མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གློག་བརྙན་འཁྲབ་སྟོན་མ་བསོད་ནམས་དབང་མོར་གཟེངས་རྟཊ་ཐོབ།

བོད་ཀྱི་དུས་བབ།
༢༠༡༩/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

སྐབས་གཉིས་པའི་ཧའེ་ནན་གླིང་ཕྲན་གྱི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཐོག་བོད་ཀྱི་གློག་བརྙན་དབུགས་ལྒང་ལ་གློག་བརྙན་ཡག་ཤོས་ཀྱི་གཟེངས་རྟགས་དང་གློག་བརྙན་དེའི་ནང་གི་འཁྲབ་སྟོན་མ་གཙོ་བོ་བསོད་ནམས་དབང་མོ་ལགས་ལ་འཁྲབ་སྟོན་པ་ཡག་ཤོས་ཀྱི་གཟེངས་རྟགས་ཐོབ་ཡོད་འདུགཟླ་འདི་ཕྱི་ཚེས་ ༡ ནས་ཉིན་གྲངས་ ༨ རིང་ཚོགས་པའི་སྐབས་གཉིས་པའི་ཧའེ་ནན་གླིང་ཕྲན་གྱི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཐོག ཁྱོན་རྒྱལ་ཁབ་ ༨༠ ཙམ་ནས་གློག་བརྙན་གྲངས་ ༡༤༩༥ མཉམ་ཞུགས་བྱས་ཡོད་པ་དང་གཟེངས་རྟགས་ ༡༠ སྤྲོད་པའི་མཇུག་བསྡོམས་མཛད་སྒོའི་ཐོག བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་དབུགས་ལྒང་ལ་གློག་བརྙན་ཡག་ཤོས་ཀྱི་གཟེངས་རྟགས་ཐོབ་ཡོད་པ་མ་ཟད། གློག་བརྙན་དེའི་འཁྲབ་སྟོན་མ་གཙོ་བོ་བསོད་ནམས་དབང་མོ་ལགས་ལ་འཁྲབ་སྟོན་པ་ཡག་ཤོས་ཀྱི་གཟེངས་རྟགས་ཐོབ་ཡོད་པ་དང་། དེ་ནི་གློག་བརྙན་དབུགས་ལྒང་ལ་གློག་བརྙན་ཡག་ཤོས་དང་འཁྲབ་སྟོན་པ་ཡག་ཤོས་གཉིས་ཀྱི་གཟེངས་རྟགས་ཐོབ་པ་ཐེངས་དང་པོ་ཡིན་འདུག

དུས་སྟོན་དེའི་མཇུག་སྡོམ་མཛད་སྒོ་གྲོལ་རྗེས་པདྨ་ཚེ་བརྟན་ལགས་ཀྱིས་པོད་འཕྲིན་འཕྲིན་སྟེགས་ཐོག གློག་བརྙན་དབུགས་ལྒང་ལ་རྟེན་འབྲེལ་ཞུ། ཚང་མར་ཐུགས་རྗེ་ཆེ། བསོད་ནམས་དབང་མོ་ལགས་ལ་རྟེན་འབྲེལ་ཞུ། ཐུགས་རྗེ་ཆེ། ཞེས་བྲིས་འདུག་ལ། ཉིན་དེར་གློག་བརྙན་དབུགས་ལྒང་གི་མཚན་མོའི་འདུ་འཛོམས་ཤིག་ཀྱང་བསྡུ་སྐོང་བྱས་ཡོད་འདུག

གློག་བརྙན་འཁྲབ་སྟོན་མ་བསོད་ནམས་དབང་མོ་ལགས་ནི་ཕྱི་ལོ་ ༡༩༨༢ ལོར་ལྷ་ས་རུ་སྐྱེས་ཤིང་། ཕྱི་ལོ་ ༢༠༡༠ ལོར་གློག་བརྙན་འཁྲབ་ཁྲིད་པ་དང་གློག་བརྙན་འཁྲབ་གཞུང་རྩོམ་པ་པོ་ (Christophe Boula) ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་འབྲོག་པའི་བུ་མོ་ཅེས་པའི་ནང་འཁྲབ་སྟོན་བྱས་ཡོད་པ་དང་། ཁོང་མོས་ཕྱི་ལོ་ ༢༠༡༨ ལོར་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་ལག་དམར་ནང་འཁྲབ་སྟོན་མ་གཙོ་བོ་བྱས་པ་དང་། འདི་ལོར་དབུགས་ལྒང་ནང་འཁྲབ་སྟོན་མ་གཙོ་བོ་བྱས་ཡོད་འདུགགློག་བརྙན་དབུགས་ལྒང་ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གསར་ཤོས་དེ་ཡིན་པ་དང་། རྒྱ་ནག་དང་རྒྱལ་སྤྱིའི་གློག་བརྙན་ཁག་ཅིག་ནང་མཉམ་ཞུགས་བྱས་ཡོད་པ་དང་། ཉེ་བའི་ཟླ་གཅིག་ཙམ་ནང་གློག་བརྙན་དབུགས་ལྒང་ལ་རྒྱ་གར་ལྷོ་ཕྱོགས་གྷོ་ཝ་མངའ་སྡེར་བསྡུས་པའི་རྒྱལ་སྤྱིའི་རྒྱ་གར་གྱི་གློག་བརྙན་དུས་སྟོན་སྐབས་ ༥༠ པའི་ཐོག དཔྱད་འདེམས་པའི་གཟེངས་རྟགས་ཐོབ་སྟེ། ཧིན་སྒོར་འབུམ་ ༡༥ དང་། གློག་བརྙན་དུས་སྟོན་འདིས་ཆེད་བཟོས་དངུལ་གྱི་རྨ་བྱའི་རྟགས་མ་ཞིག་དང་ཆེ་མཐོང་ལག་ཁྱེར་བཅས་གནང་ཡོད་ལ། ཉེ་སྔོན་ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་ཉི་ཧོང་དུ་བསྡུས་པའི་ཐེངས་ ༢༠ པའི་རྒྱལ་སྤྱིའི་ཊོ་ཀི་ཡོ་གློག་བརྙན་དུས་སྟོན་ཐོག གློག་བརྙན་ཡག་ཤོས་གཟེངས་རྟགས་ཐོབ་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist