མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཁྲིག་ཡུན་རིང་དུ་གཏོང་ཐབས།

བོད་ཀྱི་དུས་བབ།
༢༠༡༩/༡༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། དྷན་ནཱལ་ཤཱིར།(Daniel Sher)

སྒྱུར་མཁན། དགའ་བ་མཇེ་ཕྲུག

དུས་རྒྱུན་སྐྱེས་པ་ཚོས་འཁྲིག་སྤྱོད་བྱེད་སྐབས་ཁུ་བ་ཡུན་རིང་ཇི་ལྟར་ཉར་དགོས་སམ་ཞེས་རང་ཉིད་ལ་ཡང་ཡང་འཁོར་བའི་དྲི་ཚིག་ཅིག་ཆགས་ཡོད་པ་དང། འོན་ཀྱང་འཁྲིག་ཡུན་ཇེ་རིང་དུ་གཏོང་བ་དེ་ཕ་རོལ་བུད་མེད་ལའང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན་པ་ལྟར། ང་ཚོ་ཚང་མས་འཁྲིག་ཡུན་རིང་པོར་གནས་པར་འབད་བརྩོན་བྱེད་ཀྱིན་ཡོད། གང་ལྟར་ཡང་མི་མང་དག་ཅིག་གིས་འཁྲིག་ཡུན་རྒྱུན་སྲིང་མི་ཐུབ་པར་ཁུ་བ་མྱུར་དུ་ཤོར་འགྲོ་བཞིན་ཡོད་པས། གཤམ་གྱི་རྩོམ་ཡིག་ནང་འཁྲིག་སྤྱོད་སྐབས་ཁུ་བ་མགྱོགས་མྱུར་ངང་མི་ཤོར་བར་འཁྲིག་ཡུན་རིང་དུ་འགྲོ་བའི་ཐབས་ལམ་ཁ་ཤས་གསལ་འདོན་བྱས་ཡོད།

༡) འཁྲིག་སྤྱོད་སྟངས་སྟབས་འགས་རྒྱུན་སྲིང་བྱེད་ཐུབ།

འཁྲིག་སྤྱོད་ལ་རོལ་སྐབས་ལུས་ཀྱི་སྟངས་སྟབས་ངེས་ཅན་འགས་ཁུ་བ་ཡུན་རིང་ཙམ་གནས་ཐུབ་པར་ཕན་ནུས་ཆེན་པོ་ཡོད། དཔེར་ན། ཕོ་མཚན་གྱི་ཞབས་ངོས་ཕྱོགས་དེར་ནམ་རྒྱུན་ནས་རེག་ཚོར་སྐྱེན་པོ་ཡོད་པ་ལྟར། འཁྲིག་སྤྱོད་བྱེད་སྐབས་ཚོར་ཤུགས་དྲག་པོ་ཡོད་པའི་ཕོ་མཚན་གྱི་ཕྱོགས་ངོས་སུ་ཇི་ཙམ་རེག་པ་དེ་བཞིན་དུ་ཁུ་བ་མགྱོགས་པོར་ཤོར་འགྲོ་བཞིན་ཡོད་པས། དེ་ལྟར་མི་ཡོང་བར་བུད་མེད་སར་གན་རྐྱལ་བསྙལ་ནས་རྒྱབ་ཕྱོགས་ནས་སྤྱོད་པ་དང་ཕྱུགས་ཟོག་གི་རོལ་སྟངས་ལྟར་ཡར་ལངས་ཏེ་འཁྲིག་སྤྱོད་བྱེད་པ་ནི་རེག་ཚོར་དྲག་པོ་དེ་ཉིད་ལྷོད་གཡེང་དུ་གནས་ཐབས་ཡག་ཤོས་ཤིག་དང་། རོལ་སྟངས་དེ་རིགས་ཕལ་ཆེ་བས་བུད་མེད་ཀྱི་བདེ་ཚོར་ཇེ་ཆེར་འཕེལ་ཞིང་སྐྱེས་པའི་རྐང་པ་དང་མཚང་རའི་ཤ་རྒྱུས་སོས་དལ་དུ་གནས་པས་ཁུ་བ་མགྱོགས་པོ་མི་ཤོར་བར་ཕན་ནུས་ཆེན་པོ་ཡོད་པ་བཤད་ཡོད།

༢) འཁྲིག་པ་སྤྱོད་དུས་སེམས་འཚབ་བྱེད་མི་རུང་།

འཁྲིག་སྤྱོད་སྐབས་སུ་སེམས་འཚབ་དང་དོགས་སྣང་བྱེད་པ་ནི་ཁུ་བ་མགྱོགས་པོ་ཤོར་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་དང་། སྐབས་རེར་ཡིད་སེམས་མི་སྐྱིད་པ་དང་སེམས་འཚབ་ཆུང་ངུ་རིགས་ལ་རྐྱེན་བྱས་ཏེ་ཁུ་བ་ཚོད་འཛིན་མི་ཐུབ་པར་ཤོར་འགྲོ་བ་ཡོད་པས། ཉིན་ལྟར་ལུས་སྦྱོང་བྱེད་ཐུབ་ན་སེམས་སྡུག་སྐྱེད་བྱེད་ཀྱི་གཟུགས་པོའི་རྩ་བའི་མ་ལག་བདེ་ཐང་ཡོང་བ་མ་ཟད། འཁྲིག་སྤྱོད་སྐབས་སུ་ཁུ་བ་རྒྱུན་སྲིང་དང་འཁྲིག་བདེ་སྔར་བས་ཤུགས་ཆེར་འཕེལ་ཐུབ་པ་དང་། དེ་ལྟར་བྱེད་པར་ལུས་རྩལ་སྦྱོང་བརྡར་གྱིས་རྒྱང་ཐག་རིང་པོར་རྒྱུ་དགོས་པའི་ངེས་པ་མེད་པར། ཉིན་ལྟར་ཕྱིའི་རང་བྱུང་ཁམས་ལ་སྤྲོ་འཆམ་ལྷོད་པོ་རེ་བྱེད་ཐུབ་ན་སེམས་ཁམས་ཀྱི་གནས་བབ་ལ་ཕན་ནུས་ཆེན་པོ་ཡོད། ལྷག་པར་དུ་ཇ་དང་འཚིག་ཇའི་རིགས་ཉུང་ཙམ་འཐུང་བ་དང་།  གུང་ཚིགས་ཀྱི་རྗེས་ལ་འཚིག་ཇའི་རྫས་སྦྱོར་ཡོད་པའི་ཆང་སོགས་འཐུང་ཚེ་མཚན་མོའི་ངལ་གསོ་མི་འདང་བའི་རྐྱེན་དུ་འགྱུར་འགྲོ་བཞིན་ཡོད་པས། འཁྲིག་སྤྱོད་སྐབས་སུ་སྟབས་མི་བདེ་བའི་ཚོར་བ་དང་སེམས་འཚབ་སྐྱེས་པ་ཐེངས་རེ་གཉིས་ཙམ་བྱུང་བ་ནི་གནད་དོན་ཚབས་ཆེན་མིན་པས་སེམས་ཁྲལ་བྱེད་དགོས་དོན་མེད་ཀྱང་། གནས་ཚུལ་འདི་ཡུན་རིང་རྒྱུན་འབྱམས་སུ་ཕྱིན་ཚེ་ངེས་པར་དུ་སློབ་སྟོན་ཞུ་དགོས།

༣) ཁུ་བ་མྱུར་འཆོར་འགོག་པའི་སྦྱོང་བརྡར་བྱེད་དགོས།

ཁུ་བ་མྱུར་འཆོར་འགོག་པའི་ཐབས་ལམ་ཆེས་ཡག་ཤོས་གཉིས་ཡོད་པ་ནི་བཀག་པ་དང་གློད་པའི་ཐབས་ལམ་དང་བཙིར་བའི་བཀོལ་ཐབས་བཅས་ཡིན་པ་དང་། ཉམས་ཞིབ་སྡེ་ཁག་མང་པོས་ཐབས་ལམ་འདིས་ཁུ་བ་མྱུར་དུ་ཤོར་བ་འགོག་པར་ཕན་ནུས་ཆེན་པོ་ཡོད་པ་ར་སྤྲོད་བྱས་ཡོད་པ་དང་། ལུས་སྦྱོང་འདི་དག་སྐྱེས་པ་ཚོར་ཁུ་བ་མྱུར་འཆོར་འགོག་ཐབས་ལ་སྦྱོང་བརྡར་བྱས་ཏེ་ཁུ་བ་ཡུན་རིང་འཛིན་ཐུབ་པར་རང་ཤུགས་ཀྱིས་ཕན་ནུས་ལྡན་པ་མ་ཟད། སྤྱིར་ན་ཁུ་བ་མྱུར་འབྱིན་གྱི་དཀའ་ངལ་འཕྲད་ཀྱི་མེད་ཀྱང་ལུས་སྦྱོང་འདིས་སྔར་ལས་རིང་བར་གནས་པར་ཕན་པ་ཆེ་བ་དང་། གནད་དོན་དེར་ཁྱོད་ཀྱིས་བྱེད་དགོས་པའི་བྱ་བ་ཅི་ཞིག་ཡོད་དམ་ཞེས་བརྗོད་ན། འཁྲིག་སྤྱོད་དང་ཡང་ན་ཁུ་བ་ལག་འབྱིན་སོགས་ཀྱི་སྐབས་སུ་ཁུ་བ་ཕོ་མཚན་གྱི་རྩེ་ནས་ཤོར་གྲབས་ཡོད་སྐབས་ཁུ་བ་ཕྱི་ལ་ཤོར་མི་བཅུག་པར་མྱུར་དུ་བཀག་འགོག་བྱ་དགོས་པ་དང་། ཁུ་བ་ཕྱི་ལ་མ་འབྱིན་སྔོན་ལ་ཐབས་ལམ་འདི་གྲངས་ཀ་མི་ཉུང་བ་ཞིག་སྦྱོང་བརྡར་བྱས་ཚེ་འཁྲིག་ཡུན་རིང་དུ་འགྲོ་བར་ཕན་ནུས་ཆེན་པོ་ཡོད་པ་དང་། སྤྱིར་ན་གླེམ་འཚིར་བཀོལ་ཐབས་ (squeeze techniqe) སྐབས་སུ་ཕོ་མཚན་གྱི་རྩེ་མོའི་ཞབས་ངོས་སུ་ཚོར་བའི་མཐར་ཐུག་གམ་འཁྲིག་སྦྱོར་གྱི་ཚོར་བ་མ་ཡལ་བར་དུ་འཚིར་དགོས། ལུས་སྦྱོང་འདིས་ཁུ་བ་མགྱོགས་པོར་མི་འཆོར་བར་ཕན་ཐོགས་ག་འདྲ་ཡོད་ཅེ་ན། འཁྲིག་སྤྱོད་སྐབས་སུ་ཚོར་བའི་གསང་བརྡ་རྟོགས་པར་སྦྱོང་བརྡར་ཐེབས་པ་དང་། སྦྱོང་བརྡར་སྐབས་སུ་ང་ཚོས་རང་ཉིད་ཀྱི་ལུས་པོའི་གནས་བབ་རྒྱ་ཆེར་རྟོགས་ཏེ་ཁུ་བ་མྱུར་འཆོར་འགོག་ཐབས་དང་ཁ་ཐག་ཇེ་ཉེར་འགྲོ་བའི་ཕན་ནུས་ཆེན་པོ་ཡོད་པ་ཡིན།

༤) ཁུ་བ་ལག་འབྱིན་དང་ཡང་ན་འཁྲིག་སྤྱོད་འཕར་མ་བྱེད་དགོས་པ།

ཁུ་བ་ལག་འབྱིན་གྱིས་ཁུ་བ་མྱུར་འཆོར་འགོག་པར་ཕན་ནུས་ཡོད་དམ་ཞེས་དྲིས་ཚེ། ཆེས་སྟབས་བདེའི་ལན་ཞིག་ཡོད་པ་ནི་ཕན་ནུས་འདུག་ཅེས་བརྗོད་བཞིན་ཡོད། འཁྲིག་སྤྱོད་དང་ལག་པས་སྤྱོད་པ་ལ་བརྟེན་ནས་ང་ཚོའི་འཁྲིག་རྔམ་དང་སྲེད་པ་ཇེ་ཉུང་དུ་གཏང་མ་ཐུབ་ཚེ། འཁྲིག་སྲེད་ཀྱི་གནོན་ཤུགས་ང་ཚོའི་གཟུགས་པོའི་ནང་ལ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པས། གཟུགས་པོའི་ཚོར་ཤུགས་རབ་ཏུ་རྒྱས་པས་ཁུ་བ་མགྱོགས་མྱུར་ཤོར་འགྲོ་བའི་རྐྱེན་དུ་གྱུར་ཡོད། བདུན་ཕྲག་གཅིག་གི་ནང་ལ་ལག་པས་ཁུ་བ་ཕྱི་ལ་གཏོན་པ་དང་ཡང་ན་འཁྲིག་སྤྱོད་ཉུང་མཐར་ཐེངས་གཅིག་བྱེད་དགོས། འོན་ཀྱང་ཁུ་བ་ལག་འབྱིན་གྱི་སྐབས་སུ་དལ་ལྷོད་ཡིད་གཟབ་ངང་བྱེད་དགོས་པ་ལས་ཁུ་བ་མགྱོགས་པོ་ཕྱིར་བཏོན་རྒྱུར་དམིགས་མི་ཉན། ཅི་ཕྱིར་ཞེ་ན་སྟབས་མ་ལེགས་པར་སྦྱོང་བརྡར་གྱི་ཁ་ཕྱོགས་ནོར་ཏེ་ཁུ་བ་མགྱོགས་པོ་ཤོར་བའི་ངན་གོམས་ཐེབས་སྲིད།

༥) འཁྲིག་སྤྱོད་ཀྱི་འབྲེལ་ལམ་ཇེ་མཐོར་གཏོང་དགོས།

རང་གི་འཁྲིག་རོགས་བུད་མེད་ལ་འབྲེལ་ལམ་བཟང་པོའི་སྒོ་ནས་ལུས་འབྲེལ་བྱེད་རྒྱུ་ནི་ཁུ་བ་རྒྱུན་སྲིང་བྱ་བར་ཕན་ནུས་ཆེན་པོ་ཡོད། དེ་བཞིན་རང་ཉིད་དོགས་སྣང་ཡོད་པའི་གནད་དོན་དག་ལྷོད་ཡངས་ཀྱི་སྒོ་ནས་རོགས་པ་དང་ཁ་བརྡ་མ་བྱས་ཚེ་སེམས་ཁྲལ་དང་དངངས་འཚབ་སྐྱེ་བ་སོགས་འབྱུང་གི་ཡོད། སེམས་ཁྲལ་དང་དངངས་འཚབ་ནི་ཁུ་བ་མྱུར་འབྱིན་གྱི་རྒྱུ་རྐྱེན་གཏེ་བོ་དེ་ཡིན་པ་ཤེས་དགོས། ང་ཚོས་འཁྲིག་སྤྱོད་བྱེད་འགོ་ཚུགས་སྐབས་སེམས་ནང་ལ་མ་བདེ་བའི་འཆར་སྣང་འགའ་སྐྱེ་སྲིད་པ་རེད། དཔེར་ན། ཁུ་བ་རྒྱུན་སྲིང་བྱེད་མི་ཐུབ་པའི་སྐྱེས་པ་ང་འདྲ་ནི་སྐྱེས་ཕོ་རབས་ཤིག་མ་རེད་ཅེས་རང་ཉིད་ལ་འཁང་ར་བྱེད་པ་དང་། སྐབས་རེ་རོགས་པར་འཁྲིག་ཡུན་རིང་ཙམ་བདེ་བ་རོལ་མྱོང་མ་བྱུང་བས་མོས་ང་བསྐྱུར་སྲིད་ཅེས་ཚོར་སྣང་སྣ་ཚོགས་སྐྱེ་ཡི་ཡོད། གང་ལྟར་གནས་ཚུལ་དངོས་དོན་དང་མཐུན་མིན་ལ་མ་ལྟོས་པར་སེམས་ཚོར་དང་དོགས་སྣང་འདིའི་རིགས་ཀྱིས་དངངས་འཚབ་ཇེ་ལྕིར་གཏོང་ཞིང་གལ་གནད་མིན་པའི་གནོན་ཤུགས་ཀྱི་འོག་ལ་ཚུད་ཀྱི་ཡོད།

༦) བྲེལ་འཚུབ་བྱེད་མི་རུང་།

འཁྲིག་སྤྱོད་བྱེད་པའི་དུས་ལ་བབ་དུས་ལུས་སེམས་ལྷོད་པའི་སྒོ་ནས་འཇུག་ཐུབ་ན། ཁོག་ནང་སྲེད་པ་རྒྱས་པའི་ཚོར་ཤུགས་དྲག་པོ་ལ་ཚོད་འཛིན་ཐེབས་ཏེ་ཁུ་བ་མྱུར་འབྱིན་འགོག་པར་རོགས་རྐྱེན་བྱེད་ཀྱི་ཡོད། གལ་སྲིད་ཁྱོད་ཀྱིས་བྲེལ་བྲེལ་འཚུབ་འཚུབ་ཀྱི་སྒོ་ནས་རོལ་འཇུག་བྱས་ཚེ། ལུས་ཀྱི་དབང་པོའི་མ་ལག་ལ་རྩོལ་བ་དང་གནོན་ཤུགས་ཇེ་ཆེར་འགྲོ་བས་ཁུ་བ་འཆོར་སླ་བ་དང་འཁྲིག་སྤྱོད་ཀྱི་དུས་ཡུན་རང་བཞིན་གྱིས་ཐུང་དུ་འགྲོ་བཞིན་ཡོད། ལྷག་པར་དུ་ཁྱོད་ཀྱིས་འཚབ་ཚུབ་དང་ཆགས་སྲེད་ཀྱི་ངར་ཤུགས་སློང་བར་འབད་ཚེ་བློ་འཚབ་སྐྱེ་རུ་འཇུག་ངེས་པ་དང་། སེམས་འཚབ་སྐྱེ་བ་དེས་རང་ཉིད་ཀྱི་ལུས་པོའི་མ་ལག་རྣམས་ལ་འཁྲུག་རྐྱེན་ཐེབས་ཏེ་ཁུ་བ་མྱུར་དུ་དོན་འགྲོ་བའི་ངན་ལོབས་སྲིད་པའང་ཡོད། གནས་སྟངས་དེ་འདྲ་ལ་ཐབས་ལམ་ཅི་ཞིག་ཡོད་ཅེ་ན། འཁྲིག་སྤྱོད་རོལ་འཇུག་བྱེད་དུས་ངེས་པར་དུ་བག་ལྷོད་དང་དུས་ཡུན་སྐར་ཆ་རེ་རེ་ཡང་རོལ་མྱོང་གི་ཀུན་སློང་སྐྱེ་བར་བྱེད་དགོས། རང་གི་འཁྲིག་རོགས་བུད་མེད་དང་ཁ་བརྡ་བྱེད་ཀྱིན་སོས་དལ་གྱི་སྒོ་ནས་དབུགས་ལྷོད་ལྷོད་ངང་འབྱིན་རྔུབ་བྱེད་དགོས། བསམ་པའི་བབ་དང་ཚོར་སྣང་། ད་དུང་ལུས་པོའི་རེག་ཚོར་གྱི་འགྲོས་ལ་སྣང་བ་གཏོད་དགོས། ཕྱིའི་ལུས་དང་ནང་གི་སེམས་གཉིས་ལྷིང་འཇགས་ལྡན་པ་ཞིག་བྱུང་རྗེས་འཁྲིག་སྤྱོད་དངོས་སུ་རོལ་མྱོང་བྱེད་དགོས་བསམ་པའི་ཀུན་སློང་ཞིག་སྔ་ས་ནས་གྲ་སྒྲིག་དགོས་པ་འགངས་ཆེ།

༧) ཐོག་མར་བུད་མེད་ཀྱི་འཁྲིག་ཚོར་སློང་ཐབས་བྱེད་དགོས།

འཁྲིག་པའི་སྔོན་འགྲོར་རོལ་ཏེ་རང་གི་འཁྲིག་རོགས་བུད་མེད་ཀྱི་འཁྲིག་ཚོར་སློང་ཐབས་བྱེད་པ་ནི་ཁུ་བ་རྒྱུན་སྲིང་བྱེད་པར་ཕན་ནུས་ཆེན་པོ་ཡོད། འཁྲིག་སྤྱོད་དངོས་སུ་བྱེད་འགོ་ཚུགས་དུས་རང་གི་འཁྲིག་རོགས་བུད་མེད་ལ་ཆགས་སྤྱོད་ཀྱི་ཚོར་བ་ལྡན་པས་རང་ཉིད་ཀྱང་གདེང་ཚོད་ཀྱི་སྒོ་ནས་རོལ་ཐུབ། ཁུ་བ་མྱུར་འབྱིན་གྱི་སེམས་ཁྲལ་འཇོམ་ཞིང་འཁྲིག་སྤྱོད་རང་དབང་དང་དལ་ལྷོད་ཀྱིས་མྱོང་ཐུབ་པས་སེམས་འཚབ་སྐྱེ་བ་མི་འབྱུང་བའི་ཕན་ནུས་ལྡན། འཁྲིག་སྤྱོད་སྔོན་འགྲོ་རོལ་བའི་སྐབས་སུ་ཁྱོད་རང་ཆགས་སྲེད་བཟོད་དཀའ་བ་འཕེལ་ཚེ། འཁྲིག་སྤྱོད་དངོས་སུ་མ་བྱས་གོང་ལ་ངལ་གསོ་དང་བཅས་ཚོར་བ་ཅུང་ཞི་འཇགས་ཆགས་བཅུག་ན་ལེགས།

༨) འགྱིག་ཤུབས་མཐུག་པོའི་རིགས་བེད་སྤྱོད་བྱེད་དགོས།

སྐྱེས་པ་འགས་འགྱིག་ཤུབས་མཐུག་པོ་གྱོན་པ་ནི་འཁྲིག་སྦྱོར་རྒྱུན་སྲིང་བྱེད་པར་ཕན་ནུས་ཡོད་པར་བཤད་ཡོད། ད་དུང་གཞན་འགའ་ཤས་ཀྱིས་ཀྱང་འགྱིག་ཤུབས་མཐུག་པོ་གྱོན་པས་ཁུ་བ་ཡུན་རིང་གནས་པར་གོམས་ཀྱིན་འདུག་ཅེས་བརྗོད་ཡོད། ལས་རྟགས་ཚད་ལྡན་ནས་བཏོན་པའི་འགྱིག་ཤུབས་བེད་སྤྱོད་བྱེད་དགོས། སྤྱིར་བཏང་འགྱིག་ཤུབས་རིགས་ལ་ཤས་ནམ་རྒྱུན་ལས་མཐུག་བ་ཡོད་པས་ཕོ་མཚན་གྱི་རེག་ཚོར་འཕེལ་ཚུལ་དལ་དུ་གཏོང་བར་ཕན་ཐོགས་ཡོད་པ་རེད།

༩) འཁྲིག་སྤྱོད་ཐེངས་གཉིས་སམ་འཁྲིག་སྤྱོད་མ་བྱས་པའི་སྔོན་ལ་ཁུ་བ་ལག་འབྱིན་བྱེད་དགོས།

འཁྲིག་སྤྱོད་ཐེངས་གཅིག་གྲུབ་རྗེས་ཡང་བསྐྱར་ཐེངས་གཅིག་རོལ་འགོ་བརྩམས་པ་ནི་ཁུ་བ་ཡུན་རིང་གནས་པའི་ཐབས་གཞན་ཞིག་རེད། ཁྱོད་ཀྱི་ཕོ་མཚན་གྱི་ཚོར་ཤུགས་ཕྲན་བུ་ཉམས་ཡོད་པས་ཐེངས་གཉིས་པར་ཡུན་རིང་ཙམ་རོལ་ཐུབ་ཀྱི་ཡོད། དཀའ་ངལ་ཞིག་ཡོད་པ་ནི་འཁྲིག་རོགས་བུད་མེད་དེ་འཁྲིག་སྤྱོད་ཐེངས་དང་པོའི་རྗེས་ལ་བློ་ཕམ་སྐྱེ་སྲིད་པ་རེད། གནས་ཚུལ་དེ་འདྲ་མི་བྱུང་བའི་ཆེད་འཁྲིག་སྤྱོད་མ་བྱས་སྔོན་ལ་རང་ངོས་ནས་ཁུ་བ་ལག་འབྱིན་བྱེད་རྒྱུ་དེ་ཡིན། འོན་ཀྱང་དུས་ཚོད་ཚད་འཛིན་མ་ཐུབ་པའི་དཀའ་ངལ་ཡོང་སྲིད་པ་རེད། སེམས་ལ་འཇོག་དགོས་པ་ཞིག་ལ་ང་ཚོའི་ན་ཚོད་ཇེ་ཆེར་འགྲོ་བ་དང་བསྟུན་ནས་འཁྲིག་སྤྱོད་ཐེངས་གཉིས་བསྟུད་མར་སྤྱོད་པར་བར་གསེང་དུས་ཡུན་རིང་ཙམ་སྒུག་དགོས་པ་ཡིན། ཁ་གསལ་བརྗོད་ན་ཐབས་ལམ་འདི་དུས་ཡུན་རིང་པོར་འཁྱོལ་དཀའ་བ་ཞིག་ཏུ་གྱུར་ཡོད།

༡༠) རྣམ་གཡེང་།

འཁྲིག་སྤྱོད་བྱེད་སྐབས་ཉོབ་སྣང་རང་བཞིན་ཅན་གྱི་གནས་ཚུལ་ལ་སྣང་བ་གཡེང་ཚེ་སྐྱེས་པ་འགའི་ཁུ་བ་མགྱོགས་པོར་མི་འབྱིན་པའི་ཕན་ནུས་ཡོད་སྲིད་ཀྱང་རེ་འགར་ཐབས་དེ་ཁུ་བ་མྱུར་པོར་ཤོར་བའི་རྐྱེན་དུ་འགྲོ་བའང་ཡོད། ཅིའི་ཕྱིར་བརྗོད་ན་འཁྲིག་སྤྱོད་ཀྱི་ཡུན་གནས་སྟོབས་ཤུགས་རྒྱས་པ་ནི་རང་ཉིད་ཀྱི་གཟུགས་པོའི་ཚོར་བརྡ་དང་ཚོར་ཤུགས་ཀྱི་འཕེལ་ཚུལ་དང་ཁ་ཐག་ཉེ་བར་གྱུར་ཡོད། སྐབས་དེར་ང་ཚོའི་གཟུགས་པོའི་ཚོར་བ་དང་སྙོམ་སྒྲིག་ཇེ་མཐོར་ཕྱིན་ཡོད་པས། ཚོད་འཛིན་དཀའ་བར་གྱུར་ཡོད།། འོན་ཀྱང་། དེ་ལས་གལ་འགངས་ཆེ་བ་ཞིག་ལ། གལ་སྲིད་ཁྱོད་རང་གཅིག་པུ་འཁྲིག་སྤྱོད་སྐབས་སུ་སྣང་བ་རྒྱ་ཡན་དུ་སོང་བ་ཡིན་རུང་། འཁྲིག་སྤྱོད་ཀྱི་བདེ་བ་དང་ཁ་ཐག་རིང་བོར་སོང་མེད་སྟབས་འཁྲིག་བདེ་ལས་སྣང་བ་གཡེང་ཐུབ་མེད་པས། གནད་དོན་དེས་འཁྲིག་རོགས་བུད་མེད་གཅིག་པུས་ལས་དོན་ཡོངས་སུ་སྒྲུབ་དགོས་ཚེ་འཁྲིག་ཚོར་རོལ་མྱོང་གི་བདེ་སྐྱིད་རང་གཞན་གཉིས་ཀར་ཇེ་ཉུང་དུ་འགྲོ་བཞིན་ཡོད།

༡༢)  བཟི་སྨན་དང་ཆང་རག་རིགས་སྤྱོད་པ།

སྐྱེས་པ་འགས་བཟི་སྨན་དང་ཆང་རག་རིགས་ལ་བརྟེན་ནས་འཁྲིག་ཡུན་རིང་དུ་འགྲོ་བར་བཤད་ཡོད། ཐབས་ལམ་འདི་བེད་སྤྱོད་བྱས་ན་ཉེན་ཚབས་ཤིག་ཡོད་པ་ནི་ཆང་རག་དང་སོ་མ་ར་ཛའི་ལོ་མ་སྐམ་པོའི་ཐ་མ་ (Marijuana) ཡིས་འཁྲིག་ཡུན་ཐུང་ཞིང་ཁུ་བ་མྱུར་པོ་འབྱིན་པར་རྐྱེན་དུ་གྱུར་བཞིན་ཡོད་ཅེས་ཉམས་ཞིབ་པའི་སྡེ་ཁག་མང་པོའི་རྟག་དཔྱད་ཀྱི་གྲུབ་དོན་དུ་གསལ་ཡོད། ཉམས་ཞིབ་ཅིག་ཏུ་སྐྱེས་པས་ཉིན་ལྟར་བཟི་ཁ་ཅན་གྱི་ཐ་མ་འཐེན་པ་དེས་ཁུ་བ་མྱུར་འབྱིན་བྱུང་བའི་རྒྱུ་རྐྱེན་དུ་གྱུར་ཡོད་ཅེས་བརྗོད་ཡོད་པ་དང་། དེ་བཞིན་ཁྱོད་ཀྱིས་འཁྲིག་སྤྱོད་བྱེད་ཆེད་རྒྱུན་ལྡན་ནས་བཟི་ཁ་ཅན་དང་བཟི་སྨན་སྤྱོད་དགོས་བྱུང་ཚེ། ཆང་རག་དང་བཟི་སྨན་རིགས་ལ་ངན་གོམས་ཆགས་ཏེ་གནོད་འཚེ་ཆེ་བའི་སྨན་རྫས་གཞན་ལའང་ལག་པ་འཆང་སྲིད་པ་ཞིག་རེད།

འབྲེལ་ཡོད་གསར་འགྱུར།

Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

ཆུ་ཚོད་ ༡༨ སྔོན་ལ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

ཆུ་ཚོད་ ༡༩ སྔོན་ལ།
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

༢༠༢༥/༠༧/༠༡
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠

མཆན། 0

  1. ཨ་འབར་་་འཇིགས་དབང། says:
    ལོ་ 6 སྔོན།

    ཆག་སྲེད་སྐོར་སྙིང་རྗེ་བོ་དངོས་བདེན་བྲིས་འདུག་ ཁྲིག་སྤྱོད་སྐོར་མང་ཙམ་འབྲི་ན་ངེས་པར་ཕན་གྱི་རེད།
    བོད་པ་ཚང་མ་གྲ་བ་བླ་མ་མ་རེད། དངོས་གནས་བཤད་ན་ཆག་སྲེད་མ་མི་དགའ་མཁན་སུ་ཡང་མེད།
    བོད་ཀྱི་མཁས་པ་དགེ་འདུན་ཆོས་འཕེལ་མཆོག་ནས་བརྩམས་གནང་བའི་འདོད་པའི་བསྟན་བཅོས་ལ་ལྟོས་དང།
    དམར་འབོམ་རྒྱག་སོ་ཨ་དང། རྒྱག་འབོམ་རིང་སོ་ཨ་སོགས་བྲིས་འདུག།
    ཕལ་ཆེལ་མི་ལོ་ ༡༠༠ བརྒལ་བའི་གོང་ནས་ཀྱང་འཁྲིག་སྤྱོད་ལ་དགའ་བོ་ཡོད་པ་རེད།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 6 སྔོན།

    དུས་རབས་དང་བསྟུན་ནས་སྤྱི་ཚོགས་འཕེལ་རིམ་ལ་འགན་འཁུར་་ནས་འགྲོ་དགོས་པ་ནས་འཛམ་གླིང་གི་སྔ་མོའི་འདོད་པའི་བསྟན་བཅོས་ཁག་རིམ་བཞིན་དུས་བབ་གསར་ཤོག་སྟེང་བཀོད་ཐུབ་ན་གསར་ཤོག་ཀློག་མཁན་མང་དུ་འགྲོ་ཐུབ་པ་དང་ཤེས་བྱ་མཐའ་མེད་ལ་སོང་འདོད་པའི་བསྟན་བཅོས་ཁག་ཤེས་རྟོགས་ཐུབ་ནས་མི་སྒེར་གྱི་ལུས་སེམས་འཕྲོད་བསྟེན་ལ་ཕན་ཐོག་ཡོང་རྒྱུ་བཅས།

    Reply
  3. བྱམས་པ། says:
    ལོ་ 6 སྔོན།

    ལྟས་ངན། རྩོམ་ཡིག་འདི་བྲིས་མཁན་སུ་ཡིན་ཡང་། ཁྱོད་རང་འཁྲིག་སྤྱོད་གློག་བརྙན་ནང་ཞུགས་ན་ཡག་པོ་ཡོང་ས་རེད།

    Reply
  4. བཀྲ་ཤིས་རྒྱ་མཚོ། says:
    ལོ་ 6 སྔོན།

    རྩོམ་འདི་ཡག་པོ་འདུག་བསམ་སོང་ འདི་འདྲ་མང་པོ་དགོས་གི་འདུག་བསམ་ ད་དུང་ བོད་བའི་ཆག་སྲེད་ཀྱི་བརྙེན་པར་ཡང་མང་པོ་དང་ལམ་སྟོན་མང་པོ་དགོས་གི་འདུག་ བོད་པ་ཚང་མ་གྲྭ་བ་མ་རེད་བ།

    Reply
  5. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 6 སྔོན།

    བོད་ཀྱི་དུས་བབ་གསར་ཤོག་ལ་གསར་གནས་བཀོད་རྒྱུ་རག་གི་མེད་ན་ཨ་མདོ་དགེ་འདུན་ཆོས་འཕེལ་གྱི་རྩོམ་ཡིག་ནང་ཡོད་པའི་འདོད་པའི་བསྟན་བཅོས་དེ་མུ་འཐུད་ནས་གསར་ཤོག་སྟེང་བཀོད་དང་གསར་ཤོག་ཀློག་མཁན་མང་པོ་ཡོང་ངེས།

    Reply
    • བསོད་ནམས་སྨྱོན་པ་ says:
      ལོ་ 6 སྔོན།

      སྐྱེ་མ་རིག་གཞུང་རྒྱ་མཚོ་ལྟུ་བུ་འདི་འདྲ་བཀོད་རྒྱུ་བཞག་ནས་ལོག་གཡེམ་དང་འབྲེལ་བའི་འུ་ཐུག་འདི་འདྲ་བཀོད་ན་ངོ་ཡང་ཚ།་་ནུབ་ཕྱོག་གུ་ཡང་ངོ་ཚ་མེད་པའི་ལུང་པར་ཡང་འདི་འདྲས་ཡོངས་གྲགས་གསར་ཤོག་ནང་བཀོད་སྲོལ་མིན་འདུག་་་་་མེས་དཔོན་རྣམ་པ་ཁྱེད་ཚོའི་བརྒྱུད་པ་རྣམས་ནི་ངོ་ཚ་མེད་པ་ཕྱིར་གླིང་པ་ལས་ལོད་པ་ཆགས་ཚར་འདུག་གོ།་་་་བོད་ཀྱི་དུས་བབས་ལ་ཞུ་རྒྱུར་ང་ཚོའི་སྤྱི་ཚོགས་འདི་འཕགས་པའི་དགེ་འདུན་དང་བཙུན་མ་ཤིན་ཏུ་ནས་རྒྱ་ཆེ་བས་ངེས་པར་དུ་ཡིད་ལ་འཇོག་རོགས།

      Reply
  6. ལྷ་སྲས། says:
    ལོ་ 6 སྔོན།

    གསར་ཁང་ཚད་ལྡན་ཚོས་གནས་ཚུལ་འདི་རིགས་འགོད་པ་མ་རེད། བོད་ཀྱི་དུས་བབ་ཚང་གི་རྩོམ་སྒྲིག་པ་འཕོ་འགྱུར་སོང་རྗེས་གསར་འགྱུར་གྱི་གནས་ཚད་དམའ་རུ་ཕྱིན་སོང་བ་མ་ཟད་གསར་ཁང་གི་ཀུན་སྤྱོད་ཀྱང་ཏག་ཏག་སྡོད་ཀྱི་མེད་པ་ཞིག་མཐོང་སོང་།

    Reply
  7. TenZin says:
    ལོ་ 6 སྔོན།

    དུས་བ་ཚགས་ཤོག་གིས་ཆགས་རྩོམ་སྤེལ་རྒྱུའི་དུས་ལ་བབ་ཡོད་ས་རེད། ཧཧ

    Reply
  8. གཞུང་པ་ཚེ་དབང་བསོད་ནམས། says:
    ལོ་ 6 སྔོན།

    དུས་བབ་གསར་ཤོག་གི་འཁྲིག་སྤྱོད་སྐོར་གསར་ཤོག་སྟེང་བཀོད་པ་འདི་རྒྱལ་སྤྱིའི་གསར་ཤོག་གི་བཟང་སྤྱོད་དང་འབྲེལ་བའི་ལས་འགན་འགྲུབ་པར་ངོས་འཛིན་བྱས་ན་འགྲིག་གི་ཨ་ཡོད་ན་དུས་བབ་ཚང་ལ་དེ་ལས་ལྷག་པའི་གལ་ཆེའི་གསར་གནས་རག་གི་མེད་པ་ཡིན་ནམ་ཧཧཧ།

    Reply
  9. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 6 སྔོན།

    བོད་ཀྱི་དུས་བབ་གསར་ཤོག་གི་ལས་འགན་ཆེ་ཤོས་དེ་གསར་འགྱུར་དུས་ཐག་བཀོད་རྒྱུ་དེ་མིན་པ་འདོད་ཆགས་དང་འབྲེལ་བའི་གནས་ཚུལ་བཀོད་རྒྱུ་དེ་ཡིནནམ།

    Reply
    • ངག་དབང་ཆོས་འཕེལ། says:
      ལོ་ 6 སྔོན།

      དོན་དམ་གྱི་གནད་ལུགས་ཡོད་ན་སྤེལ་ཆོག་མོད། ཀུན་སྤྱོད་དང་མི་མཐུན་པའི་རིགས་དང་། བཟང་སྤྱོད་དང་འགལ་བའི་རིགས་བོད་ཀྱི་དུས་བབ་ཀྱི་མིང་བྱང་འོག་ནས་མ་སྤེལ་ལེགས།

      Reply
    • abcd xyz says:
      ལོ་ 6 སྔོན།

      གནས་ཆུལ་འདེ་ཚོ་སྤྱིར་ཀློག་བདེ་མེད་ཀྱང་གནས་ཚུལ་འདི་རིགས་སྤྱི་ཚོགས་ཀྱི་ནང་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་སྟབས་གནས་ཚུལ་འདི་རིགས་སྤེལ་བར་གནོད་སྐྱོན་དང་། བཟང་སྤྱོད་དང་འབྲེལ་བ་མ་འཁྱེར་ན་ལེགས། གནས་ཚུལ་འདི་རིགས་མ་ཤེས་པའི་རྐྱེན་གྱིས་ནང་མི་ནང་ཁུལ་མ་ཆམ་པའི་དཀའ་ངལ་མང་དག་ཞིག་འཕྲད་ཀྱི་ཡོད་རེད། བཟང་སྤྱོད་བཟང་སྤྱོད་བཤད་ནས་སྤྱི་ཚོགས་ནང་ནང་མི་མང་པོ་ཆམ་མཐུན་ཡོང་གི་མེད་ན་བཟང་སྤྱོད་ཀྱིས་ཕན་ཐོག་ཡོང་གི་ཨ་ཡོད། བཟང་སྤྱོད་བཟང་སྤྱོད་ཟེར་ནས་ནང་མི་མང་པོ་ཞིག་ཆམ་པོ་མ་ཡོང་བའི་ཆ་ནས་སྤྱི་ཚོགས་ནང་དཀའ་ངལ་ཡང་མང་པོ་ཞིག་འཕྲད་ཀྱི་ཡོད་རེད། བཟའ་ཚང་ནང་ཕན་ཚུན་ཆམ་པོ་ཡོང་ན་སྤྱི་ཚོགས་ཀྱང་རིམ་པས་ཆམ་པོ་ཡོང་གི་རེད། བྱས་ཙང་བཟང་སྤྱོད་བཟང་སྤྱོད་ཟེར་ནས་ནང་གི་དཀའ་ངལ་རྣམས་ཁུ་སིམ་བཞག་པ་ལས་སྤྱི་ཚོགས་ཀྱི་དཀའ་ངལ་ཞིག་ཏུ་ངོས་འཛིན་ན་ལེགས་པ་མེད་དམ།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese