མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལ་དྭགས་ལ་གདོང་མིའི་མི་རིགས་ཀྱི་འཛིན་སྐྱོང་དགོས་པའི་བསམ་ཚུལ་བཏོན།

བོད་ཀྱི་དུས་བབ།
༢༠༡༩/༡༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

ལ་དྭགས་ཡུལ་མི་ཞིག་གིས་གལ་སྲིད་ལ་དྭགས་ནང་གང་བྱུང་གིས་འཛུགས་སྐྲུན་དང་མི་འབོར་ལྡབ་བཅུ་གྲངས་ཤིག་འཕར་ཚེ་ས་གཞིས་འཁུར་ཐུབ་ཐབས་མེད་པས་རྩ་ཁྲིམས་ནང་གསལ་པའི་ཁྲིམས་ཤིག་ལག་བསྟར་བྱེད་པའི་རེ་འདོད་བྱེད་ཀྱི་ཡོད་སྐོར་བརྗོད་འདུགདེ་རིང་ཕྱི་ཚེས་ ༢༢ ཉིན།  ཏར་འཕྲིན་གསར་ཁང་ (The Telegraph) གིས་སྤེལ་བའི་གནས་ཚུལ་ལྟར་ན། ལ་དྭགས་ཀྱི་ཡུལ་མི་ཞིག་གིས་འདི་ལོར་ལ་དྭགས་རྒྱ་གར་དབུས་གཞུང་གི་ཐད་སྐྱོང་ས་ཁུལ་དུ་བསྒྱུར་བ་ནས་བཟུང་། ལ་དྭགས་ཡུལ་མི་ཚོས་རྒྱ་ནག་གིས་བོད་མིར་གང་བྱེད་བཞིན་པ་དེ་བཞིན་རྒྱ་གར་གཞུང་གིས་ལ་དྭགས་ལ་གནང་སྲིད་པའི་བློ་འཚབ་ཡོད་སྐོར་བརྗོད་རྗེས། རྒྱ་གར་གཞུང་འཛིན་ཚོགས་པའི་མགྲིན་ཚབ་པ་དང་གྲོས་ཚོགས་འཐུས་མིས་དབུས་གཞུང་ནས་ལ་དྭགས་ཀྱི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཐད་གང་གནང་དགོས་པ་གནང་བཞིན་ཡོད་པས་བློ་འཚབ་དེ་འདྲ་གནང་དགོས་དོན་མེད་སྐོར་བརྗོད་འདུག

ཏར་འཕྲིན་གསར་ཁང་གི་གནས་ཚུལ་ནང་། ལ་དྭགས་ཡུལ་མིའི་བསམ་ཚུལ་དེ་མངོན་གསལ་དོད་པོས་འདོན་མཁན་གཙོ་བོ་ཞིག་ནི་ལ་དྭགས་ཡུལ་མི་འཆར་འགོད་པ་དང་གློག་བརྙན་འཁྲབ་སྟོན་པ་བསོད་ནམས་དབང་ཕྱུག་ཞེས་པ་ཞིག་ཡིན་པ་དང་། ཁོང་གིས་རྒྱ་གར་དབུས་གཞུང་ནས་གསར་དུ་དབུས་ཐད་སྐྱོང་ས་ཁུལ་དུ་བསྒྱུར་བའི་ལ་དྭགས་ཡུལ་མི་ཚོའི་བློ་འཚབ་སྟེ། རང་ཉིད་ཀྱི་ངོ་བོ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པར་བརྡ་ལན་ཞིག་མ་སྤྲད་ཚེ། ཁོང་ལ་ཞེད་སྣང་ཞིག་ཡོད་པ་ནི་ཡུལ་མི་ཚོས་ཁ་བྲལ་གྱི་ལས་འགུལ་སྤེལ་སྲིད་སྐོར་དང་། ཕྱི་མི་ལ་དྭགས་ས་ཁུལ་དུ་ཡོང་ནས་གཏན་སྡོད་བྱེད་པའི་བློ་འཚབ་མི་ཡོང་ཆེད་ལྡི་ལི་གཞུང་ནས་ལ་དྭགས་མི་མང་ལ་གདོད་མིའི་མི་རིགས་ཀྱི་གནས་བབ་སྤྲོད་གལ་ཆེ་སྐོར་བརྗོད་འདུག

ཡང་ཁོང་གིས། ཡིད་སྐྱོ་བ་ཞིག་ལ་ལ་དྭགས་དབུས་ཐད་སྐྱོང་ས་ཁུལ་གྱི་གནས་བབ་ཏུ་བསྒྱུར་བ་ནི་ལ་དྭགས་ཀྱི་ཧ་ཅང་ཕྱུག་པའི་ཐོན་ཁུངས་སྤྱོད་རྒྱུ་ཡིན་མིན་གྱི་འཆལ་གཏམ་ཞིག་འགྲོ་བཞིན་ཡོད་པ་དེ་རེད། ཡང་རེ་འགས་ལ་དྭགས་ས་ཁུལ་དུ་བྱུང་བཞིན་པ་འདི་ནི་རྒྱ་ནག་གིས་བོད་ལ་བྱས་པ་དང་གཅིག་མཚུངས་ཡིན་མིན་ཀྱི་དོགས་སློང་བྱེད་ཀྱི་ཡོད་པ་རེད། མི་མང་གིས་རྒྱ་གར་ལ་བཅིངས་བའི་བརྩེ་སེམས་མ་ཉམས་གོང་དང་ཁ་ཁར་གྱེས་པའི་བསམ་བློ་སྐྱེས་ཏེ་ཁ་བྲལ་གྱི་ལས་འགུལ་མ་སྤེལ་གོང་ནས་གནད་དོན་འདི་སེལ་ཐུབ་རྒྱུ་ནི་ངའི་རེ་བ་ཡིན། ཞེས་བརྗོད་འདུག

ལ་དྭགས་ཡུལ་མི་ཚོར་ཁོར་ཡུག་དང་འབྲེལ་ནས་བློ་འཚབ་ཡོད་པས། རྒྱ་གར་གྱི་རྩ་ཁྲིམས་འོག་ལ་དྭགས་འདི་གདོད་མའི་མི་རིགས་འཛིན་སྐྱོང་ས་ཁུལ་ཞིག་ལ་ངོས་འཛིན་གྱིས་འཛིན་སྐྱོང་བྱེད་དགོས་སྐོར་ལ་ཁོང་གིས། ཟླ་གསུམ་ཕྱིན་ནའང་གདོད་མའི་མི་རིགས་ཀྱི་གནས་བབ་ཐད་ལ་གསལ་བསྒྲགས་གང་ཡང་བྱུང་མེད་པ་རེད། མི་མང་ཚོས་རང་ཉིད་ཀྱི་ས་གཞི་དང་ཁོར་ཡུག་ཉེན་ཁའི་ནང་ཡོད་པའི་ཞེད་སྣང་དང་སྐྲག་སྣང་སྐྱེས་ཀྱི་ཡོད། ང་ཚོའི་སྣོད་བཅུད་ནི་ཧ་ཅང་མཉེན་པོ་ཞིག་ཡིན་པས། གལ་སྲིད་གང་བྱུང་གིས་འཛུགས་སྐྲུན་དང་མི་འབོར་ལྡབ་བཅུ་གྲངས་ཤིག་འཕར་ཚེ་ས་གཞི་འདིས་འཁུར་ཐུབ་ཐབས་མེད་པ་རེད། ང་ཚོས་འདིའི་ཆེད་ཁྲིམས་གསར་པ་ཞིག་བཟོ་དགོས་པ་བརྗོད་ཀྱི་མེད་པར་རྩ་ཁྲིམས་ནང་གསལ་པའི་ཁྲིམས་ཤིག་ང་ཚོའི་ཐོག་ལག་བསྟར་བྱེད་པའི་རེ་འདོད་བྱེད་ཀྱི་ཡོད། ཅེས་བརྗོད་འདུགརྒྱ་གར་གྱི་བྷི་ཇི་པི་ཆབ་སྲིད་ཚོགས་པའི་མགྲིན་ཚབ་པ་སུ་ནིལ་སི་ཊི་ (Sunil Sethi) ལགས་ཀྱིས། མི་མང་གི་དགོས་འདུན་མཐའ་དག་གྲུབ་ཡོད་པའི་སྐབས་སུ་བསོད་ནམས་དབང་ཕྱུག་ལགས་ནས་མི་མང་ལ་དགོས་མེད་ཀྱི་སྐུལ་སློང་མི་བྱེད་པ་དང་། ལ་དྭགས་མི་མང་གི་ངོ་བོ་དང་ཐུན་མོང་མ་ཡིན་པའི་རིག་གཞུང་བདག་ཉར་ཆེད་གཞུང་ངོས་ནས་ཅི་ཞིག་བྱེད་དགོས་པ་བྱེད་ཀྱི་ཡོད་པས། གཞུང་ལ་ཉེན་བརྡ་གཏོང་དགོས་དོན་མེད་སྐོར་བརྗོད་འདུག

དེ་བཞིན་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འཐུས་མི་ལ་དྭགས་པ་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས། ལོ་ངོ་སུམ་ཅུའི་རིང་ལ་དྭགས་ནི་ཞི་བདེའི་ངང་གནས་ཡོད་པ་དང་། སུས་ཀྱང་ལ་དྭགས་ཁ་བྲལ་སྐོར་གླེང་སློང་བྱས་མེད་སྐོར་བརྗོད་དེ་བསོད་ནམས་དབང་ཕྱུག་ལ་སྐྱོན་བརྗོད་དང་། ལ་དྭགས་ཀྱི་ས་ཆའི་བེད་སྤྱོད་དང་སྟངས་འཛིན། ཡར་རྒྱས་དང་ཆ་བགོས་བྱེད་པ་སོགས་གླེ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ (Ladakh Autonomous Hill Development Council Leh) དང་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་དཀར་གྱིལ་ (Ladakh Autonomous Hill Development Council Kargil) གཉིས་ཀྱིས་གནང་གི་ཡོད་པ་དང་། ལྷན་ཚོགས་དེ་གཉིས་ནི་ས་གནས་མི་མང་གིས་འཛིན་སྐྱོང་བྱེད་ཀྱི་ཡོད་ལ། ལ་དྭགས་ནི་གདོད་མའི་མི་རིགས་འཛིན་སྐྱོང་ས་ཁུལ་ཞིག་གི་འོག་སྲུང་སྐྱོབ་དགོས་ཀྱི་མེད་པ་དགོངས་ཀྱི་ཡོད་སྐོར་བརྗོད་འདུགའདི་ལོའི་ཕྱི་ཟླ་ ༨ པའི་ནང་རྒྱ་གར་གྱི་དབུས་གྲོས་ཚོགས་ནང་ལ་དྭགས་དབུས་ཐད་སྐྱོང་ས་ཁུལ་ཞིག་ཏུ་བསྒྱུར་བའི་ཁྲིམས་གཏན་འབེབ་གནང་ཡོད་པ་དང་། ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་དངོས་སུ་ལག་བསྟར་བྱས་ཡོད་པ་རེད། གླེ་དང་དཀར་གྱིལ་གཉིས་ནི་ལ་དྭགས་ཀྱི་གྲོང་ཁྱེར་ཆེ་ཤོས་གཉིས་ཆགས་ཡོད་སྟབས། གླེ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་དང་དཀར་གྱིལ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་གཉིས་ཀྱི་ནང་ས་གནས་འཛིན་སྐྱོང་གི་ལྟེ་གནས་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

ཆུ་ཚོད་ ༢ སྔོན་ལ།
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

༢༠༢༦/༠༧/༣༠
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese