མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྩོམ་པ་པོ་བླ་ནག་པ་ཡེ་ཤེས་བཟང་པོ་འདས་གྲོངས་སུ་ཕྱིན།

བོད་ཀྱི་དུས་བབ།
༢༠༢༠/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

མཚོ་སྔོན་མི་རིགས་མཐོ་འབྲིང་གཉིས་པའི་ཚད་མ་རིག་པའི་དགེ་རྒན་དང་རྩོམ་པ་པོ་བླ་ནག་པ་ཡེ་ཤེས་བཟང་པོ་ལགས་ལོ་རྒྱུས་ཞིབ་འཇུག་གི་ལམ་བར་ནས་ཁྲག་ཤེད་ཀྱིས་གློ་བུར་འདས་གྲོངས་སུ་ཕྱིན་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༩ ཉིན། བོད་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་ཚད་མའི་དགེ་རྒན་བོད་ཀྱི་རྩོམ་པ་པོ་དང་སྙན་ངག་པ། ལོ་རྒྱུས་ཞིབ་འཇུག་པ་བླ་ནག་པ་ཡེ་ཤེས་བཟང་བོའམ་སྨྱུག་མིང་ལ་བཙན་སྲས་ལགས། བོད་ཀྱི་རྒྱལ་ས་ལྷ་ས་དང་འཕྱོངས་རྒྱས་བཙན་པོའི་བང་སོ་སོགས་ལ་རྟོག་ཞིབ་ཏུ་འགྲོ་བཞིན་པའི་ལམ་བར་ནས་ཁྲག་ཤེད་ཀྱིས་གློ་བུར་འདས་གྲོངས་སུ་ཕྱིན་ཡོད་འདུག

འདི་ག་དུས་བབ་ཀྱི་གསར་འགོད་པར་ཁོང་གི་འབྲེལ་ཡོད་ཅིག་གིས། དགེ་རྒན་ཁོང་ཉིན་འགའི་སྔོན་གཙང་བཀྲ་ཤིས་ལྷུན་པོ་དང་ལྷོ་ཁ་སོགས་སུ་འཕྱོངས་རྒྱས་བཙན་པོའི་བང་སོར་རྟོག་ཞིབ་དང་ཡུལ་དངོས་རྒྱུས་ལོན་དང་། བཅར་འདྲི་སོགས་ཀྱི་ཆེད་ཕེབས་ཡོད་པ་དང་། སྔར་ལོ་ཁོང་ལྷ་སར་སོང་ནས་ལྗོངས་རྒྱུའི་ཟིན་ཐོ་དང་དེབ་གཉིས་བྲིས་པ་བོར་བརླག་ཕྱིན་པས་དེ་དག་ཁ་གསབ་ཆེད་ཡིན་ན་ཡང་། ཕྱི་ཟླ་ ༡ ཚེས་ ༡༩ ཉིན་ཁྲག་ཤེད་མཐོ་བའི་རྐྱེན་གྱིས་གློ་བུར་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ས་གནས་གང་དུ་གྲོངས་བ་ཡིན་སོགས་གསལ་པོ་མེད་སྐོར་བརྗོད་བྱུང་།

བླ་ནག་པ་ཡེ་ཤེས་བཟང་བོ་ནི་ཕྱི་ལོ་ ༡༩༦༨ ལོར་བོད་མཚོ་སྔོན་མང་རའི་བན་ཤུལ་བླ་ནག་ཏུ་སྐྱེས་ཤིང་། ཁོང་གི་ཨ་ཕའི་མིང་ལ་ཚངས་དབྱངས་དང་ཨ་མའི་མིང་ལ་དབང་མོ་ཞུ་ཡི་ཡོད་འདུག ཁོང་ཕྱི་ལོ་ ༡༩༨༡ ལོར་ཀླུ་ཚང་དགོན་ནང་རབ་ཏུ་བྱུང་སྟེ། ཕྱི་ལོ་ ༡༩༨༦་ལོ་ནས་ལ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོའི་དྲུང་དུ་རྒྱུད་སྡེ་སོ་སོར་སློབ་གཉེར་དང་། བླ་བྲང་བཀྲ་ཤིས་འཁྲིལ་གྱི་དགེ་བའི་བཤེས་གཉེན་མང་པོའི་དྲུང་དུ་ས་ལམ་དང་ཕར་ཕྱིན། སྔགས་ཀྱི་ས་ལམ། ལམ་རིམ་སོགས་ལ་སློབ་གཉེར་གནང་ཡོད་འདུག  ཐར་ཤུལ་དགོན་རུ་མང་དགེ་བཤེས་བྱམས་པ་འཕྲིན་ལས་ཀྱི་མདུན་དུ་སྙན་ངག་ཚངས་སྲས་བཞད་པའི་སྒྲ་དབྱངས་གཙོ་བོར་གྱུར་བའི་ས་གནས་གང་སའི་མཁས་པ་མང་པོའི་མདུན་དུ་སྙན་ངག་དང་སྒྲ་རིག་པ་སོགས་རིག་པའི་གནས་མང་པོར་སློབ་གཉེར་གནང་ཡོད་འདུག

ཕྱི་ལོ་ ༢༠༠༤ ལོར་ཀླུ་ཚང་དགོན་དུ་ཕར་ཕྱིན་རབ་འབྱམས་པའི་བསླབ་པ་མཐར་སོན་རྗེས་མུ་མཐུད་དབུ་མ་དང་མཛོད་སོགས་ལ་སློབ་གཉེར་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ལོ་ནས་ཀླུ་ཚང་དགོན་གྱི་ཆོས་རིག་དགེ་རྒན་གྱི་ཕྱག་ལས་གཉེར། ཕྱི་ལོ་ ༢༠༠༧ ལོ་ནས་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་ཚད་མའི་དགེ་རྒན་དུ་གདན་དྲངས་ཡོད་འདུག ཁོང་གིས་སློབ་གྲྭ་དེ་གར་དགེ་རྒན་བྱེད་ཞོར་སློབ་དཔོན་ཐོན་མིའི་རྟོགས་པ་ཉུང་ངུར་བརྗོད་པའི་གཏམ་འཕྲོག་བྱེད་ཁྲོས་པའི་ང་རོ་དང་ཧི་མ་ལ་ཡའི་བཞད་སྒྲ། མཐིང་སྨུག་སྦྲ་ཡི་གཏམ་རྒྱུད། རྟོགས་བརྗོད་ངག་རིགས་གཞོན་ནུའི་གླུ་དབྱངས། ཧི་མ་ལ་ཡའི་ལེ་ཚན། ལ་དྭགས་པ་ཞིག་གི་རྣམ་ཤེས། རྗེ་ཙོང་ཁ་བའི་དབུ་མའི་ལྟ་བའི་འཕེལ་རིམ་མདོ་ཙམ་བརྗོད་པ་གཟུར་གནས་་དགྱེས་པའི་གླེང་མོལ། སུམ་རྟགས་གཉིས་ཀྱི་རྩ་བའི་རྩོམ་པ་པོ་སུ་ཡིན་ལ་དཔྱད་པ། མདོ་སྨད་བོད་མོའི་རུས་རྒྱུད་མཆེད་ཁུངས་སྐོར་ལ་བསྐྱར་དུ་དཔྱད་པ། ཏུན་ཧོང་གཏེར་ཡིག་ལས་བྱུང་བའི་ཁྲི་ཀའི་ས་མིང་སྐོར་ཞིག་གི་གདགས་གཞི་ལ་དཔྱད་པ། ཤེས་རབ་ཀྱི་འཇུག་སྒོ་དང་ལྷ་ཡུལ་གྱི་སྒོ་མོ། སོ་ཁི་ར་ཐའི་བུམ་པ། རྩྭ་ཐང་སྙན་ངག་གི་གྲུབ་མཐའ་དགོས་པའི་སྐོར་གྱི་བགྲོ་གླེང་དང་། རྒྱལ་དབང་བཅུ་གསུམ་པའི་ལུགས་སྒྱུར་དང་འབྲེལ་བའི་གནད་དོན་འགའ། བོད་ཀྱི་ལོ་རྒྱུས་སྟེང་མ་ཉེས་ཁ་གཡོག་ཐེབས་པའི་བློན་ཆེན་བཞི། དེབ་དཀར་ལས་སྲོང་བཙན་སྒམ་པོའི་འཁྲུངས་འདས་ལོ་ཚིགས་སྐོར་གྱི་བསྐྱར་ཞིབ་སོགས་ཀློག་པ་པོ་མང་པོས་གདེང་འཇོག་ཆེན་པོ་བྱེད་སའི་སྙན་ངག་དང་དཔྱད་རྩོམ་རིགས་བརྒྱ་ཕྲག་ལོན་པ་བརྩམས་དང། ད་དུང་རྩོམ་འཕྲོར་ལུས་པའི་དེབ་དང་རྩོམ་ཡིག་གང་འཚམ་ཞིག་ཀྱང་ཡོད་འདུག

ཁོང་གིས་ཕྱི་ལོ་ ༢༠༠༡ ལོ་ནས་བཟུང་མང་རའི་ལོ་རྒྱུས་དང་ངག་རྒྱུན་ལོ་རྒྱུས། རྟོགས་གེ་བའི་ཆིག་ལབ་རིང་མོ། བོད་ཡུལ་ལ་མགྲོན་དུ་ཕེབས་པའི་གོ་ལ་གཞན་གྱི་མི། ཚད་མ་དང་བརྡ་སྤྲོད་པ་ལ་འཇུག་པའི་སྒོ་རིག་པའི་མེ་སྟག  མི་ལ་རས་པའི་ལྟ་གྲུབ་ཞིབ་འཇུག ཉམས་རྟོགས་དམར་རྗེན་མ། བླ་ནག་པ་སྤུན་གསུམ་གྱི་མནོ་བསམ་ཕྱོགས་བསྒྲིགས། ནམ་མཁའ་ཞེས་པའི་སྒྱུར་རྩོམ་སྙན་ངག་བཅས་སྔ་གཞུག་ཏུ་དཔེ་དེབ་མང་པོ་ཞིག་པར་སྐྲུན་བྱས་ཡོད་པ་མ་ཟད། བོད་ཀྱི་རྩོམ་རིག་དུས་དེབ་སྦྲང་ཆར་དང་གངས་རྒྱན་མེ་ཏོག མང་ཚོགས་སྒྱུ་རྩལ། བོད་ལྗོངས་ཞིབ་འཇུག བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་གཞུང་དུས་དེབ་སོགས་སུ་སྙན་ངག་དང་དཔྱད་རྩོམ་སོགས་མང་པོ་སྤེལ་ཡོད་པ་དང་། སློབ་དཔོན་ཐོན་མིའི་རྟོགས་པ་ཉུང་ངུར་བརྗོད་པའི་གཏམ་ལ་སྐབས་ལྔ་བའི་སྦྲང་ཆར་རྩོམ་རིག་བྱ་དགའ་དང་། རྟོགས་བརྗོད་སྤྲིན་གྱི་རོལ་མོ་ལ་མང་ཚོགས་སྒྱུ་རྩལ་རྩོམ་རིག་བྱ་དགའ། སྒྱུར་རྩོམ་སྙན་ངག་ནམ་མཁའ་ལ་ཧེ་ཀང་ཁུལ་རྩོམ་རིག་སྒྱུ་རྩལ་དུས་དེབ་ཀྱི་ཕུལ་བྱུང་བྱ་དགའ་སོགས་ཐོབ་ཡོད་འདུག

ཁོང་ནི་ནམ་རྒྱུན་དཔེ་ཀློག་དང་རྩོམ་འབྲི་ཡི་ལས་ཁོ་ནར་གཞོལ་མཁན་ཞིག་ཡིན་པ་མ་ཟད། གཞུང་སྒེར་གཉིས་ཀྱིས་བསྡུས་པའི་རིག་གཞུང་བགྲོ་གླེང་དང་འཆད་འཁྲིད་མང་པོར་གདན་ཞུ་དང་སློབ་ཁྲིད་གནང་བཞིན་ཡོད་འདུག མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དུ་དགེ་རྒན་བྱེད་ཞོར་ཁོམ་སྐབས་དང་བསྟུན་ཀླུ་ཚང་དགོན་དུ་རཱ་མ་ནའི་རྟོགས་བརྗོད་དང་ནག་མོ་ཁོལ་གྱི་སྤྲིན་གྱི་ཕོ་ཉ། སྙན་ངག་མེ་ལོང་མ་སོགས་སྙན་ངག་སྐོར་ནས་འཆད་འཁྲིད་གནང་ཡོད་པ་དང་། ཐེངས་འདིར་ཁོང་གློ་བུར་འདས་གྲོངས་སུ་སོང་བར་བོད་ནང་གི་ཤེས་ཡོན་པའི་སྡེ་ནས་གླེང་སློང་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། སྐད་འཕྲིན་དྲ་ལམ་སོགས་སུ་ཁོང་ལ་མྱ་ངན་ཞུ་བཞིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

༢༠༢༣/༠༦/༠༨
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༣/༠༦/༠༨
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

༢༠༢༣/༠༦/༠༨
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist