མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་ས་ས་འཐུས་གསར་པའི་དམ་འབུལ།

བོད་ཀྱི་དུས་བབ།
༢༠༡༩/༡༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

གསར་དུ་འདེམས་ཐོན་བྱུང་བའི་དྷ་རམ་ས་ལའི་ས་གནས་འཐུས་མི་ ༡༥ ཡི་ནང་ནས་ངོ་ཡོད་ས་འཐུས་ ༡༤ ཡིས་དམ་བཅའ་ཕུལ་ཏེ་ལས་འཁུར་ཞུས།དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཙམ་ཐོག དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ཚོགས་ཁང་དུ། སྐབས་ ༡༠ པའི་དྷ་ས་ས་འཐུས་མི་ ༡༥ འོས་འདེམས་བྱུང་བ་ནས་མི་ ༡༤ ཡིས། བྱང་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་ས་གནས་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་ཀྱི་མདུན་དུ་དམ་འབུལ་ཞུས་སོང་ལ། དམ་འབུལ་ཐོག་དྷ་སའི་ས་གནས་མགོ་འཛིན་ཀུན་དགའ་ཚེ་རིང་ལགས་གཙོ་བོར་གྱུར་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་བཅས་ཁྱོན་མི་གྲངས་ ༥༠ མ་ཟིན་ཙམ་འཛོམས་འདུག

ས་འཐུས་གསར་པ་ཡོངས་ཀྱི་དམ་འབུལ་གྲུབ་རྗེས། ངོ་ཡོད་ས་འཐུས་ ༡༤ ཡིས་འོས་བླུགས་པ་བརྒྱུད་ཟླ་བ་ཚེ་རིང་ལགས་སུ་འོས་གྲངས་ ༨ ཐོབ་སྟེ་ས་འཐུས་ཚོགས་གཙོ་དང་། བློ་བཟང་ཚེ་རིང་ལགས་སུ་འོས་གྲངས་ ༡༠ ཐོབ་སྟེ་ཚོགས་གཞོན་ཏུ་འདེམས་ཐོན་བྱུང་བ་གསལ་བསྒྲགས་གནང་རྗེས། སླར་ཡང་ས་གནས་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་ཀྱི་མདུན་དུ་ས་འཐུས་ཚོགས་གཙོ་གཞོན་གཉིས་ཀྱིས་དམ་འབུལ་ཞུས་སོང་།

དྷ་སའི་ས་གནས་མགོ་འཛིན་ཀུན་ཚེ་རིང་ལགས་སུ་ས་གནས་འཐུས་མི་ཇི་ཙམ་གལ་ཆེན་ཡིན་སྐོར་དྲིས་པར། ས་གནས་ལ་ཀ་བ་གསུམ་ཡོད་པ་རེད། ས་གནས་འཐུས་ཚོགས་དང་རང་བདེན་ཚོགས་ཆུང་། ས་གནས་མགོ་འཛིན་ལས་ཁུངས་བཅས་ཡིན་པ་རེད། ས་གནས་སུ་ས་གནས་མགོ་འཛིན་ལས་ཁུངས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ལྟ་བུར་ཉིན་རེའི་འཛིན་སྐྱོང་གི་ལས་དོན་ཆ་ཚང་བྱེད་ཀྱི་ཡོད་སྟབས། ས་གནས་མགོ་འཛིན་གྱི་ཁྱབ་ཁུངས་ལས་ཁུངས་ཁག་གི་ལོ་གཅིག་གི་སྔོན་རྩིས་དང་ལས་དོན་བྱེད་ཕྱོགས་ལ་སྟངས་འཛིན་བྱེད་པའི་དབང་ཚད་དེ་ས་གནས་གྲོས་ཚོགས་རང་ལ་ཡོད་པ་དང་། ས་གནས་དེར་ལས་དོན་དག་དག་བྱེད་ཀྱི་ཡོད་མེད་ལ་སྟངས་འཛིན་གནང་མཁན་དེའང་ས་གནས་འཐུས་ཚོགས་ཆགས་ཡོད་པ་རེད། དེ་བས་ས་འཐུས་གལ་ཆེན་པོ་ཆགས་དགོས་པའི་རྒྱུ་མཚན་གཙོ་བོ་དེ་རེད། དེ་ཙམ་མིན་པར་མི་མང་ལ་དཀའ་སྡུག་དང་ཛ་དྲག་གི་གནད་དོན་ག་རེ་ཡོད་ནའང་ས་འཐུས་ལ་ཞུས་ཚེ་ས་འཐུས་གྲོས་ཚོགས་བརྒྱུད་ས་གནས་མགོ་འཛིན་ལ་བཀའ་འདྲི་ཞུས་པ་སོགས་དབུས་ཀྱི་འགྲོ་སྟངས་ལྟར་གཅིག་མཚུངས་ཡིན་པ་རེད།  ཅེས་བརྗོད་བྱུང་།

བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་དོན་ཚན་དགུ་པ་ལྟར་ན། ས་གནས་འཐུས་མིའི་གྲངས་ཚད་ནི་ས་གནས་ཆེ་ཆུང་ལ་གཞིགས་པའི་ཚོགས་མི་གྲངས་ ༣༥ ལས་མ་བརྒལ་བ་དང་། ས་འཐུས་གྲངས་ ༧ ལས་མི་ཉུང་བ་དགོས་ཀྱི་ཡོད་པ་དང་། ས་འཐུས་ཀྱི་སྐབས་རེའི་དུས་ཡུན་ལོ་ ༣ རེ་ཡིན་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

ཆུ་ཚོད་ ༡༤ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༡༦ སྔོན་ལ།
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

ཆུ་ཚོད་ ༡༧ སྔོན་ལ།
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༢
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

༢༠༢༦/༠༧/༢༢
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese