མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་གླིང་གྲོས་ཚོགས་འཐུས་མི་གཉིས་རྒྱ་ནག་ནང་འགྲོ་བར་གཞུང་འབྲེལ་བཀག་འགོག་བྱས།

བོད་ཀྱི་དུས་བབ།
༢༠༡༩/༡༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཨོ་གླིང་གི་སྲིད་དོན་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་ཚོས་རྒྱ་ནག་གཞུང་ནས་གཞུང་འབྲེལ་མི་སྣ་གཉིས་བཀག་འགོག་བྱས་པར་སྐྱོན་བརྗོད་བྱེད་བཞིན་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གིས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་ཨན་ཌི་རའོ་(Andrew Hastie)ལགས་དང་ཇེམ་སི་པི་ཊར་སན་(James Paterson)ལགས་གཉིས་ནས། རྒྱ་ནག་གིས་ཨོ་གླིང་ནང་ཐེ་གཏོགས་དང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པ་སོགས་ཀྱི་སྐོར་ལ་སྐྱོན་བརྗོད་བྱས་པའི་ངོས་འཛིན་འོག ཟླ་རྗེས་མར་རྒྱ་ནག་ནང་སྐོར་བསྐྱོད་བྱེད་འཆར་ཡོད་པ་བཀག་འགོག་བྱས་ཡོད་པ་མ་ཟད། ཨོ་སི་ཊོ་ལི་ཡའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས། གྲོས་ཚོགས་འཐུས་མི་གཉིས་ནས་དེ་སྔོན་བཤད་པའི་སྐད་ཆ་དག་ཕྱིར་འཐེན་དང་རྒྱ་ནག་གཞུང་ལ་དགོངས་དག་ཞུ་དགོས་སྐོར་བརྗོད་ཡོད་པ་རེད།

ཐོངས་མཆན་བཀག་འགོག་བྱས་པའི་གྲོས་ཚོགས་འཐུས་མི་གཉིས་ནས། ང་ཚོས་གསལ་པོ་བཤད་རྒྱུ་ཞིག་ལ་དགོངས་དག་རྩ་བ་ཉིད་ནས་ཞུ་རྒྱུ་མིན། ང་ཚོ་ཨོ་སི་ཊོ་ལི་ཡའི་མི་མང་གི་ཚབ་ཏུ་ལངས་ཏེ། རྒྱལ་ཁབ་འདིའི་བདག་དབང་དང་རིན་ཐང་། དེ་བཞིན། མངོན་འདོད་བཅས་ཀྱི་སླད་ནམ་ཡང་དགོངས་དག་ཞུ་རྒྱུ་མིན། ཞེས་བརྗོད་ཡོད་པ་དང་། ཐེངས་འདིའི་ཨོ་སི་ཊོ་ལི་ཡའི་གནད་ཡོད་མི་སྣ་གཞུང་འབྲེལ་བཀག་འགོག་བྱས་པའི་ཐད། ཨོ་གླིང་གི་ཕྱོགས་གཉིས་ཀྱི་སྲིད་དོན་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་ཚོས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་འབྲེལ། གྲོས་ཚོགས་འཐུས་མི་གཉིས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་རེད།

ངལ་རྩོལ་ཚོགས་པའི་ཕྱི་སྲིད་མགྲིན་ཚབ་མ་པན་ནེ་ཝོན་(Penny Wong)ལགས་ཀྱིས། ང་ཚོ་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་པས། སྨྲ་བརྗོད་རང་དབང་དང་། གུ་ཡངས་གྲོས་མོལ། དེ་བཞིན། བསམ་ཚུལ་བརྗེ་རེས་བྱེད་རྒྱུ་སོགས་ནི་ང་ཚོ་སུ་ཡིན་པ་དེ་ཡིན། ངས་ཨོ་སི་ཊོ་ལི་ཡ་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཁག་གིས། གནད་དོན་འདི་དག་ཨོ་གླིང་ལྷན་དུ་འབྲེལ་འདྲིས་བྱེད་སྐབས་དང་ལེན་བྱེད་ཐུབ་པའི་རེ་བ་ཡོད། ཅེས་བརྗོད་ཡོད་པ་དང་། གྲོས་ཚོགས་འཐུས་མི་ཌི་ནཱ་ཊི་ལེ་(Di Natale)ལགས་ཀྱིས། ང་ཚོའི་ཚོང་འབྲེལ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་གིས་གཞུང་འབྲེལ་མི་སྣ་རྒྱལ་ཁབ་དེའི་ནང་འགྲོ་རྒྱུ་བཀག་འགོག་བྱས་པ་དེས་བློ་ཕམ་བཅུག་སོང་། ང་ཚོས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་གནས་སྟངས་བཤད་པ་ཙམ་གྱིས། མ་འོངས་པར་གཞུང་འབྲེལ་མི་སྣ་རྒྱ་ནག་ནང་སྐོར་བསྐྱོད་བྱེད་རྒྱུ་བཀག་འགོག་མི་བྱེད་པའི་རེ་བ་ཡོད། གལ་སྲིད་བཀག་འགོག་བྱས་པ་ཡིན་ན། ང་ཚོས་པེ་ཅིན་གྱིས་རྒྱ་ནག་མི་མང་ཐོག་སྲིད་དབང་སྒེར་གཅོད་བྱེད་བཞིན་ཡོད་པའི་གནས་སྟངས་མཐོང་རྒྱུ་ཇེ་ཉུང་དུ་འགྲོ་ཡི་ཡོད། ཅེས་བརྗོད་ཡོད་པ་རེད།

ཨོ་གླིང་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པས། ང་ཚོས་རྒྱ་ནག་ལ་གཞི་མེད་སྐྱོན་བརྗོད་བྱེད་མཁན་ཚོ་རྒྱ་ནག་ནང་ཡོང་བར་དགའ་བསུ་བྱེད་ཀྱི་མེད། འབྲེལ་ཡོད་ངོས་ནས་རང་ཉིད་ཀྱི་ནོར་འཁྲུལ་ནོར་བཅོས་དང་དགོངས་དག་ཞུས་ཏེ། རྒྱ་ནག་གི་ལམ་ལུགས་དང་རྒྱ་ནག་མི་མང་གི་འཕེལ་རྒྱས་ལ་གུས་བརྩི་བྱས་ཚེ། གྲོས་མོལ་དང་མཉམ་འབྲེལ་གྱི་སྒོ་ག་དུས་ཡིན་ཡང་ཕྱེས་ནས་ཡོད། ཅེས་བརྗོད་ཡོད་པ་དང་། ཟླ་རྗེས་མའི་སྐོར་བསྐྱོད་ནང་ཨོ་གླིང་གི་གྲོས་ཚོགས་འཐུས་མི་གསུམ་རྒྱ་ནག་ནང་འགྲོ་འཆར་ཡོད་པའི་ཁྲོད། གྲོས་ཚོགས་འཐུས་མི་མཱ་ཊི་གེ་ཧོ་(Matt Keogh)ལགས་སུ་ཐོངས་མཆན་སྤྲད་ཡོད་འདུག

ད་རེས་གྲོས་ཚོགས་འཐུས་མི་གཉིས་ཀྱི་ཐོངས་མཆན་བཀག་འགོག་བྱེད་དོན་ནི། འདི་ལོའི་ཕྱི་ཟླ་ ༨ ནང་གྲོས་ཚོགས་འཐུས་མི་ཨན་ཌི་རའོ་ལགས་ཀྱིས། ཨོ་གླིང་གི་གྲོང་ཁྱེར་སིད་ནེའི་(Sydney Morning Herald)གསར་འགྱུར་དྲ་ཚིགས་སྟེང་བསམ་ཚུལ་རྩོམ་ཡིག་ཅིག་སྤེལ་ཏེ། རྒྱ་ནག་གིས་ཨོ་གླིང་ནང་ཐེ་གཏོགས་བྱེད་བཞིན་ཡོད་སྟབས། ཨོ་གླིང་གིས་རྒྱལ་ཁབ་ཀྱི་མ་འོངས་པ་དང་འབྲེལ། རྒྱ་གར་ཞི་བདེ་རྒྱ་མཚོའི་ནང་གི་རྩོད་རྙོག་གཙོས་པའི་ས་མཚམས་དང་ཆུ་མཚམས་སོགས་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་བྲིས་ཡོད་པ་དང་། གྲོས་ཚོགས་འཐུས་མི་ཇེམ་སི་པི་ཊར་སན་ལགས་ཀྱིས། ཟླ་འདིའི་ཕྱི་ཚེས་  ༡༤ ཉིན་ཧོང་ཀོང་གི་ཞི་རྒོལ་ལས་འགུལ་དང་འབྲེལ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་པ་སོགས་ལས་བྱུང་བ་ཞིག་ཡིན་པ་རེད་ལ། འདི་ལོར་ཨོ་སི་ཊོ་ལི་ཡ་གཞུང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་སྐོར་དང་། དམིགས་བསལ་རྒྱ་ནག་ནས་ཤིན་ཅང་ཁུལ་དུ་བཀག་སྐྱིལ་ཁང་ཆེད་འཛུགས་ཀྱིས་ཡུ་གུར་མི་མང་བཙོན་འཇུག་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐོར་ལ་སྐྱོན་བརྗོད་བསྟུན་མ་བྱས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༡༨ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese