མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སོག་གཉིས་བར་ཆོས་དང་རིག་གཞུང་གི་བགྲོ་གླེང་ཚོགས་འདུ་ཚོགས།

བོད་ཀྱི་དུས་བབ།
༢༠༡༩/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་རིགས་རྒྱ་རིགས་ལ་བཟོ་རྒྱུ་དང་སོག་རིགས་རྒྱ་རིགས་ལ་བསྒྱུར་ཐབས་སུ་འབད་བརྩོན་བྱེད་བཞིན་ཡོད་པ་གཅིག་མཚུངས་ཡིན་པས་མཉམ་དུ་གདོང་ལེན་བྱེད་དགོས།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༡༥ སྟེང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་ཁང་དུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བོད་སོག་གཉིས་བར་ཆོས་དང་རིག་གཞུང་གི་བགྲོ་གླེང་ཚོགས་འདུ་ཞིག་མགོ་འཛུགས་གནང་སོང་བ་དང་། ཚོགས་ཐོག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་པའི་བོད་མི་མང་སྤྱི་འཐུས་ཁག་ཅིག་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཨརྱ་ཚེ་དབང་རྒྱལ་པོ་ལགས་གཙོས་པའི་སོག་ཡུལ་གྱི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་བསྟན་འཛིན་ལེགས་བཤད་ལགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས། ཐའེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས། ཉི་ཧོང་དོན་གཅོད་ལུང་རྟོགས་ལགས།  དེ་བཞིན། ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་སྨན་ཤེར་བློ་གྲོས་ལགས་དང་། སོག་ཡུལ་ནས་ཕེབས་པའི་གནད་ཡོད་མི་སྣ་ཁག་ཅིག་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད། ཟུར་ཉན་པ་ཁག་ཅིག་བཅས་ཁྱོན་མི་གྲངས་ ༤༠ ཡས་མས་ཤིག་འཛོམས་འདུག

ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཕེབས་བསུའི་གཏམ་བཤད་གནང་སྐབས། ང་ཚོ་བོད་པའི་ངོས་ནས་ཐེངས་འདིའི་ཚོགས་འདུ་འདི་གལ་ཆེན་པོ་ཞིག་ལ་རྩི་བཞིན་ཡོད། གང་ཡིན་ཟེར་ན། ལོ་རྒྱུས་ཐོག་ནས་བལྟས་པ་ཡིན་ན། བོད་དང་སོག་པོའི་བར་གྱི་འབྲེལ་བ་དེ་མཆོད་ཡོན་གྱི་འབྲེལ་བ་ཡིན་སྟབས་འབྲེལ་བ་དམིགས་བསལ་བ་ཞིག་དང་དམ་ཟབ་ཡོད་པ་ཞིག་ཆགས་བསྡད་ཡོད་པ་རེད། གཉིས་བོད་པ་དང་སོག་པོ་གཉི་ག་རྒྱ་འོག་དུ་ཚུད་བསྡད་ཡོད་པ་དེའང་འབྲེལ་བ་ཞིག་ཆགས་བསྡད་ཡོད་པ་རེད། དེར་བརྟེན། བོད་སོག་གཉིས་མཉམ་རུབ་ཐོག་ནས་ལས་འགུལ་སྤེལ་རྒྱུའི་གཞི་དེ་གལ་ཆེན་པོ་ཆགས་འདུག ང་རང་ཚོའི་ལོ་རྒྱུས་ང་རང་ཚོས་བདག་པོ་མ་བརྒྱབ་པ་ཡིན་ན། ད་ལྟའི་ཆར་གནས་སྟངས་ག་འདྲ་ཞིག་ཆགས་བསྡད་ཡོད་པ་རེད་ལབ་ན། རྒྱ་ནག་ཕྱོགས་ནས་ཤིན་ཧྭ་དང་གོ་ལའི་དུས་བབ། དབུས་བརྙན་འཕྲིན་ཁང་སོགས་བརྒྱུད་བོད་དང་སོག་པོ་དེ་ཡོན་རྒྱལ་རབས་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་བསྒྲགས་གཏམ་རྟག་པར་སྤེལ་གྱི་ཡོད། བསྒྲགས་གཏམ་དེ་རྫུན་མ་ཡིན་པ་ཤེས་བཞིན་དུ་ཁོ་ཚོས་སྤེལ་དགོས་དོན་ག་རེ་རེད་ཟེར་ན། ད་ལྟའི་ཕྱི་སོག་དང་བོད་པ་གཉིས་ནས་རྒྱ་ནག་ལ་གདོང་ལེན་ཤུགས་ཆེན་པོ་ཞིག་བྱེད་ཐུབ་ཀྱི་མེད་པས་རེད། རྒྱའི་ཆབ་སྲིད་ཐོག་བལྟས་པ་ཡིན་ན་ཁོ་ཚོས་ལོ་རྒྱུས་ཀྱི་འཁྱོག་བཤད་དེ་འདྲ་མང་པོ་ཞིག་བཏོན་དང་འདོན་མུས་རེད། རྒྱ་ནག་གིས་བཤད་བཞིན་པའི་ཡོན་དེ་སོག་པོའི་རྒྱལ་རབས་ཤིག་ཡིན་པ་ལས་རྒྱ་ནག་གི་རྒྱལ་རབས་ཤིག་ཆགས་ཀྱི་མེད། དེར་བརྟེན། རྒྱ་ནག་གིས་ཡོན་རྒྱལ་རབས་དེ་ཁོ་རང་ཚོའི་ཡིན་ལབ་སྟེ། བོད་དང་སོག་པོ་གཉིས་རྒྱ་ནག་གི་ཆ་ཤས་ཡིན་ཟེར་བ་དེར། ང་ཚོས་ལོ་རྒྱུས་ཐོག་ནས་གསལ་བཤད་བྱ་རྒྱུ་གལ་ཆེན་ཆགས་ཡོད། ཅེས་བརྗོད་སོང་།

དེའི་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། གཞི་རྩའི་བོད་སོག་གི་ལོ་རྒྱུས་དང་མི་རིགས། རྩ་བའི་བླ་མ་སོགས་གཅིག་པ་ཆགས་ཀྱི་ཡོད། ༧ས་སྐྱ་པཎྡྲིཏ་མར་དེད་ཕྱིན་པ་ཡིན་ན་སྐད་ཡིག་དང་རིག་གཞུང་ཐད་ནས་གཅིག་པ་ཆགས་ཀྱི་ཡོད། དེར་བརྟེན། དེ་རིང་འདིར་བོད་སོག་གཉིས་མཉམ་དུ་འཛོམས་ཏེ། བསམ་ཚུལ་བརྗེ་རེས་ཀྱིས་མ་འོངས་པའི་ལས་དོན་སྒྲུབ་ཕྱོགས་སོགས་ཀྱི་ཐོག་བཀའ་བསྡུར་གནང་རྒྱུའི་གོ་སྐབས་བྱུང་བ་ཧ་ཅང་ཡག་པོ་རེད། ང་ད་སྔ་བར་ཡུ་གུར་དང་སོག་པོ་སོགས་ཀྱི་ཚོགས་འདུ་ཁག་ཅིག་ལ་ཞུགས་རྒྱུ་བྱུང་། ཚོགས་འདུའི་ཐོག་མིག་བཙུམ་ནས་སྐད་ཆ་ཉན་སྐབས། བོད་པ་དང་ཡུ་གུར། དེ་བཞིན། སོག་པོ་སུས་སྐད་ཆ་བཤད་ཀྱང་། རྒྱ་ནག་གིས་གདུག་རྩུབ་བཏང་བའི་ལོ་རྒྱུས་དེ་གཅིག་མཚུངས་ཆགས་ཀྱི་འདུག དེར་བརྟེན། ཉེ་བའི་ལོ་རྒྱུས་ལ་བལྟས་པ་ཡིན་ན། བོད་ཀྱི་གནས་སྟངས་ཡིད་སྐྱོ་བ་ཞིག་ཡོད་པ་དང་། བོད་དེ་རྒྱ་སྡེར་བསྒྱུར་རྒྱུ་དང་བོད་རིགས་རྒྱ་རིགས་ལ་བཟོ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གིས་སོག་པོ་རྒྱ་སྡེར་བསྒྱུར་ཐབས་དང་། སོག་རིགས་རྒྱ་རིགས་ལ་བསྒྱུར་ཐབས་སུ་འབད་བརྩོན་བྱེད་བཞིན་ཡོད་པ་གཅིག་མཚུངས་རེད། ཅེས་གསུངས་སོང་།

ཡང་སོག་པོའི་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནས་སྟངས་སྐོར་ལ་ཁོང་གིས། སོག་པོའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གཉིས་གཅིག་པ་ཡོད་པ་རེད། འོན་ཀྱང་། བོད་པའི་གནས་སྟངས་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་འོག འཛམ་གླིང་ནང་ཁྱབ་ཐུབ་པ་ཞིག་བྱུང་ཡོད། སོག་པོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་ཁྱབ་ཐུབ་པ་ཞེ་དྲག་བྱུང་མེད། བོད་པའི་གནས་སྟངས་ལོ་ ༣༠ ནང་རྒྱལ་སྤྱིའི་སྟེང་གོ་རྟོགས་སྤེལ་ཐུབ་པ་ལ་བརྟེན་ནས་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད། ད་ལྟ་ནང་སོག་གི་གནས་སྟངས་ཞེ་དྲག་ཁྱབ་ཐུབ་ཀྱི་མེད། འོན་ཀྱང་། ང་ཚོའི་གནས་སྟངས་གཅིག་པ་ཡིན་པས་སྔ་གཞུག་ཙམ་མ་གཏོགས་ནང་སོག་གི་གནས་སྟངས་ཀྱང་ཁྱབ་ཐུབ་རྒྱུ་ཡིན་པ་གསལ་པོ་རེད་ལ། དེ་དུས་གྲ་སྒྲིག་ཡག་པོ་དགོས་རྒྱུ་གལ་ཆེན་པོ་རེད། གྲ་སྒྲིག་མེད་པ་ཡིན་ན་གོ་སྐབས་འཛིན་ཐུབ་ཀྱི་མེད། བོད་ནང་རྒྱ་ནག་གིས་འབྲོག་པ་ས་ཡ་ ༡ ལྷག་རྩ་ས་ཡག་པོ་མེད་པར་ཁ་གཡར་ཏེ། གནས་སྤོར་བྱེད་དུ་བཅུག་ཡོད། གནས་སྟངས་འདིའི་ཐད་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཞིབ་འཇུག་བྱས་ཏེ། བོད་ནང་གི་འབྲོག་པ་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པའི་དེབ་ཀྱང་བཏོན་ཡོད་པ་རེད། སོག་པོའི་གནས་སྟངས་ཐོག་དེབ་ཐོན་ཡོད་པ་རེད་དེ་དེ་འདྲ་མང་པོ་ཐོན་ཡོད་པ་མ་རེད། དངོས་གནས་བྱས་ན། འབྲོག་པའི་གནས་སྟངས་ཐོག་སོག་པོའི་འབྲོག་པའི་གནས་སྟངས་སྔོན་ནས་འགྱུར་བ་བཏང་སྟེ་སྡུག་པོ་བཏང་ཡོད་པས་སྡུག་ག་ཡོད། ཅེས་དང་། རྒྱ་ནག་གིས་སོག་པོའི་འབྲོག་པའི་རྩྭ་ས་གཏོར་བརླག་བཏང་རྗེས་གཏེར་ཁ་བསྔོགས་ཏེ་ས་རྡོ་ཆུ་ཡན་ཆད་འཕྲོ་བརླག་གཏོང་གི་ཡོད་སྐོར་དང་། སོག་པོར་རྒྱལ་སྤྱིའི་ཁྲོམ་རའི་ནང་ཧ་ཅང་དཀོན་པའི་གཏེར་རིགས་བརྒྱ་ཆ་ ༩༠ ཡོད་པ་རྒྱ་ནག་གིས་བསྔོག་འདོན་བྱས་ཏེ། འཛམ་གླིང་རྒྱལ་ཁབ་གང་སར་ཐོན་རྫས་བཙོང་གི་ཡོད་པ་དང་། སོག་པོའི་ནང་བྱུང་དང་འབྱུང་གི་ཡོད་པའི་གནས་སྟངས་དེ་ཚོ་རྒྱལ་སྤྱིའི་སྟེང་བསླེབ་ཐབས་སུ་སོག་པོའི་གྲོགས་པོ་ཚོས་ཤུགས་རྒྱག་དགོས་པའི་འབོད་སྐུལ་བཅས་གནང་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese