ཡིན། ཅེས་དང་། ཚང་མས་མཁྱེན་གསལ་ལྟར། སྐུ་ཞབས་བྷ་རོན་བྷེག་ལགས་ནི་བོད་མི་དང་ཡུ་གུར་ཚུད་པའི་འཛམ་གླིང་སྟེང་གི་མི་རིགས་ཚང་མའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ཞིག་ཡིན་པ་དང་། ཁོང་གི་མགོ་འཁྲིད་འོག་ནས་ཆོས་དད་རང་དབང་སྐོར་ལ་བློན་ཆེན་རིམ་པའི་ཚོགས་ཆེན་ཐེངས་གཉིས་ཚོགས་པའི་ཐོག འཛམ་གླིང་གི་རྒྱལ་ཁབ་ ༩༠ ལས་མང་བའི་སྐུ་ཚབ་བཅར་ཡོད་པ་མ་ཟད། ཚོགས་ཆེན་གཉིས་ཀའི་ཐོག་བོད་ཀྱི་སྐུ་ཚབ་རྣམས་བཅར་ཐུབ་རྒྱུའི་གོ་སྐབས་བསྐྲུན་ཡོད། ཅེས་གསུངས་སོང་བ་དང་། ཡང་ཁོང་གིས། ད་ལན་གྱི་རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླེང་ཚོགས་འདི་ནི་བོད་ཀྱི་གླུ་གར་དེ་ཡིད་ལ་འཕྲོག་པ་ཞིག་ཡིན་པ་གསལ་འདོན་བྱ་ཆེད་ཙམ་མ་ཡིན་པར། དེ་ནི་བོད་ཀྱི་ལོ་རྒྱུས་དང་ལོ་ངོ་སྟོང་ཕྲག་རིང་ནས་རྒྱུན་འཛིན་བྱས་པའི་བོད་ཀྱི་རིག་གཞུང་གི་གནད་དོན་ཞིག་ཡིན་པ་གསལ་འདོན་བྱེད་ཆེད་ཡིན་པ་དང་། ཉིན་གྲངས་གསུམ་རིང་གི་བགྲོ་གླེང་ཚོགས་ཆེན་ནང་རྒྱལ་སྤྱིའི་ཐོག་གི་མཁས་དབང་ ༡༦ དང་བོད་ཀྱི་མཁས་དབང་ ༦ ལྷག་གིས་གཏམ་བཤད་སྤེལ་རྒྱུ་ཡིན་སྐོར་གསུངས་སོང་བ་དང་། མཐའ་མཇུག་སྲིད་སྐྱོང་མཆོག་ནས། བོད་བཙན་འཛུལ་བྱས་རྗེས་རྒྱ་ནག་དམར་ཤོག་ཚོགས་པ་དང་མི་མང་བཅིངས་གྲོལ་དམག་གིས་ལས་ཀ་ཐོག་མ་དེ་བོད་ཀྱི་དཔལ་ཡོན་གཏོར་གཤིག་བཏང་ཡོད་སྐོར་དང་། ཉེ་ཆར་རྒྱ་ནག་གཞུང་གི་བླ་རུང་སྒར་གྱི་གྲྭ་འབོར་ཉུང་འཕྲི་བྱས་པས་མ་ཚད། ཡ་ཆེན་སྒར་ཕྱེད་ཀ་ལྷག་རྩ་མེད་བཏང་ཡོད་སྐོར་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་ཞུ་འབོད་བྱས་མིན་ལ་མ་ལྟོས་པར་བོད་ནང་གི་བོད་མི་ཚོས་བཙན་འཛུལ་ལ་ངོས་ལེན་བྱ་ཐབས་མེད་པ་དང་། དྲག་གནོན་ལ་མགོ་སྒུར་ཐབས་མེད་པའི་གནས་སྟངས་འོག་་ད་ལྟའང་མུ་མཐུད་རང་ལུས་མེར་སྲེག་གཏོང་གི་ཡོད་སྐོར་སོགས་གསུངས་སོང་།མཛད་སྒོའི་སྐུ་མགྲོན་གཙོ་བོ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་སེ་མུལ་ཌེལ་བྷ་རོན་བྷེག་ལགས་ཀྱིས། ང་འདིར་བཅར་ཐུབ་པ་དེར་དགའ་པོ་བྱུང་ལ། ང་འདིར་རང་དབང་གི་ཆེད་དུ་བཅར་བ་ཡིན། ཞེས་དང་། དེ་རིང་ང་འདིར་ནང་ཆོས་ལས་བསྐྱེད་པའི་ཆོས་ལུགས་ཀྱི་གོམས་སྲོལ་ཚུད་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་སྲུང་བརྩི་ཞུ་ཆེད་ཡོང་བ་ཡིན། ཨ་རིའི་ངོས་ནས་བོད་མིའི་བདེ་སྡུག་དང་བོད་མིའི་འཐབ་རྩོད་ལ་དོ་འཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། དེ་ནི་གཙོ་བོ་ང་ཚོས་བོད་ཀྱི་སྐད་ཡིག་དང་ཆོས་ལུགས། རིག་གཞུང་བཅས་ལ་སྙིང་ཐག་པས་བརྩི་བཀུར་ཞུ་ཡི་ཡོད་པའི་རྐྱེན་པས་ཡིན། མིའི་རིགས་ཀྱི་རིག་གནས་གོམས་སྲོལ་ཁྲོད་ནས་བོད་ཀྱི་རིག་གཞུང་ནི་མིའི་རིགས་ལ་རྩ་ཆེན་ཡིན་པ་དང་། གཞན་ཡང་ཨ་རི་བ་དང་བོད་མི་རྣམས་ཀྱིས་བྱམས་བརྩེ་དང་ཆིག་སྒྲིལ། ཁྲིམས་ཀྱི་དབང་བསྒྱུར་བཅས་ལ་བརྩི་བཀུར་ཞུ་ཡི་ཡོད་པ་གཅིག་མཚུངས་ཡིན་པའི་ཆ་ནས་ཀྱང་ཡིན། ཅེས་གསུངས་སོང་བ་དང་། ཡང་ཁོང་གིས། ཨེ་ཤ་ཡའི་ཆོས་ལུགས་རྗེས་འབྲང་བ་རྣམས་ཀྱིས་སེམས་ལ་ངེས་དགོས་པ་ཞིག་ལ། ཆོས་ལུགས་གཅིག་ལ་དམ་དྲག་བཙན་གནོན་བྱུང་སྐབས་ཆོས་ལུགས་གཞན་ལའང་དེ་ལྟར་བྱུང་སྲིད་པ་ཞིག་ཡིན་པ་སྟབས། ཐའེ་ལན་ཌི་དང་ཤྲི་ལང་ཀ སོག་པོ་བཅས་ནང་གི་སངས་རྒྱས་ཆོས་ལུགས་རྗེས་འབྲང་བ་ཚོས་བོད་མི་རྣམས་ཀྱི་ཐོག་ལ་ག་རེ་འབྱུང་བཞིན་པ་ཤེས་རྟོགས་བྱ་རྒྱུ་གལ་ཆེན་ཡིན་པ་ནན་སྐུལ་ཞུ་ཡི་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་མུ་མཐུད་བོད་མིའི་ཐུན་མིན་རིག་གཞུང་བཅས་པ་རྩ་མེད་གཏོང་ཐབས་བྱེད་ཀྱི་ཡོད་ཀྱང་། བོད་མིའི་རིག་གཞུང་དེ་ཡུན་གནས་ཡོང་ངེས་ཡིན་པ་དང་། ཨ་རིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྙན་ཐོའི་ནང་བོད་ནང་གི་བོད་མི་ཚོར་ཆོས་དད་དང་། འདུ་ཚོགས། སྨྲ་བརྗོད། འགྲུལ་སྐྱོད་རང་དབང་བཅས་ལ་དྲག་གནོན་ཚད་མེད་གཏོང་བཞིན་པ་འཁོད་ཡོད་པ་ལྟར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྐུ་ཚབ་ཅིག་ཡིན་པའི་ཆ་ནས་ཨ་རིའི་ངོས་ནས་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་ཐོག་དྲག་གནོན་ཚད་མེད་བྱེད་བཞིན་པར་བློ་འཚབ་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་མི་སྒེར་གྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་བྱེད་དགོས་པར་ནན་སྐུལ་བྱེད་བཞིན་ཡོད་སྐོར་དང་། རྒྱ་ནག་ངོས་ནས་བོད་མིས་ངོས་འཛིན་བྱས་པའི་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་འཕྲལ་དུ་ཀློད་གྲོལ་བྱེད་དགོས་པའམ། ཡང་ན་ཁོང་གི་ད་ལྟའི་གནས་སྟངས་ཇི་ཡིན་ཁ་གསལ་བརྗོད་དགོས་པ་དང་། ཨ་རིའི་ངོས་ནས་བོད་མི་ཚོར་གཞུང་གི་ཐེ་བྱུས་མེད་པར་རང་གི་ཆོས་ལུགས་དབུ་འཁྲིད་འདེམ་རྒྱུའི་ཐོབ་ཐང་དེར་བརྩི་སྲུང་ཞུ་ཡི་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་ཀྱང་བོད་མིར་རྒྱབ་སྐྱོར་བྱེད་དགོས་ཀྱི་ཡོད་སྐོར་དང་། བོད་ཀྱི་ཆོས་ལུགས་དབུ་འཁྲིད་འདེམ་རྒྱུ་དེ་༧གོང་ས་མཆོག་དང་། བོད་བརྒྱུད་ནང་བསྟན་གྱི་དབུ་འཁྲིད་དང་བོད་མི་ཁོ་ནའི་ལག་ཏུ་ཡོད་སྐོར་དང་། རྒྱ་ནག་གཞུང་ངོས་ནས་ད་ལྟའི་བོད་ནང་སྲིད་བྱུས་ལ་འགྱུར་བ་བཏང་སྟེ། བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་ལུགས་དང་སྐད་ཡིག རིག་གཞུང་བཅས་པར་གུས་བརྩི་དང་རྒྱུན་འཛིན་བྱེད་དགོས་པའི་ནན་སྐུལ་ཞུ་བཞིན་ཡོད་སྐོར་སོགས་གསུངས་སོང་།

སྐུ་མགྲོན་གཙོ་བོའི་གསུང་བཤད་གྲུབ་མཚམས་བོད་ཀྱི་ཟློས་གར་ཚོགས་པས་གཞན་སྣ་འཁྲབ་སྟོན་གཟིགས་འབུལ་གནང་སོང་བ་དང་། ཉིན་རྒྱབ་ནས་བཟུང་ཉིན་གྲངས་གསུམ་རིང་རྒྱལ་སྤྱིའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ཞིབ་འཇུག་བགྲོ་གླིང་ཚོགས་ཆེན་ཚོགས་བཞིན་ཡོད་པ་དང་། སང་ཉིན་ཕྱི་ཚེས་ ༢༩ ཉིན་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེསས་ནས་ལོ་ངོ་ཧྲིལ་པོ་ ༦༠ བའི་དུས་དྲན་དང་བསྟུན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ཀྱི་ཟློས་གར་ཁང་དུ་ཆིབས་བསྒྱུར་བསྐྱངས་ཏེ། དེ་གའི་ཚོགས་ཁང་གསར་པའི་གླུ་གར་རིག་རྩལ་ཁང་དབུ་འབྱེད་དང་རབ་གནས་བཅས་གནང་རྒྱུ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༡༩ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

མཆན། 0

  1. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 7 སྔོན།

    དུས་བབ་ཚང་ཨ་རིའི་རྒྱལ་སྤྱིའི་ཆོད་དད་རང་དབང་ཟེར་བའི་ཆོད་དད་ཨ་ཡིན་ཆོས་དད་ཡིན་ངེས་ཧཧཧ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese