མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་མ་ལྷ་སར་རྐྱང་ཕྱག་འཚལ་ཏེ་རྗེ་རིན་པོ་ཆེར་རྗེས་དྲན་ཞུས།

བོད་ཀྱི་དུས་བབ།
༢༠༡༩/༡༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་གནམ་ལྕགས་ཚེ་རིང་ཞེས་པ་ཞིག་གིས་ཕ་མ་ཚེ་འདས་གཉིས་ལ་དྲིན་གཟོའི་ཆེད་དང་ལྷག་པར་དུ་རྗེ་རིན་པོ་ཆེ་དགོངས་པ་རྫོགས་ནས་མི་ལོ་ ༦༠༠ འཁོར་བར་རྗེས་དྲན་ཞུ་ཆེད་མཚོ་སྔོན་ནས་ལྷ་སར་རྐྱང་ཕྱག་འཚལ།འདི་ལོར་རྗེ་ཙོང་ཁ་བ་ཆེན་མོ་སྐུ་མྱ་ངན་ལས་འདས་ཏེ་ལོ་ངོ་ ༦༠༠ འཁོར་བར་བོད་ཕྱི་ནང་གཉིས་ནས་རྣམ་པ་འདྲ་མིན་གྱི་ཐོག་ནས་རྗེས་དྲན་ཞུ་བཞིན་ཡོད་པ་ལྟར། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདའ་གཞི་རྫོང་ཁོངས་ནས་ཡིན་པའི་མིང་ལ་གནམ་ལྕགས་ཚེ་རིང་ཞེས་པའི་བོད་མི་ན་གཞོན་ཞིག་གིས། རྗེ་རིན་པོ་ཆེར་རྗེས་དྲན་ཆེད། སྨད་ཕྱོགས་ཀྱི་ཆོས་སྡེ་ཆེན་མོ་སྐུ་འབུམ་བྱམས་པ་གླིང་དགོན་པ་ནས་མགོ་བཙུགས་ཏེ། བོད་ཀྱི་རྒྱལ་ས་ལྷ་སར་ཁེར་རྐྱང་ངང་རྐྱང་ཕྱག་འཚལ་ཏེ་ཁ་སང་སྔ་དྲོར་ལྷ་ལྡན་དུ་བདེ་འབྱོར་བྱུང་ཡོད་པ་དང་། ལམ་བར་དུ་ངལ་གསོའི་དུས་ཡུན་ཟླ་ཤས་ཕུད་ལོ་གཅིག་དང་ཟླ་བ་ ༥ ཙམ་འགོར་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་འདི་གའི་གསར་འགོད་པར། ཐེངས་འདིར་ཁོང་གིས་རྐྱང་ཕྱག་འཚལ་ནས་ལྷ་ས་བར་ཡོང་དགོས་པའི་དམིགས་ཡུལ་གཙོ་བོ་ནི་ཚེ་འདས་ཕ་མ་གཉིས་ལ་དྲིན་གཟོ་བའི་དང་། ལྷག་པར་དུ་རྗེ་རིན་པོ་ཆེ་དགོངས་པ་རྫོགས་ནས་ལོ་འཁོར་ ༦༠༠ ལོན་པའི་རྗེས་དྲན་ཞུ་ཆེད་དུ་ཡིན་འདུག་ལ། ཁོང་གིས་གོམ་ཆེན་ཤུད་འཚལ་ལྟར་མིན་པར་རང་ལུས་ཀྱི་ཚད་གཞི་ལྟར་འཇལ་ནས་རྐྱང་ཕྱག་འཚལ་ཡོད་པ་དང་། ལམ་བར་ནས་དཀའ་ངལ་འགོག་རྐྱེན་རིགས་གང་ཡང་བྱུང་མེད་འདུག  ཁ་སང་སྔ་དྲོར་ལྷ་སར་འབྱོར་རྗེས། ཇོ་བོ་རིན་པོ་ཆེའི་མདུན་བར་ཕྱག་འཚལ་ཏེ་ཕོ་བྲང་པོ་ཏ་ལ་དང་ཇོ་བོ་རིན་པོ་ཆེ་ལ་མཇལ་ཁ་ཞུས་ཡོད་པ་དང་། སང་ཉིན་ཕྱི་ཚེས་ ༧ ཉིན་ནས་ར་མོ་ཆེ་ནས་འབྲས་སྤུངས་དང་ཕོ་བྲང་པོ་ཏ་ལ་ནས་སེ་ར་དགོན་པ། དེ་བཞིན་དགའ་ལྡན་ལྔ་མཆོད་ཉིན་དགའ་ལྡན་དགོན་པ་ནས་རྐྱང་ཕྱག་མཇུག་བསྡུ་རྒྱུ་རེད་འདུག ཅེས་བརྗོད་བྱུང་།ངོ་སྤྲོད་གནང་བ་ལྟར་ན། གནམ་ལྕགས་ཚེ་རིང་ལགས་ཀྱིས་རང་གི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོར་བརྟེན་ནས་ཡོང་སྒོ་བསགས་ཏེ་ཕ་མ་གཉིས་ལྷ་སའི་ཇོ་བོ་རིན་པོ་ཆེའི་མདུན་དུ་འཁྲིད་རྒྱུ་བྱས་ཡོད་ཀྱང་། ཕྱི་ལོ་ ༢༠༠༥ ལོར་ལྷ་སར་འགྲོ་བར་ཟླ་ཤས་ལས་མེད་སྐབས་ཨ་མ་ལགས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་པ་ལགས་ཀྱང་འདས་གྲོངས་སུ་ཕྱིན་ཡོད་འདུག ཁོང་གི་ཨ་མ་ལགས་འདས་གྲོངས་སུ་ཕྱིན་པའི་ཕྱིར་ལོ་དེར་ཁོང་གིས་ཕྱག་འཚལ་རྒྱུ་མགོ་བཙུགས་ཡོད་ཀྱང་། ཕྱི་ལོ་ ༢༠༠༦ ལོར་ཁོང་ལ་ན་ཚ་ཞིག་བྱུང་སྟེ་གཤག་བཅོས་བྱས་ནས་ཕྱག་འཚལ་རྒྱུ་མཚམས་འཇོག་དགོས་བྱུང་། ཡུན་རིང་སྨན་ཁང་དུ་བསྡད་ཀྱང་ན་ཚ་ཡག་པོ་ཞིག་དྲག་སྐྱེད་མ་ཡོང་བར་བརྟེན་སྨན་ཁང་ནས་སྒོར་བུད་དེ་ཕྱག་འཚལ་རྒྱུ་བསྐྱར་དུ་མགོ་བཙུགས་ཡོད་པ་དང་། དང་ཐོག་ཉིན་རེར་ཕྱག་ ༡༠ རེ་འཚལ་མི་ཐུབ་པར་མགོ་ཡུ་འཁོར་བ་སོགས་བྱུང་ཡོད་ཀྱང་། རྗེས་སུ་ཉིན་རེ་བཞིན་ན་ཚ་དྲག་སྐྱེད་བྱུང་སྟེ། ཕྱི་ལོ་ ༢༠༠༧ ལོ་དང་ ༢༠༠༨ ། ༢༠༠༩ བཅས་སུ་རྐྱང་ཕྱག་འཚལ་ནས་ལོ་གསུམ་རིང་མཚོ་སྔོན་པོར་མཚོ་སྐོར་ཐེངས་རེ་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ལོར་ཟླ་ ༧ དང་ཉིན་ ༡༥ རིང་རྐྱང་ཕྱག་འཚལ་ནས་ལྷ་ས་ཡོང་ཡོད་པ་དང་། སྐབས་དེར་ཁོང་གིས་ཕོ་བྲང་པོ་ཏ་ལར་རྐྱང་ཕྱག་གིས་སྐོར་བ་གསུམ་དང་གཙུག་ལག་ཁང་ལ་སྐོར་བ་གཅིག གཙུག་ལག་ཁང་གི་སྒོ་ཁ་ནས་རྐྱང་ཕྱག་ཁྲི་གཅིག་བཅས་འཚལ་ནས་ཕྱིར་ཕ་ཡུལ་དུ་ལོག་ཡོད་འདུག  དེའི་རྗེས་ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༡ ནས་རྐྱང་ཕྱག་འཚལ་དེ་ལྷ་སར་ཡོང་ཡོད་ཀྱང་། ན་གོར་མོར་བསླེབས་པ་དང་གནམ་གཤིས་ཧ་ཅང་འཁྱག་པའི་རྐྱེན་གྱིས་མཚམས་བཞག་སྟེ། འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡ ནས་སྔར་གྱི་མཚམས་ནས་མུ་མཐུད་འཚལ་མགོ་བཙུགས་ཡོད་འདུགརང་ལོ་ ༣༦ ཡིན་པའི་གནམ་ལྕགས་ཚེ་རིང་ལགས་ནི་མཚོ་བྱང་ཁུལ་མདའ་བཞི་རྫོང་ཁོངས་དཔལ་འཛོམས་ཡུལ་ཚོའི་མཚོ་ཆུང་སྡེ་བ་ནས་ཡིན་པ་དང་། ཁོང་བཟའ་ཟླ་གཉིས་ལ་བྱིས་པ་གཉིས་ཡོད་འདུག ་། ཁོང་ལ་ཆུང་དུས་ནས་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་ཞིག་ཡོད་པས་རྒྱུན་དུ་རྡུང་ལེན་བྱེད་པར་དགའ་བོ་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༡༩ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༢༠ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese