མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཅི་ཞིག་ལ་བྱ་སྤུ་ནོན་དང་ལས་རྒྱུ་འབྲས་ཟེར་རམ།

བོད་ཀྱི་དུས་བབ།
༢༠༡༩/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

སྒང་པ་དགེ་ལེགས།

“བྱ་སྤུ་ནོན་”ཞེས་པའི་ཚིག་དུམ་འདི་བོད་ཀྱི་ཁ་རྒྱུན་ཁྲོད་སྔོན་ནས་ཡོད་པ་ཞིག་ཡིན་མོད།  འོན་ཀྱང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ལོ་གཅིག་ཙམ་གྱི་སྔོན་ནས་ཡོངས་ཁྱབ་ཀྱི་མིང་ཚིག་ཅིག་ཏུ་གྱུར་ཏེ་སྔར་གོ་མ་མྱོང་མཁན་མང་པོ་ཞིག་གིས་ཀྱང་གསར་ཏུ་གོ་བར་གྱུར། ཕྱོགས་གཅིག་ནས་འདི་དེང་སང་གི་དྲྭ་བའི་བརྒྱུད་ལམ་སྟབས་བདེ་ཞིང་ཁྱབ་ཆེ་བས་ཡིན་པ་སྨྲོས་མི་དགོས་ན་ཡང་། རྒྱུ་རྐྱེན་གཙོ་བོ་ནི་སྤྱི་ཚོགས་བྱིངས་ལ་ཚོར་ཤུགས་ཆེ་བའི་གནད་དོན་ཞིག་དང་འབྲེལ་ཏེ། གནད་ཡོད་མི་སྣ་ཞིག་གིས་གསར་ལམ་ཁག་ཏུ་ཡོངས་བསྒྲགས་བྱས་པ་ལས་བྱུང་བ་ཞིག་རེད། ད་འོ་ན་“བྱ་སྤུ་ནོན”ཟེར་ན་ཅི་ཞིག་རེད་དམ་ཟེར་ན། དེ་ནི་དཔེ་འཇོག་གིས་ལམ་ནས་དོན་གལ་ཆེན་ཞིག་སྟོན་པ་ཡིན་ཏེ། བྱ་ཚོགས་ཀྱི་ལུས་ལ་སྐྱེས་པའི་སྤུ་དག་གཅིག་གིས་གཅིག་མནན་ནས་ཡོད་པ་བཞིན་ཏུ་མི་རྣམས་ཀྱིས་ཀྱང་རང་གང་དུ་གཏོགས་པའི་ཚོགས་པ་སྒྲིག་འཛུགས་དེའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་གོ་གནས་ཀྱི་བང་རིམ་འོག་ཏུ་ཚུད་པར་བྱེད་དགོས་པའི་དོན་རེད།  དེའི་དབང་གིས་བཀའ་ཤག་གིས་རང་གི་ཁྱབ་འོག་ཏུ་གཏོགས་པའི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བའི་གནད་དོན་དང་སྦྲེལ་ཏེ་ཚིག་ཉུང་དོན་འདུས་ཀྱི་གཏམ་དཔེ་འདི་དྲངས་བ་ཞིག་ཡིན་ཞིང་། ཞིབ་ཕྲའི་ནང་དོན་བཤད་མི་དགོས་པར་མདོར་བསྡུས་ན་འོག་མས་གོང་མར་གུས་བརྩི་མ་བྱས་པ་དང་བཀའ་ཁྱབ་དང་ལེན་བྱས་མ་སོང་ཟེར་བ་དེ་རེད། འདི་ལ་གཏམ་དཔེ་གཞན་ཞིག་སྤྱད་ན་ “མགོ་འོག་ལུས་ཚུད་”ཀྱང་ཟེར་ཆོག  ཐད་ཀར་གནད་དོན་འདིའི་ངོས་ནས་བལྟས་ན་བྱ་སྤུ་ནོན་གྱི་སྒྲིག་གཞི་འདི་སུས་མ་ཁུར་ན་དེ་ནི་སྒྲིག་འཛུགས་དེའི་ཁྱབ་ཁུངས་ནས་ཕྱིར་འབུད་བྱེད་དགོས་ཤིང་བྱེད་འོས་པ་སྟེ། སྤྱི་བའི་སྒྲིག་འཛུགས་སྲ་བརྟན་དང་གཉན་འཕྲང་གི་དུས་འདིར་དབུས་དང་ཡན་ལག་གི་ནུས་པ་མཉམ་སྤུང་བྱེད་ཐུབ་མིན་ཡང་འདི་ལ་རག་ལུས་པས་རེད། དེ་ལྟར་ཡིན་ཕྱིན་བཀའ་ཤག་གིས་ཀྱང་གཏམ་དཔེ་འདི་བགྲང་སྟེ་དེ་རིང་ང་ཚོས་མཐོང་བཞིན་པའི་ཡ་ང་ཡི་མུག་གི་སྐྱོ་གར་འདིའི་སྒོ་ཕྱེས་པ་རེད། འདི་ནི་ཟླ་བ་གཅིག་ལྷག་གི་གོང་དུ་བྱུང་བའི་གནས་ཚུལ་ཞིག་ཏེ་བྱ་སྤུ་འོག་མས་གོང་མ་མ་བཏེགས་པའི་དཔེ་མཚོན་གྲགས་ཆེ་ཤོས་དང་ཚོར་བ་རྣོ་ཤོས་ཤིག་ཏུ་གྱུར། ཡིན་ན་ཡང་དེང་སང་དེ་ལྟར་མ་རེད། དེ་ལྟར་མ་ཡིན་པ་ཡང་ཆེས་བླ་ན་མེད་པའི་རྒྱུ་འབྲས་ཀྱི་ཚད་གཞི་དམ་ཚིག་གི་སྲོག་ཤིང་དུ་བཟུང་བའི་གཟི་དཔང་དང་ཁྲིམས་ཡིག་གིས་ཐག་བཅད་པ་རེད། ཐག་བཅད་པ་དེས་རྩ་བའི་གནད་ཆེན་པོའང་ངང་ངམ་ཤུགས་ཀྱིས་ཐག་ཆོད་འགྲོ་བ་ཡིན་ཏེ། བྱ་སྤུ་ནོན་གྱི་སྒྲིག་ལམ་མ་ཁུར་བའི་དོན་ཚན་བཅུ་བགྲང་ནས་དོན་གཅོད་འཕོ་འགྱུར་བཏང་བ་རེད་མོད། འོན་ཀྱང་ཁྲིམས་ཀྱི་གཟི་དཔང་གིས་དེད་ཡོང་སྐབས་དོན་ཚན་གཅིག་ཀྱང་ཁུངས་སྐྱེལ་བྱེད་མ་ཐུབ་པ་དེས་འཕོ་འགྱུར་གཏོང་དགོས་པའི་ཁྲིམས་ཐོག་གི་རྒྱུ་རྐྱེན་ཅི་ཡང་མེད་པ་གསལ་བཤད་བྱས་པ་ཡིན་ཞིང་། དེས་ཀྱང་འཕོ་འགྱུར་བཏང་བ་དེ་ལས་རྒྱུ་འབྲས་དང་མི་མཐུན་པའི་ནག་ཉེས་ཤིག་ཡིན་པ་ཐེར་འདོན་བྱས་པ་རེད།

ད་འོ་ན་”ལས་རྒྱུ་འབྲས་”ཟེར་ན་གང་རེད་དམ། ཚིག་དུམ་འདི་ནི་བོད་པའི་སྤྱི་ཚོགས་ཁྲོད་ཡོངས་ཁྱབ་ཏུ་བཀོལ་བའི་སྐད་ཆ་ཞིག་སྟེ། ཐ་ན་རྐུན་ཇག་ཁྲམ་གསུམ་གྱིས་ཀྱང་གཞན་གཡོ་འོག་ཏུ་གཟུད་པའི་ཕྱིར་སྤྱོད་པའི་ཚིག་དུམ་ནུས་པ་ཅན་ཞིག་རེད། འདི་ཡང་ཉེ་ཆར་བཀའ་ཤག་དང་བྱང་ཨ་རིའི་སྐུ་ཚབ་དོན་ཟུར་དབར་གྱི་ཁྲིམས་གཏུགས་བཅད་ཁྲ་གསལ་བསྒྲགས་བྱས་པའི་སྐབས་སུ། བཀའ་ཤག་གི་སྐུ་ཚབ་ནང་སྲིད་བཀའ་བློན་དང་ཁྲིམས་རྩོད་པ་གཉིས་ཀྱི་ཞལ་ནས་ཀྱང་ཚིག་འདི་བསྒྲགས་ཏེ་ཁྲིམས་ཁང་གིས་ལས་རྒྱུ་འབྲས་མ་བརྩིས་པ་ཡོངས་བསྒྲགས་བྱས་པ་རེད། ནང་དོན་གྱི་ཆ་ནས་བཤད་ན་ལས་གང་བྱས་པའི་རྒྱུ་ལ་འབྲས་བུའང་དེ་དང་མཐུན་པ་ཞིག་འབྱུང་བ་སྟེ་འདི་ནི་རྟེན་འབྲེལ་གྱི་རང་བཞིན་ཡིན་པས་སུས་ཀྱང་བཅོས་སུ་མེད་ན་ཡང་། ཁྲིམས་ཁང་གིས་དེ་ལས་ལྡོག་སྟེ་ཉེས་མེད་བཀའ་ཤག་ཉེས་ཅན་དང་ཉེས་ཅན་དོན་ཟུར་ཉེས་མེད་དུ་བསྒྱུར་སོང་བས་འདི་ནི་ལས་རྒྱུ་འབྲས་དང་མི་མཐུན་པ་རེད་ཟེར། ལས་རྒྱུ་འབྲས་དང་མ་མཐུན་པའི་དབང་གིས་བཀའ་ཤག་གིས་ཀྱང་བཅའ་ཁྲིམས་ཀྱིས་གང་བསྐུལ་བའི་ཉེས་ཆད་དག་ཉམས་སུ་བླངས་མེད།

བཅའ་ཁྲིམས་འདི་ཆབ་སྲིད་ཀྱི་སྒྲིག་གཞིའི་ནང་གི་ལས་རྒྱུ་འབྲས་ཀྱི་ཚད་གཞི་དྲང་ཤོས་དེ་ཡིན་པས་རྒྱལ་ཁབ་དང་ཚོགས་པ་སུ་ཡིན་རུང་འདི་ཉིད་ཆེས་བླ་ན་མེད་པའི་དཔང་པོར་བརྩི་བ་སྟེ། ཁྲིམས་ཀྱིས་སྐྱོང་བའི་སྤྱི་ཚོགས་ཤིག་ལ་མཚོན་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་ལས་ལྷག་པའི་གོ་གནས་མཐོ་བ་ཞིག་མེད་པས་འདི་ནི་སྤྱི་ཚོགས་དེའི་ལས་རྒྱུ་འབྲས་ཀྱི་མཚོན་རྟགས་བླ་ན་མེད་པ་དེ་ཡིན། འོན་ཀྱང་དེང་སང་དེ་ནི་དེའི་ལྡོག་ཕྱོགས་ཀྱི་དཔེ་མཚོན་ཏུ་འདྲེན་བཞིན་ཡོད།  བཀའ་ཤག་གིས་ལས་རྒྱུ་འབྲས་ཀྱི་མཚོན་རྟགས་ལ་དེ་དང་མཐུན་པའི་ཆེ་མཐོང་དང་བརྩི་འཇོག་མ་བྱས་པའི་དབང་གིས་རང་ཉིད་”བྱ་སྤུ་ནོན་”གྱི་ལྡོག་ཕྱོགས་ཀྱི་དཔེ་མཚོན་ཏུ་གྱུར་ཏེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དུས་བཅད་ནང་ཚུད་དུ་ཉེས་ཆད་ཉམས་ལེན་མ་བྱ་ཚེ་བཀའ་ཤག་ལ་འདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་པའི་ཉེས་ཆད་ལག་ལེན་ཏུ་བསྟར་རྒྱུའི་གསལ་བསྒྲགས་བསྐྱངས།  ད་དུང་གཞན་ཞིག་ཡོད་པ་ནི་བཀའ་ཤག་གི་ཁྲིམས་རྩོད་པས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཀའ་ཤག་གི་རྐང་ལག་ཡོད་ཚད་བཅད་དེ་དམག་སར་བཏང་བའི་རྒྱུ་ལས་དེ་རིང་བཀའ་ཤག་གཡུལ་ལས་ཕམ་པའི་འབྲས་བུ་འདི་བྱུང་བ་རེད་ཅེས་བཀའ་ཤག་གི་རྐུབ་སྟེགས་སུ་བསྡད་དེ་སྤོབས་པ་མཐོན་པོའི་ཐོག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ལས་རྒྱུ་འབྲས་མ་བརྩིས་པའི་ཉེས་འཛུགས་བྱས།  གལ་སྲིད་དེ་བདེན་པ་ཡིན་ན་རང་རེའི་བླ་ན་མེད་པའི་རྒྱུ་འབྲས་ཀྱི་དཔང་པོ་དང་བདེན་པའི་ཚད་ཤིང་དུ་བརྩིས་པའི་ཁྲིམས་ཁང་འདི་ཡང་ཁྲིམས་ཁང་མ་ཡིན་པར་ཁྲམ་ཁང་ཞིག་ཏུ་གྱུར་སོང་བ་ཡིན་པས་ཤིན་ཏུ་ནས་བློ་འཚབ་སྐྱེ་དགོས་པའི་གནད་དོན་ཆེན་པོ་ཞིག་རེད། ཉེས་འཛུགས་དེའི་དབང་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཀའ་ཤག་གི་ཁྲིམས་རྩོད་པ་ཁོང་འབོད་འགུག་གིས་གནས་ཚུལ་ཉན་ཞིབ་བྱེད་རྒྱུའི་བཀའ་ཡིག་བསྒྲགས།  འོན་ཀྱང་ཁོང་གི་ལས་དེར་འབྲས་བུ་ཅི་འདྲ་ཞིག་སྨིན་རྒྱུ་ཡིན་མིན་ནི་ཁོང་ཁྲིམས་ཁང་དུ་བཅར་བའི་རྗེས་སུ་མ་གཏོགས་མི་ཤེས་མོད། འབྲས་བུ་ཅི་འདྲ་ཞིག་སྨིན་ན་ཡང་དེ་ནི་ལས་རྒྱུ་འབྲས་ཀྱི་རྒྱ་ལས་མ་བརྒལ་བ་ཞིག་ཡིན་ངེས་པའི་རེ་བ་དང་སྨོན་ལམ་ཕུར་ཚུགས་སུ་འདེབས་འོས།

མདོར་བསྡུས་ན་འདི་དག་ཐམས་ཅད་རྒྱུ་འབྲས་བར་གྱི་འབྲེལ་བ་ཡིན་ཏེ། རྙོག་གླེང་འདི་བཀའ་ཤག་གིས་“བྱ་སྤུ་ནོན་བཤད་དེ་དབུ་བཙུགས་ན་ཡང“ལས་རྒྱུ་འབྲས”བཤད་སྟེ་མཇུག་བསྡུ་མ་ཐུབ་པ་དེ་མཐར་གཏུགས་ན་བཀའ་ཤག་གིས་བཤད་པའི“བྱ་སྤུ་ནོན”དེ་བྱ་སྤུ་ནོན་མ་ཡིན་པས་བཀའ་ཤག་གིས་འདོད་པའི“ལས་རྒྱུ་འབྲས”དེ་ཡང་ལས་རྒྱུ་འབྲས་སུ་མ་སོང་བ་རེད། འདི་ནི་དམ་པའི་ལྷ་ཆོས་སྐྱོང་བའི་མཁས་པའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་མི་བཞི་སྐྱེ་འགོག་གི་གཏན་ཚིགས་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་ཡིན་པར་མ་ཟད། འཇིག་རྟེན་མི་ཆོས་སྐྱོང་བའི་རྒན་པོས་ཉམས་མྱོང་གི་བཅུད་ལས་བྱུང་བའི་ཡ་རབས་སྤྱོད་བཟང་གི་ལམ་སྲོལ་དང་ཡང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པས། ཉེས་མེད་ཉེས་འགེལ་བྱ་ཡུལ་ལ་དག་སེལ་དང་མ་ཉེས་ཁག་གཡོག་བྱེད་མཁན་ལ་ཉེས་ཆད་བཅད་དེ་ལས་གང་བསགས་པའི་རྒྱུ་ལས་འབྲས་བུ་དེ་དང་མཐུན་པ་ཁོ་ན་སྨིན་སོང་བ་རེད། དེས་ན་དུས་ནམ་དུ་ཡང་ལས་རྒྱུ་འབྲས་རྟེན་འབྱུང་གི་རྣམ་གཞག་འདི་སུས་ཀྱང་བཅོས་སུ་མེད་ལ་གང་གིས་ཀྱང་སྒྲུན་ཏུ་མེད་པས་”སྲོག་ལ་བབས་ཀྱང་འབད་པས་བསྲུང་བར་འཚལ་”ལོ།།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༣ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 0

  1. འཚུབ་ཐེལ། says:
    ལོ་ 7 སྔོན།

    ད་ནི་བཀའ་ཤག་དང་དེའི་ཁྲིམས་རྩོད་པས་ལས་རྒྱུ་འབྲས་དང་བྱ་སྤུ་ནོན་གྱི་སྒྲིག་འཛུགས་ཟེར་བ་སྡིག་པ་མིག་བཙུམ་གྱིས་གཏོར་བཞིན་འདུག་གོ ལས་རྒྱུ་འབྲས་ཡ།

    Reply
  2. Jigwang bharu says:
    ལོ་ 7 སྔོན།

    ཡག་པོ་ཞེ་དྲག་བྲིས་འདུག་། ཐུགས་རྗེ་ཆེ།
    འཇིག་རྟེན་མི་ཆོས་མི་ཤེས་པར་་་དམ་པའི་ལྷ་ཆོས་་་གང་ནས་ཤེས་ཟུར་དུ་བཞག་རོགས་གནང།
    ཁ་ནས་བཤད་པ་གཏོགས་ལག་ལེན་ལ་བསྟར་མཁན་ནམ་མཁའི་སྐར་མ་རེད་འདུག་།

    Reply
  3. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 7 སྔོན།

    ཁྲིམས་ཀྱི་བསྡམས་ན་གཅིག་རེད།
    རྐུད་པས་བསྡམས་ན་བརྒྱ་རེད།

    Reply
  4. ཇ་ཚེ། says:
    ལོ་ 7 སྔོན།

    སྤྱི་ཟུར་སྤེན་པ་ཚེ་རིང་གིས་ ༧ གོང་ས་མཆོག་ལ་དབུ་སྐོར་གཏོང་། །ས་ཡ་དྲུག་ལ་མགོ་སྐོར་གཏོང་། །ནག་ཉེས་འདི་ལས་ཆེ་བ་གང་ན་ཡོད། །ཁོ་རང་ལ་དཀར་འདོན་བྱེད་མཁན་གྱི་སྤུན་ཟླ་རྣམས་པས། །ལེགས་ཉེས་ཀྱི་དབྱེ་འབྱེད་ཤེས་ནས་དྲང་བདེན་གྱི་སྐད་ཆ་བཤད་པའི་རེ་བ་ཡོད།།

    Reply
  5. kunsang says:
    ལོ་ 7 སྔོན།

    ཡག་མོ་དྲ་མ་བྲིས་འདུག་་་་་་ དོན་ཚན་བཅུའི་གལ་གནད་ལ་ཐུག་ནས་འཕོ་འགྱུར་བཏང་བ་མ་ཡིན་པར་འཕོ་འགྱུར་བཏང་ནས་དོན་ཚན་བཅུ་རྫུན་སྒྲིག་བྱས་པ་རེད། སྐྲ་བཞར་ནས་སྐར་མར་བལྟས་པ་དང་གཅིག་པ་ཆགས་པ་རེད།་་

    Reply
  6. ཇ་ཚེ། says:
    ལོ་ 7 སྔོན།

    ཁྲིམས་རྩོད་པ་བློ་བཟང་གྲགས་པ་ཁྲིམས་ཁང་དུ་འགྲོ་དང་མ་འགྲོ་འབྲས་བུ་གཅིག་ཡིན། །ཁྲིམས་དཔོན་སྐེ་འཁྱོག །ཁྲིམས་དྲུང་ལག་འཁྱོག །ཞུ་སྦྱོར་བློ་འཁྱོག །བཅད་ཁྲ་ཁྲིམས་འཁྱོག །ཆོལ་གསུམ་བློ་ཕམ། །དགྲ་བོའི་དོན་འགྲུབ། །དེ་ལས་གཞན་མེད་དོ།།
    །ཁྲིམས་ཞིབ་ཁང་གི་དབུ་ལས་རྣམས་པས་དགྲ་དགའ་གཉེན་སྡུག་གི་ལས་མ་བྱེད་ན་མི་ལེགས་སམ།།།

    Reply
    • abcd xyz says:
      ལོ་ 7 སྔོན།

      ཁྱེད་རང་གི་ཚིག་ངན་འདི་ཚོ་བཤད་པ་དེས་ཁྱེད་རང་གི་མདོག་བསྟོན་གྱི་འདུག ཁྱེད་རང་སོ་སོའི་གཞུང་ལ་དགའ་ཞན་མེད་པ་དང་འགན་འཁུར་མེད་པའི་རྟགས་རེད། དེ་མིན་ཁྱེད་རང་གིས་འདི་དང་འདི་ཞེས་གསལ་བཤད་གནང་ཡོད་ན་དེ་སྔོན་བདེན་གྱི་ཞན་ཁོག་ཡོད་པ་དང་འགན་འཁུར་ཡོད་མཁན་ཞིག་རེད་མ་རྟོགས། ཁྱེད་རང་གི་བརྗོད་བྱ་དེར་བལྟས་ན་དགྲ་དགའ་གཉན་སྡུག་གི་ལས་ཀ་དེ་དངོས་བདེན་ཁྱེད་རང་གི་བྱས་འདུག་གོ བསམ་བློ་ཡག་པོ་གཏོང་རོགས། ཨ་རོ།།

      Reply
      • ཇ་ཚེ། says:
        ལོ་ 7 སྔོན།

        སོ་སོའི་གཞུང་ལ་དགའ་ཞན་མེད་མཁན་གྱི་མི་ནི་ཚོགས་ཟུར་སྤེན་པ་ཚེ་རིང་དང་། །ཁྲིམས་དཔོན་ཁྲིམས་དྲུང་རྣམས་ཡིན་པར་ཀུན་གྱིས་ཤེས་གསལ་རེད། །དེར་བཞིན་མིག་བཙུམ་ནས་ཕྱོགས་ལྷུང་གི་སྐད་ཆ་བཤད་མཁན་ཀྱང་ཁྱེད་རེད་འདུག །གྲོགས་པོ་ལགས། མིག་གཉིས་ཀྱིས་ལྟ་ཤེས་ན་དོན་གསལ་ཡིན་པར་ཞུ་མི་དགོས་སོ།།ཇ་

        Reply
  7. ཚེ་བརྟན། says:
    ལོ་ 7 སྔོན།

    རྩོམ་ཧ་ཅང་གི་ཡག་པོ་བྲིས་འདུག།་དོན་ཚན་བཅུ་བགྲང་ནས་འཕོ་འགྱུར་བཏང་བ་མ་རེད།་འཕོ་འགྱུར་བཏང་བའི་རྗེས་དོན་ཚན་བཅུ་མཁོ་སྒྲུབ་འམ་ཐབ་ཤེས་བྱེད་པ་རེད།

    Reply
  8. སྐལ་བཟང་རལ་བ་ཅན says:
    ལོ་ 7 སྔོན།

    བྱ་སྤུ་གོང་མས་འོག་མ་མནན་དྲག་ནས་རུལ་དྲི་ཁ་འདུག་ཟེར།

    Reply
  9. བརྩོན་འགྲུས says:
    ལོ་ 7 སྔོན།

    བྱ་སྤུ་ནོན་ཅན་གྱི་རྩོམ་ཡིག་ཚིག་འདི་་གང་ཅིའི་ཐད་ནས་དོན་ལ་གནས་ཤིང་གནད་ལ་འཁེལ་བ་ཞིག་བྲིས་འདུག

    Reply
    • གངས་དཀར་རྒྱལ་སྲས says:
      ལོ་ 7 སྔོན།

      བཀའ་ཤག་གིས་ཁས་ལེན་གི་རེད། ཁོ་ཚོ་ཚིག་ཐོག་ནས་འདུག་ནི་རེད། སྤྱིར་བཏང་གི་མི་དེ་འདྲ་མ་ཡིན་པས་ནོར་འཁྲུལ་ཁས་ལེན་དང་དོན་དངོས་དང་ལེན་བྱེད་གི་རེད། ད་དུང་ཐག་མ་ཆོད་གོང་ལ་ཁ་ཚོན་གཅོད་ཐུབ་གི་མ་རེད

      Reply
  10. འཇམ་དབྱངས། says:
    ལོ་ 7 སྔོན།

    དངོས་དོན་ལ་གཞི་བཅོལ་ཏེ་རྩོམ་ཡིག་གོ་བདེ་འབྲེལ་ཆགས་ཞིག་བྲིས་འདུག་
    བོད་ཡིག་ཀློག་ཤེས་ཙམ་དང་ལེགས་ཉེས་དབྱེ་འབྱེད་ཤེས་མཁན་ཕྲུ་གུ་ཞིག་གི་ཀྱང་ཧ་གོ་དོན་གསལ་ཡོང་བ་འདུག རྩོམ་པ་པོ་ལ་ལེགས་སོ་ཞུ།

    Reply
  11. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 7 སྔོན།

    ཡག་པོ་བྲིས་འདུག་ད་བྱ་སྤུ་གནོན་མི་བྱེད་མཁན་དེ་སུ་རེད་འདུག་རྒྱ་ཆེ་མང་ཚོགས་ནས་ངོས་འཛིན་ཐུབ་ཡོད་ངེས།།

    Reply
  12. Rocklion says:
    ལོ་ 7 སྔོན།

    ཕྱོགས་ཞེན་མེད་ཅིང་གནས་ལུགས་དང་དོན་དངོས་ལ་གཞིར་བཅོལ་བའི་རྩོམ་ཡིག་ལེགས་པོ་ཞིག་རེད་འདུག་་་་་་་་་་

    Reply
  13. kongpo Bhu says:
    ལོ་ 7 སྔོན།

    རྩོམ་ཡིག་མཚར་རོ་ངོ་སོ་ཡར་ལ་བསྟོད། ཁྲིམས་འགལ་ཉེས་ཅན་ཁྲིམས་ཀྱིས་ཚལ་བར་བཤགས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese