མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྔར་བཤགས་ཕྱིས་འདོམས་མ་བྱས་བར་དུ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་བྱ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༩/༡༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བསྐྱར་དུ་ཁ་མཆུ་ཨང་ ༢༠ པའི་ཐད་རྩོད་ལན་པ་བཀའ་ཤག་གིས་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༧ རེས་གཟའ་པ་སངས་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤:༠༠ གོང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲའི་དགོངས་དོན་འཚེམས་ལུས་མེད་པར་ཇི་མ་ཇི་བཞིན་ཉམས་ལེན་ལག་བསྟར་ཟིན་པ་དགོས་པའི་བཀའ་ཁྱབ་བཏང་འདུག

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁ་མཆུ་ ༢༠ པའི་ཞུ་སྦྱོར་བ་སྤེན་པ་ཚེ་རིང་གིས་སྤྱི་དམངས་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༥༡ དང་ ༨༤ འོག་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་རྩོད་ལན་པ་བཀའ་ཤག་ནས་ཁ་མཆུ་ ༢༠ པའི་བཅད་ཁྲ་ཉམས་ལེན་མཇུག་སྐྱོང་ཡོང་བའི་སྙན་ཞུ་ཕུལ་བ་ལྟར། ཁ་སང་ཕྱི་ཚེས་ ༢༢ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་དམངས་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༥༡ [ཁ] ༡) གཞིར་བཟུང་། རྩོད་ལན་པ་བཀའ་ཤག་གིས་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༧ རེས་གཟའ་པ་སངས་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤:༠༠ གོང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲའི་དགོངས་དོན་འཚེམས་ལུས་མེད་པར་ཇི་མ་ཇི་བཞིན་ཉམས་ལེན་ལག་བསྟར་ཟིན་པ་དགོས་རྒྱུ་དང་། ཅི་སྟེ་ཉམས་ལེན་ལག་བསྟར་ཇི་མ་ཇི་བཞིན་མ་ཞུས་ཚེ། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༥(༡ [ཁ] ༢) གཞིར་བཟུང། བཀའ་ཤག་སྐབས་ ༡༥ པའི་སྲིད་སྐྱོང་བློ་བཟང་སེང་གེ་དང་། བཀའ་བློན་རྣམ་པས་སྔར་བཤགས་ཕྱིས་འདོམས་མ་བྱས་བར་དུ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་བྱ་རྒྱུ་ཡིན་པའི་བཀའ་ཁྱབ་བཏང་ཡོད་འདུག

འདི་གར་ལག་སོན་བྱུང་བའི་བཀའ་ཁྱབ་ཡིག་ཆའི་ནང་། རྩོད་ལན་པས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༤ ཉིན་ཁྱབ་བསྒྲགས་གནང་བའི་བཅད་ཁྲའི་ནང་། བཀའ་ཤག་ནས་བྱང་ཨ་རི་དོན་གཅོད་སྤེན་པ་ཚེ་རིང་ལགས་འཕོ་འགྱུར་དང་། དེའི་རྗེས་འབྲེལ་གསལ་བཤད་དོན་ཚན་ ༡༠ གསལ་བསྒྲགས་བྱས་པ་དེ། གནས་ཚུལ་ཡོང་ཁུངས་ངེས་བརྟན་མེད་པ་དང་། ཁ་ཡན་ལ་གོ་ནོར་ཐེབས་དབང་གིས། སྤེན་པ་ཚེ་རིང་གི་ལྷག་བསམ་དང་། འཇོན་ཐང་།  བཟང་སྤྱོད་བཅས་པར་མ་ཉེས་ཁག་གཡོགས་ཤོར་བ་དང་། སྤྱི་ཚོགས་ནང་དངོས་བདེན་མ་ཡིན་པའི་གནས་ཚུལ་ཁྱབ་འགྲེམས་སོང་བའི་སྐོར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བཅད་ཁྲ་ཁྱབ་བསྒྲགས་གནང་འདུག་པར་བརྟེན། བཀའ་ཤག་གིས་སྤེན་པ་ཚེ་རིང་ལ་བཟོད་གསོལ་ཞུ་རྒྱུ་ཡིན་ཞེས་བརྗོད་བྱ་འདི་རང་བཀོད་བའི་དགོངས་སེལ་ཞུ་ཡིག་འདི་ཨིན་བོད་སྐད་ཡིག་གཉིས་ཀའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་བོད་མིའི་རང་དབང་དང་། bod.asia, tibet.net, tibetonline.tv བཅས་སུ་འདོན་འགྲེམས་གསལ་བསྒྲགས་བྱས་ཏེ། དེ་དག་གི་ཡིག་ཆ་རྣམས་ཞུ་སྦྱོར་བར་སྤྲོད་ཆེད་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འབུལ་དགོས། ཞེས་གསལ་བའི་དགོངས་དོན་ཇི་བཞིན་ལག་བསྟར་བྱས་མི་འདུག་པས། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༥༡ [ཁ] ༡)ནང་། བཅད་ཁྲའི་དགོངས་དོན་ཉམས་ལེན་དུས་ཐོག་ལག་བསྟར་མི་བྱེད་མཁན་བྱུང་ན། དེར་ཁྲིམས་ཞིབ་ཁང་ནས་བཀའ་ཁྱབ་དང་འབྲེལ་ལག་བསྟར་བྱེད་དུ་འཇུག་རྒྱུའི་ལས་འགན་ལེན་དགོས། ཞེས་གསལ་བ་ལྟར། རྩོད་ལན་པའི་ངོས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༧ རེས་གཟའ་པ་སངས་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤:༠༠ གོང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲའི་དགོངས་དོན་འཚེམས་ལུས་མེད་པར་ཇི་མ་ཇི་བཞིན་ཉམས་ལེན་ལག་བསྟར་ཟིན་པ་དགོས་སྐོར་བཀའ་ཁྱབ་བཏང་ཡོད་འདུག

དེ་བཞིན་གལ་ཏེ་རྩོད་ལན་པ་བཀའ་ཤག་གིས་བཅད་ཁྲ་ཉམས་ལེན་ལག་བསྟར་ཇི་མ་ཇི་བཞིན་མ་ཞུས་ཚེ། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༥(༡ [ཁ] ༢) ནང་གསལ། གྱོད་ཡ་སུ་རུང་ནས་ཁྲིམས་ཞིབ་ཁང་གི་བཅད་ཁྲ་དང། བཀའ་ཁྲི། བཀའ་ཁྱབ། བཀའ་ཤོག བཀོད་འདོམས་བཅས་ལ་བརྩི་མེད་བྱས་ཚེ། གནས་ཡུལ་གཞུང་གི་ཁྲིམས་ཐོག་ནས་འབྲེལ་བ་མེད་པའི་དོ་བདག་གང་དེར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༢༢ དང་ ༦༣། ༩༧། ༡༠༡། ༡༠༧ ནང་གསལ་དང་། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤ ནང་གསལ་གྱི་འོས་བསྡུའི་རིགས་ཀྱི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་དང་། བོད་མིའི་སྒྲིག་འཛུགས་མ་ལག་གི་གཞུང་འབྲེལ་ལས་གནས་གང་རུང་དུ་འདེམས་བསྐོ་བཀག་སྡོམ་དང་གནས་ཕབ་གནས་དབྱུང་། བོད་མིའི་སྒྲིག་འཛུགས་ཀྱི་ལྟ་རྟོག་རོགས་རམ་དང་མཐུན་འགྱུར་སྦྱོར་སྤྲོད་མཚམས་གཅོད། གཞན་གང་རུང་བཅས་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱེད་ཆོག ཁྲིམས་ཞིབ་ཁང་གིས་དེ་ལྟར་ཐག་གཅོད་བྱས་བའི་བཀའ་ཁྱབ་ཀྱི་ངོ་བཤུས་དང་སྦྲགས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཆགས་སུ་ཡིན་ལ་ལག་བསྟར་མཇུག་གནོན་བྱ་རྒྱུར་འགན་བསྐུར་བཀའ་ཁྱབ་གཏོང་རྒྱུ་དང་། བཀའ་ཁྱབ་དེའི་ངོ་བཤུས་མཁྱེན་རྟོགས་སླད་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། འབྲེལ་ཡོད་ལ་གཏོང་རྒྱུ་། ཞེས་པའི་དགོངས་དོན་ལྟར། བཀའ་ཤག་སྐབས་ ༡༥ པའི་སྲིད་སྐྱོང་བློ་བཟང་སེང་གེ་དང་། བཀའ་བློན་རྣམ་པས་སྔར་བཤགས་ཕྱིས་འདོམས་མ་བྱས་བར་དུ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་བྱ་རྒྱུ་ཡིན། ཞེས་བཀའ་ཁྱབ་བཏང་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

མཆན། 0

  1. ངག་དབང says:
    ལོ་ 7 སྔོན།

    ཆོལ་གསུམ་བོད་རིགས་སྤུན་བཟླ་ཡོངས་ཁ་ཙམ་མ་ཡིན་པར་དོན་དམ་གྱི་ཆིག་སྒྲིལ་ཞིག་དགོས་ན།
    སྲིད་སྐྱོང་མཆོག་ནས་ད་རེས་ངེས་པར་ཁྲིམས་ལ་བརྩི་བཀུར་ཞུ་གལ་ཆེ།

    Reply
  2. བཀྲ་སྒྲོལ་མ says:
    ལོ་ 7 སྔོན།

    ད་ནས་བཟུང་བོད་མི་ནང་ཁུངས་མཐུན་སྒྲིག་ཡོང་ཐབས་བྲལ་བ་མངོན། དང་པོ་རང་བཙན་ལ་འབད་པ།གཉིས་པ་དབུ་མའི་ལམ་ཞེས་པ་ལ་འབད་པ།གསུམ་པ?

    Reply
  3. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 7 སྔོན།

    མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ཟེར་ན་དེ་རེད།

    Reply
  4. བཙན་པའི་བུ་རྒྱུད། says:
    ལོ་ 7 སྔོན།

    རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་དགོས་པ་དང་ཁྲིམས་ཡོད་ན་བཙན་པོས་ཐུབ་ཚོད་བྱེད་མི་ཐུབ། མི་སུ་ཞིག་ཡིན་ཀྱང་སོ་སོའི་རྒྱལ་ཁྲིམས་དེ་བརྩི་དགོས། ང་ཚོ་བཙན་བྱོལ་པའི་གཞུང་འདི་ལ་འང་དམངས་གཙོའི་ཀ་བ་གསུམ་ཡོད་པ་འདི་ནི་བསོད་ནམས་རེད་ལ་གཟི་བརྗིད་ཀྱང་རེད།

    Reply
  5. སྐལ་བཟང་། says:
    ལོ་ 7 སྔོན།

    ད་སྐབས་ཁྲིམས་ཁང་གིས་ཐག་ཆོད་ལ་འདོད་བློ་མི་ཁེངས་ནི་ཚོས་ཁ་ལ་ཚོད་ཅིག་མི་འདུག
    རྒྱ་མའི་གསང་བ་རེད་ཟེར་བ་དང་ཤེས་ཅེན་ཕེན་རེད་ཟེར་བ།
    རྒྱ་མིའི་ཕོག་ཟན་རེད་ཟེར་བ་སོགས་ཁུངས་ལུངས་མེད་པ་དང་། ཉི་མ་མ་འཁྱོར་བའི་ཚིག་ཉོག་གི་འཚོ་བ་སྐྱེལ་ཐབས་བྱེད་པ་སོགས་ནི་འཚོ་ཐབས་དེ་ཧ་ཅང་སྐྱོ་དགོས་པ་ཞིག་རེད།

    Reply
  6. jimme baharu@yahoo. says:
    ལོ་ 7 སྔོན།

    རྩ་ཆེ་རིན་ཆེན་མི་ལུས་སྲོག་ལ་ཐུག་ན་ཡང། རྕ་བའི་བླ་མར་ཟུར་ཟ་བཀར་འདེབས་མི་ཞུ་ཞིང།
    བྲོད་པ་ལྟོགས་ནས་རང་ཤི་དགོས་ན་ཡང། བོད་མི་རིགས་མི་བརྩོང་དམ་བཅའ་ཡིན།

    Reply
  7. kalsang dawa says:
    ལོ་ 7 སྔོན།

    ༄། ཡོངས་གླིང་སློབ་གྲྭའི་སྤྱི་རྒྱུ་སྒེར་བདག་གི་ཁ་མཆུ་འི་ཐོག་ཆེས་མཐོ་ཁྲིམས་ཞིབ་ཁང་གི་བཀོད་ཁྱབ་འདི་ལྟ་བུ་ཞིག་གཏོང་མ་ཐུབ་པ་གང་ཡིན་ནམ།

    Reply
  8. ངག་དབང་བྱང་ཆུབ། says:
    ལོ་ 7 སྔོན།

    འོ་ད་ཡིན་ན་འདུག ང་ཚོའི་ཁྲིམས་ཞིབ་ཁང་གི་ནང་ལ་ཞིས་ཅིང་ཕིང་སླེབས་ནས་སྣང་བ་གང་དྲན་དང་། རྐང་སྐྱོངས་ལག་སྐྱོངས་བྱས་ནས་བཙན་བྱོལ་བོད་མིའི་སྒྲིགས་འཛུག་གཏོར་བར་ངར་ངར་བྱ་ཀི་འདུག མང་གཙོའི་ཀ་བ་གསུམ་ཆར་སྨྱོ་ནས་༧གོང་ས་མཆོག་གི་དགོང་པ་དཀྲུག་གི་འདུག་གོ། ད་ནས་བཟུང་གསར་ཤོག་དང་། དྲྭ་རྒྱ་འདི་ཚོར་མིག་ཀྱང་ལྟ་འདོད་མེད།།

    Reply
    • abcd xyz says:
      ལོ་ 7 སྔོན།

      འོ། དེ་འདྲ་ཟེར་མི་ཉན། དེ་འདྲ་འུ་མ་ཐུག་ཅིག བློ་སེང་དང་བཀའ་ཤག་སྐབས་ ༡༥ པས་ལས་འགན་ཡག་པ་མང་པོ་ཞིག་གནང་དང་གནང་ཡོད་པ་ཞིག་རེད། ཡིན་ནའང་ཁྲིམས་དང་འགལ་གྱི་འདུག་ན་བཀའ་ཤག་ཡིག་ཀྱང་འགན་འཁུར་དགོས་པ་ཞིག་མ་རྟོགས་བཀའ་ཤག་ཡིན་ཟེར་ནས་འཇོག་ཐབས་མེད་པ་རེད། དེ་འདྲ་ཡིན་ན། བོད་མ་ཤོར་གོང་སྐུ་དྲག་ཚོར་ཁ་མང་པོ་ཞིག་བཏང་འདུག་དེ་ཚོ་ཚང་མ་བདེན་པ་མིན་པ་ཡིན་ནམ། ༸གོང་ས་སྒྱབས་མགོན་རིན་པོ་ཆེ་མཆོག་ནས་བོད་མི་ཚོར་མང་གཙོའི་རང་དབང་གནང་བ་དེ་ནོར་བ་ཡིན་ནམ། མང་གཙོ་གནང་དགོས་དོན་ཅི་ཡིན་ནམ། མང་གཙོ་ཟེར་བའི་གོ་དོན་ཅི་ཡིན་ནམ་གསལ་པོར་ཤེས་པར་བགྱིས། དུས་ཚོད་ཉན་ཕྲང་རེད་ཟེར་ནས་བཀའ་ཤག་གི་ནོར་འཁྲུལ་ག་རེ་བྱས་ཀྱང་ཟོད་འགོམ་བྱས་ན་བསྡད་ན། དེ་དེ་སྔོན་གྱི་སྐུ་དྲག་ཚོས་ག་རེ་བྱས་པ་དེ་སྒྲིག་པ་ཡིན་གྱི་རེད། དེ་འདྲ་སེམས་ཆུང་མ་གནང་རོགས།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese