མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྫི་མ་བཟོས་ཏེ་སྐད་གྲགས་ཆགས།

བོད་ཀྱི་དུས་བབ།
༢༠༡༩/༡༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཧྥེ་རོ་ཛ་ཨ་ཛི་ཛི་ཞེས་པའི་བུ་མོ་ཞིག་གིས་སྤྱི་ཚོགས་དྲ་ལམ་ནས་རྫི་མ་བཟོ་ཁུལ་གྱིས་རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་མི་རིགས་ལ་དྲག་གནོན་དམ་དྲག་བྱེད་བཞིན་པར་སྐྱོན་བརྗོད་བྱས།

དེ་རིང་བྷི་བྷི་སི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་ཆར་ཨ་རི་ནས་ཡིན་པའི་གཞོན་ནུ་མ་ཧྥེ་རོ་ཛ་ཨ་ཛི་ཛི་ (Feroza Aziz)ཞེས་པ་ཞིག་གིས། རྒྱ་ནག་གི་བརྙན་ཐུང་བརྒྱུད་སྤེལ་ས་ཊིག་ཊོག་ (TikTok) སྤྱི་ཚོགས་དྲ་ལམ་དུ། རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་དུ་ཉེས་མེད་ཁ་ཆེ་མི་རིགས་རྣམས་བཀག་སྐྱིལ་ཁང་དུ་བཅུག་སྟེ་ཁོ་ཚོའི་ཆོས་ལུགས་བརྗེ་བསྒྱུར་དང་། ཕ་མ་དང་ཁ་ཁ་ཕྱེས་བ། བཙན་གཡེམ་དང་དམར་གསོད་གཏོང་བ་སོགས་རྒྱ་གཞུང་གིས་ཁུལ་དེའི་ཁ་ཆེའི་མི་རིགས་ལ་དྲག་གནོན་བྱེད་ཀྱི་ཡོད་སྐོར་བརྗོད་པའི་བརྙན་ཐུང་ཞིག་སྤེལ་བ་དེར། ད་བར་མི་གྲངས་ས་ཡ་ ༡།༤ ལྷག་གིས་བལྟས་ཡོད་པ་མ་ཟད། མི་གྲངས་འབུམ་ ༥ ལྷག་གིས་དགའ་རྟགས་དང་། མི་གྲངས་ ༦༠༢༨ ལྷག་གིས་མཆན་བཀོད་དེ་གྲགས་འགུལ་ཆེན་པོར་གྱུར་འདུག

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་སྤེལ་བའི་བརྙན་ཐུང་དེའི་ནང་བུད་མེད་དེས། ཐོག་མར་བུད་མེད་རྣམས་ཀྱི་རྫི་མ་རིང་དུ་གཏོང་ཐབས་སྐོར་ནས་བཤད་ཁུལ་བྱས་རྗེས། བརྙན་ཐུང་ལྟ་མཁན་རྣམས་ཀྱིས་རང་གི་ཁ་པར་ནང་ཞུགས་ཏེ་ད་ལྟ་རྒྱ་ནག་ནང་ག་རེ་འབྱུང་བཞིན་པ་དེར་བལྟ་དགོས་པ་དང་། རྒྱ་ནག་གིས་བཀག་སྐྱིལ་ཁང་ཆེད་འཛུགས་ཀྱིས་ཉེས་མེད་ཁ་ཆེ་མི་རིགས་རྣམས་བཙོན་འཇུག་བྱེད་ཀྱི་ཡོད་པ་དང་། ཁོ་ཚོ་ནང་མི་ཕན་ཚུན་ཁ་བྲལ་ཏུ་འཇུག་གི་ཡོད་པ་མ་ཟད། བཙན་འཁྲིད་དང་དམར་གསོད། བཙན་གཡེམ། དེ་བཞིན་ཁོ་ཚོར་བཙན་གྱིས་ཕག་ཤ་བཟའ། ཆང་རག་འཐུང་དུ་འཇུག་གི་ཡོད་པ་མ་ཟད། རང་གི་ཆོས་ལུགས་བརྗེ་རུ་འཇུག་གི་ཡོད་པ་དང་། གལ་ཏེ་དེ་ལྟར་མ་བྱས་ཚེ་དམར་གསོད་གཏོང་ངེས་ཡིན་པའི་སྡིགས་ར་བསྐུལ་གྱི་ཡོད་པ་སོགས་ནི་ཇེའུ་མི་རིགས་ཀྱི་དམར་གསོད་ཆེན་མོ་ལྟ་བུ་ཞིག་ཡིན་ཡང་། སུས་ཀྱང་དེའི་སྐོར་གླེང་སློང་བྱེད་ཀྱི་མེད་སྐོར་བརྗོད་ཡོད་འདུག

ཁོང་མོས་བརྙན་ཐུང་དེ་བརྒྱུད་སྤེལ་ཟིན་རྗེས་རང་གི་ཊི་ཝི་ཊར་དྲ་ལམ་དུ། ཊིག་ཊོག་ནང་བརྙན་ཐུང་གསར་པ་སྤེལ་ཐུབ་ཀྱི་མེད་སྐོར་བརྗོད་འདུག ཡིན་ན་ཡང་། ཊིག་ཊོག་བཟོ་སྐྲུན་ཁང་གི་མགྲིན་ཚབ་པ་ཞིག་གིས་བྷི་བྷི་སི་གསར་ཁང་ལ། བཟོ་སྐྲུན་ཁང་གིས་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་ནས་ཊིག་ཊོག་ནང་སྤེལ་བའི་གནས་ཚུལ་ཁག་ལ་དོ་དམ་བྱེད་ཀྱི་མེད་སྐོར་དང་། ཁོང་མོའི་ཁ་བྱང་གསར་པ་དང་རྫི་མའི་སྐོར་གྱི་བརྙན་ཐུང་ཚུད་པའི་བརྙན་ཐུང་ཚང་མར་འགྱུར་བ་གང་ཡང་ཐེབས་མེད་པར་མུ་མཐུད་ལྟ་མཁན་འབྱོར་གྱི་ཡོད་སྐོར་བརྗོད་འདུག འོན་ཀྱང་ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་བཟོ་སྐྲུན་ཁང་དེས་ཁོང་མོས་སྤེལ་བའི་འབྲེལ་མེད་ཀྱི་བརྙན་ཐུང་ཞིག་འཇིགས་སྐུལ་དྲག་སྤྱོད་དང་འབྲེལ་བའི་སྒྲིག་གཞི་དང་འགལ་ཡོད་སྐོར་བརྗོད་དེ། ཁོང་མོའི་ཊིག་ཊོག་གི་ཁ་བྱང་ཞིག་གཏན་ཏུ་བཀག་ཡོད་འདུག མགྲིན་ཚབ་པ་དེས། སྤྱིར་རྒྱ་ནག་ནང་བཀོལ་སྤྱོད་བྱེད་བཞིན་པའི་ཊིག་ཊོག་གི་གཉེན་ཆས་ཕྱི་མོ་ཏའོ་ཡིན་ (Douyin) ནང་རྒྱ་ནག་ལ་སྐྱོན་བརྗོད་རིགས་ཀྱི་བརྙན་ཐུང་གནས་ཚུལ་བཀག་སྡོམ་བྱེད་ཀྱི་ཡོད་ཀྱང་། རྒྱལ་ཕྱིར་སྤྱོད་བཞིན་པའི་ཊིག་ཊོག་ནང་དེ་ལྟར་བྱེད་ཀྱི་མེད་སྐོར་ཡང་བརྗོད་འདུག

བརྙན་ཐུང་དེའི་རྗེས་སུ་ཧྥེ་རོ་ཛ་ཨ་ཛི་ཛི་ཡིས་རང་གི་ཊིག་ཊོག་དྲ་ལམ་དུ་བསྟུད་མར་བརྙན་ཐུང་གཉིས་སྤེལ་ཏེ། བརྙན་ཐུང་ཐོག་མའི་ནང་རྫི་མའི་སྐོར་ནས་བཤད་དགོས་དོན་དེ་བརྙན་ཐུང་དེ་ཉིད་བཀག་སྡོམ་མི་བྱ་བའི་ཆེད་དུ་ཡིན་པ་དང་། མི་མང་གི་གོ་རྟོགས་སྤེལ་རྒྱུར་དེས་ཁྱད་པར་ཆེན་པོ་བཟོ་ཡི་ཡོད་པ་དང་། མི་རབས་སྔ་མ་རྣམས་ལ་ད་ལྟའི་མི་རབས་ཚོར་ཡོད་པའི་འཕྲུལ་རིག་གི་སྟོབས་ཤུགས་མེད་སྟབས། ང་ཚོས་འཛམ་གླིང་གི་མི་གྲངས་ས་ཡ་མང་པོར་སྙོབ་ཐུབ་པ་མ་ཟད། དབང་ཚད་ཡོད་པའི་མི་སྣ་དེ་དག་ལ་སྙོབ་ཐུབ་ཀྱི་ཡོད་པ། ལོ་ཆེ་ཆུང་གི་ཁྱད་པར་མེད་པར་ང་ཚོའི་འབོད་སྒྲས་འགྱུར་བ་ཆེན་པོ་གཏོང་ཐུབ། ཅེས་སོགས་བརྗོད་འདུག

བརྙན་ཐུང་མཐའ་མའི་ནང་། ཤིན་ཅང་ཡུ་གུར་མི་རིགས་ཀྱི་དཀའ་ངལ་ཙམ་དུ་མ་ཟད། ཁོ་ལིམ་བྷི་ཡའི་ནང་དུ་གཞུང་གིས་དམར་གསོད་གཏོང་བཞིན་པ་དང་། ཝེ་ནེ་ཛུ་ལའི་མི་མང་གི་དཀའ་རྙོག ཨབ་གྷན་ནང་དུ་འབར་རྫས་གཡུག་བཞིན་པ། ཨ་རིའི་ནང་རྒྱལ་ཞེན་རིང་ལུགས་ཀྱི་རྐྱེན་པས་ཕ་མ་དང་བུ་ཕྲུག་ཁ་ཁར་འབྱེད་བཞིན་པ། རྒྱ་ནག་གཞུང་གིས་ཡེ་ཤུ་བ་རྣམས་གསོད་བཞིན་པ་སོགས་ཀྱི་གནད་དོན་རིགས་ལ་ཡང་གོ་རྟོགས་སྤེལ་དགོས་སྐོར་བཤད་ཡོད་འདུག

འདས་པའི་བདུན་ཕྲག་གཅིག་ནང་ཤིན་ཅང་ཁུལ་གྱི་བཀག་སྐྱིལ་ཁང་སྐོར་གྱི་རྒྱ་ནག་གཞུང་གི་གསང་བའི་ཡིག་ཆ་ཕོན་ཆེན་ཕྱི་ལ་ཤོར་ཡོད། དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ཨ་རིར་རྟེན་གཞི་བྱས་པའི་ནིའུ་ཡོག་དུས་བབ་གསར་ཁང་ལ་རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་དུ་ཆེད་འཛུགས་བྱས་པའི་བཀག་སྐྱིལ་ཁང་དང་། དེ་དང་འབྲེལ་བའི་ཆེས་མཐོའི་དཔོན་རིགས་ཁག་གི་གཏམ་བཤད་དང་བཀའ་ཁྱབ་སོགས་ཚུད་པའི་ཁྱོན་ཤོག་གྲངས་ ༤༠༣ ཅན་གྱི་གསང་བའི་ཡིག་ཆ་ ༢༤ ལག་སོན་བྱུང་ཡོད་པ་དང་། དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་རྟོག་ཞིབ་གསར་འགྱུར་མཐུན་ཚོགས་ལ་རྒྱ་ནག་གཞུང་གིས་བཀག་སྐྱིལ་ཁང་དེ་དག་ཇི་ལྟར་དོ་དམ་སྟངས་འཛིན་བྱེད་ཚུལ་སྐོར་གྱི་ཡིག་ཆ་ཞིག་ལག་སོན་བྱུང་བ་མ་ཟད། ཚོགས་པའི་ཁོངས་སུ་ཡོད་པའི་གསར་ཁང་དག་གི་གསར་འགོད་པ་ ༧༥ དང་། ཚོགས་སྡེ་གཞན་ ༡༧ བཅས་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད། ལག་སོན་བྱུང་བའི་ཡིག་ཆ་དེ་དག་དངོས་བདེན་ཡིན་པ་ཁུངས་སྐྱེལ་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་བྷི་བྷི་སི་གསར་ཁང་གི་གསར་འགོད་པ་ཞིག་གིས་དབྱིན་ཡུལ་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པ་ལིའུ་ཤིའོ་མིང་ (Liu Xiaoming) ལ་བཀག་སྐྱིལ་ཁང་དང་ཡིག་ཆ་དེ་དག་སྐོར་འདྲི་སྐབས། དེ་དག་ནི་སྦྱོང་བརྡར་ཁང་ཡིན་པ་ལས་བཀག་སྐྱིལ་ཁང་མིན་སྐོར་དང་། ཡིག་ཆ་དེ་དག་རྫུན་བཟོ་ཡིན་པ་དང་དངོས་བདེན་མ་ཡིན་པའི་གནས་ཚུལ་ལ་ཉན་རྒྱུ་མེད་སྐོར་བརྗོད་ཡོད་འདུག གང་ལྟར་ད་ཐེངས་ལག་སོན་བྱུང་བའི་ཡིག་ཆ་དེ་དག་གིས། རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་དུ་ཡུ་གུར་གཙོས་པའི་ཁ་ཆེ་མི་རིགས་ཀྱི་བསམ་བློར་བཅོས་བསྒྱུར་གཏོང་ཆེད། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་བཀག་སྐྱིལ་ཁང་ཆེ་ཤོས་དེ་བཙུགས་ཡོད་པ་ར་འཕྲོད་བྱུང་ཡོད་པར་བཤད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༦ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༦ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༩ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese