མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཡང་རྒྱལ་སྤྱིའི་རྩེད་འགྲན་པ་ཞིག་གིས་རྒྱ་ནག་ལ་སྐྱོན་བརྗོད་བྱས།

བོད་ཀྱི་དུས་བབ།
༢༠༡༩/༡༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

འགྲོ་བ་མིའི་ཀུན་སྤྱོད་ལས་དཔལ་འབྱོར་གལ་ཆེན་དུ་བརྩི་བཞིན་པར་བློ་ཕམ་ཡོད་ཅེས་རྒྱ་ནག་གཞུང་གིས་ཡུ་གུར་བར་དྲག་གནོན་བྱེད་བཞིན་པར་སྐྱོན་བརྗོད་བྱས།

ཁ་སང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱལ་སྤྱིའི་ནང་སྙན་གྲགས་ཆེ་བའི་རཱག་བྷི་སྤོ་ལོ་(Rugby)རྩེད་འགྲན་པ་སཱོ་ནི་བིལ་ཝི་ལེ་ཡཱམ་(Sonny Bill William)གྱིས་ཀྱང་རྒྱ་ནག་གིས་ཡུ་གུར་ཁ་ཆེ་བ་རྣམས་ལ་དྲག་གནོན་བྱེད་བཞིན་པར་སྐྱོན་བརྗོད་དང་། ཁོ་རང་སྒེར་གྱི་སྤྱི་ཚོགས་དྲ་ལམ་ཊེ་ཊིར་སྟེང་འགྲོ་བ་མིའི་ཀུན་སྤྱོད་ལས་དཔལ་འབྱོར་གལ་ཆེན་དུ་བརྩི་བཞིན་པར་བློ་ཕམ་ཡོད་སྐོར་བརྗོད་ཡོད་འདུག

ཝི་ལེ་ཡཱམ་གིས་སྤྱི་ཚོགས་དྲ་ལམ་ཏུའེ་ཏར་(Twitter)ཐོག ཤར་ཏུར་ཀི་ཐན་གྱི་རྒྱལ་དར་ཡོད་པའི་ལག་པ་ཞིག་རྒྱ་ནག་རྒྱལ་དར་གྱི་རི་མོ་བྲིས་པའི་ལག་པ་ཞིག་གིས་བཙིར་སྟེ་ཁྲག་དམར་བཞུར་བཞིན་པའི་པར་རིས་བཀོད་ཡོད་པ་མ་ཟད། པར་འདིའི་འགྲེལ་བརྗོད་དུ་འགྲོ་བ་མིའི་ཀུན་སྤྱོད་ལས་དཔལ་འབྱོར་ལ་གལ་ཆེན་དུ་བརྩི་བཞིན་པར་བློ་ཕམ་ཡོད། ཅེས་བྲིས་ཡོད་པ་དང་། ཁོང་ནི་ཉེ་སྔོན་ཕྱི་ཚེས་ ༡༣ རྒྱལ་སྤྱིའི་རྐང་སྤོལ་རྩེད་འགྲན་པ་གྲགས་ཅན་མེ་སུད་ཨོ་ཛིལ་(Mesut Ozil)གྱིས་རྒྱ་ནག་ལ་སྐྱོན་བརྗོད་རྗེས། རྒྱ་སྤྱིའི་སྟེང་སྙན་གྲགས་ཆེ་བའི་རྩེད་འགྲན་པ་ཞིག་གིས་རྒྱ་ནག་གིས་ཡུ་གུར་མི་རིགས་ཐོག་འཛིན་པའི་སྲིད་བྱུས་ལ་དངོས་སུ་སྐྱོན་བརྗོད་བྱེད་མཁན་གྲགས་སྐར་གཉིས་པ་ཆགས་ཡོད་པ་རེད།

ཉེ་སྔོན་ཇར་མ་ནཱི་(Germany)རྒྱལ་ཁབ་ཀྱི་རྐང་སྤོལ་རྩེད་འགྲན་པ་མེ་སུད་ཨོ་ཛིལ་གྱིས་དངོས་སུ་རྒྱ་ནག་ལ་སྐྱོན་བརྗོད་བྱས་རྗེས། རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་གིས་ཤར་ཊིར་ཀི་སི་ཐན་ནང་དྲག་གནོན་བྱེད་བཞིན་པའི་ཐད་དོ་སྣང་ཤུགས་ཆེར་བསླེབས་ཡོད་པ་མ་ཟད། དེ་ཡི་ཤུགས་རྐྱེན་ལ་བརྟེན་ནས་ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཊར་ཀིས(Turkey)གྲོང་ཁྱེར་ཨེ་སི་ཊམ་བྷུལ(İstanbul)ནང་མི་མང་སྟོང་ཕྲག་མང་པོས་རྒྱ་ནག་གཞུང་གིས་ཤར་ཊུར་ཀི་སི་ཐན་ཁུལ་གྱི་ཁ་ཆེ་བ་ས་ཡ་མང་པོ་འཛིན་བཟུང་བཙོན་འཇུག་དང་མནར་གཅོད་གཏོང་བཞིན་པར་སྐྱོན་བརྗོད་ཀྱི་ངོ་རྒོལ་ཁྲོམ་སྐོར་གཞི་རྒྱ་ཆེན་པོ་ཞིག་བྱས་ཡོད་པ་རེད།

རྒྱ་ནག་གཞུང་གིས་ནམ་རྒྱུན་གྲགས་ཅན་རྩེད་འགྲན་པ་དང་ལྷག་པར་དུ་མི་གྲངས་སྟོང་ཕྲག་མང་པོའི་དགའ་མོས་བྱེད་སའི་མི་སྣ་དག་གིས་སྐྱོན་བརྗོད་བྱས་པར་འཇིགས་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། མེ་སུད་ཨོ་ཛིལ་གྱིས་རྒྱ་ནག་ལ་སྐྱོན་བརྗོད་བྱས་རྗེས་རྒྱ་ནག་གི་ཕྱི་སྲིད་མགྲིན་པ་ཟེར་བས་གནས་ཚུལ་དེ་རྫུན་མ་ཡིན་པ་དང་། བདེན་པ་མིན་པའི་འགྲེལ་བརྗོད་ཀྱིས་ཤུགས་རྐྱེན་སྤྲད་ཡོད་སྐོར་བརྗོད་ནས་མེ་སུད་ཨོ་ཛིལ་རྐང་སྤོལ་དང་འབྲེལ་བའི་གློག་ཀླད་ནང་གི་རྩེད་མོ་ནག་བསུབ་དང་། ཁོང་རྩེད་འགྲན་བརྙན་འཕྲིན་བརྒྱུད་སྟོན་མཚམས་བཞག་པ་སོགས་བྱས་ཡོད་པ་རེད།

རྩེད་འགྲན་པ་ཝི་ལེ་ཡཱམ་ནི་ནེའུ་ཛི་ལཱེན་(New Zealand)རྒྱལ་ཁབ་ཀྱི་མི་སེར་ཡིན་པ་དང་། ད་ལྟ་ཁེ་ཎ་ཌ་(Canada)རྒྱལ་ཡོངས་རཱག་བི་སྤོ་ལོ་རུ་ཁག་ཅིག་གི་རྩེད་འགྲན་པ་ཡིན་པ་མ་ཟད། རཱག་བི་སྤོ་ལོ་རྩེད་འགྲན་པའི་ཁོངས་ནས་གླ་ཆ་ཆེས་མཐོ་ཤོས་ཅན་གྱི་རྩེད་འགྲན་པ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༠༩ ལོར་ཁོང་ཁ་ཆེའི་ཆོས་ལུགས་སུ་འགྱུར་ཡོད་པ་དང་། དེ་ལྟ་རྒྱལ་སྤྱིའི་སྟེང་ཁོང་ནི་སྙན་གྲགས་ཆེན་པོ་ཡོད་པའི་རྩེད་འགྲན་པ་ཞིག་ཡིན་འདུག

གསར་འགོད་པ། ལྡི་ལི་ས་གནས་གསར་འགོད་པ་ཉི་མ་ཚེ་རིང་།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist