མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་ཕོ་མོ་གཉིས་ཀར་བཙན་གྱིས་སྐྱེ་རྒྱུད་འགོག་གི་འདུག

བོད་ཀྱི་དུས་བབ།
༢༠༢༠/༠༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ཁུལ་དུ་བྱིས་པ་གསུམ་ལས་མང་བ་སྐྱེ་མི་ཆོག་སྐོར་བརྗོད་དེ་བཙན་གྱིས་སྐྱེས་པ་མང་པོའི་སྐྱེ་རྒྱུད་རྩ་ཕྲན་གཅོད་པ་དང་བུད་མེད་ཀྱི་བུ་སྣོད་ལེན་པ་སོགས་བྱེད་ཀྱི་ཡོད་འདུགའདི་ལོའི་ལོ་མགོ་ནས་རྒྱ་ནག་གཞུང་གིས་ཁུལ་དང་རྫོང་རིམ་པ་བརྒྱུད་དེ། བོད་ཀྱི་ས་ཁུལ་ཁག་ཅིག་ཏུ་བྱིས་པ་གསུམ་ལས་བརྒལ་བ་སྐྱེས་མི་ཆོག་པའི་སྲིད་བྱུས་འོག གྲོང་སྡེ་སོ་སོའི་ཕོ་མོ་ཚང་མ་སྐྱེ་འགོག་བྱ་འགུལ་དེའི་ནང་ཞུགས་དགོས་པ་མ་ཟད། བུད་མེད་ཚོའི་མཚན་མ་དང་དཔུང་ཤའི་ནང་བཙན་གྱིས་སྐྱེ་འགོག་ཧ་ཡང་ཞིག་འཇོག་གི་ཡོད་པ་དང་། སྐྱེས་པ་ཚོར་སྐྱེ་རྒྱུད་རྩ་ཕྲན་གཅོད་ཀྱི་ཡོད་འདུག

འདི་ག་དུས་བབ་ཀྱི་གསར་འགོད་པས་སྐྱེ་འགོག་བྱ་འགུལ་འགྲོ་བཞིན་པའི་ས་ཆ་ཁག་ཅིག་གི་འབྲེལ་ཡོད་ལ་སྐད་ཆ་དྲིས་ཏེ་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན་ནས་རྒྱ་ནག་གཞུང་གིས་བོད་ལི་ཐང་དང་ཉག་ཆུ་ཕྱོགས་ཀྱི་བོད་རིགས་བུད་མེད་བྱིས་པ་གསུམ་སྐྱེས་ཟིན་པ་ཚོར་སྐྱེ་སྒོ་འགོག་དགོས་སྐོར་བརྗོད་དེ། གྲོང་སྡེ་ཁག་གི་བུད་མེད་ཚོ་རྫོང་ལ་ཡོང་དགོས་པའི་བཙན་བཀའ་བཏང་ཡོད་པ་མ་ཟད།  སྐྱེ་སྒོ་འགོག་པར་མི་ཡོང་མཁན་ཚོར་རྒྱ་སྒོ་ ༡༦༠༠༠ གི་ཉེས་ཆད་དང་བྱིས་པ་གསུམ་ལས་མང་བ་སྐྱེས་ན་བྱིས་པ་དེ་རྒྱལ་ཁབ་ཀྱི་ཁྱིམ་ཐོའི་ནང་བཅུག་རྒྱུ་མིན་པའི་ཉེན་བརྡ་སོགས་གཏོང་བཞིན་ཡོད་འདུག   སྐྱེ་སྒོ་འགོག་པར་མི་འགྲོ་མཁན་ཚོར་ཡང་ནས་ཡང་དུ་བརྡ་བཏང་སྟེ་ཡོང་དགོས་པའི་བཙན་བཀའ་གཏོང་གི་ཡོད་པ་དང་། བུད་མེད་མང་པོས་སྐྱེ་འགོག་ཧ་ཡང་འཇོག་གི་མིན་ལ། རྗེས་ཕྱོགས་བྱིས་པ་ཡང་སྐྱེ་རྒྱུ་མིན་ཞེས་བརྗོད་ནའང་ཉན་འཇོག་བྱེད་ཀྱི་མེད་པ་མ་ཟད། བྱིས་པ་གསུམ་སྐྱེས་ཟིན་པའི་བུད་མེད་ཁེར་རྐྱང་དང་། ཐ་ན་ཟླ་མཚན་ཆད་ཟིན་པའི་བུད་མེད་རྒན་པ་མང་པོ་ཞིག་ལའང་སྐྱེ་འགོག་ཧ་ཡང་འཇོག་དགོས་པའི་བཙན་འདེད་བྱེད་ཀྱི་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས། བུད་མེད་ཚོའི་སྐྱེ་སྒོ་འགོག་ཐབས་དེ་དཔུང་པ་དང་མཚན་མ་སོགས་ཀྱི་ནང་ཧ་ཡང་ཞིག་འཇོག་བཞིན་ཡོད་པ་དང་། བུད་མེད་མང་པོ་ཞིག་གིས་ཧ་ཡང་དེ་ཡུན་རིང་བཞག་ན་མོ་ནད་རིགས་མང་པོ་ཞིག་ཡོང་བར་དོགས་ནས་སེམས་འཁྲལ་བྱེད་བཞིན་ཡོད་ཀྱང་། གཞུང་གི་འབྲེལ་ཡོད་མི་སྣས་ཧ་ཡང་དེ་དུས་ཚོད་དང་བསྟུན་ནས་བརྗེ་བོ་རྒྱག་ཆོག་སྐོར་བརྗོད་ནས་བཙན་གྱིས་འཇོག་བཞིན་ཡོད་སྐོར་དང་། གྲོང་སྡེ་ཞིག་ནས་བུད་མེད་ཅིག་གིས་སྐྱེ་འགོག་ཧ་ཡང་འཇོག་གི་མིན་ཞེས་བརྗོད་ནའང་སྨན་ཁང་གིས་བཙན་གྱིས་བཞག་པར་བརྟེན། བུད་མེད་དེ་དྲན་པ་འཐོར་སོང་བ་སོགས་བརྗོད་བྱུང་།

དེ་ལྟ་བུའི་གནས་ཚུལ་བོད་ཁུལ་གྱི་ས་ཕྱོགས་གཞན་གྱི་ནང་དུའང་ཡོང་བཞིན་ཡོད་པ་ལྟར།  འདི་ལོའི་ལོ་མགོ་ཚེས་ཙམ་ལ་བོད་གསེར་རྟ་ཕྱོགས་སུའང་བྱ་འགུལ་དེ་མགོ་བཙུགས་འདུག འདི་ག་དུས་བབ་ཀྱི་གསར་འགོད་པས་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་སུ་གནད་དོན་དེའི་སྐོར་དྲིས་པར་ཁོང་གིས། ཉེ་ཆར་ནས་བོད་ནང་དུ་གནས་ཚུལ་དེ་ལྟ་བུ་ཡ་ང་བ་ཞིག་འབྱུང་བཞིན་ཡོད་པ་དང་། བོད་ཀྱི་སྡེ་དམངས་ཕོ་མོ་མང་པོའི་སྐྱེ་རྒྱུད་སྤེལ་བྱེད་ཀྱི་རྩ་ཕྲན་གཅོད་པ་དང་བུད་མེད་ཀྱི་བུ་སྣོད་ལེན་པའམ་སྐྱེ་འགོག་ཧ་ཡང་འཇོག་པ། མཚན་འགུག་འཇོག་པ་སོགས་ཀྱི་བཀའ་རྒྱ་ཞིག་ཁུལ་དང་རྫོང་རིམ་པ་བརྒྱུད་ནས་བསྒྲགས་ཏེ། ད་ལྟ་གསེར་རྟ་རྫོང་མཆོད་རྟེན་ཡུལ་ཚོའི་ནང་ལག་བསྟར་བྱེད་བཞིན་ཡོད་པ་དང་། དེ་བཞིན་ཡུལ་ཚོ་དང་སྡེ་བ་གཞན་པའི་ནང་དུའང་ལས་འགུལ་དེ་སྤེལ་རྒྱུ་ཡིན་པའི་བཀའ་རྒྱ་འབྱོར་ཡོད་འདུག་ལ།  མཆོད་རྟེན་ཡུལ་ཚོ་ནས་རྒན་མོ་དང་རྒད་པོ་རེ་ཟུང་སྐྱེ་འགོག་ལ་རྐྱེན་བྱས་ཏེ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་གོ་རྒྱུ་ཡོད་སྐོར་བརྗོད་བྱུང་།

ཡང་ཁོང་གིས། ད་ལྟའི་ཆར་འབྲོག་པ་མང་པོ་རྫོང་སྨན་ཁང་དུ་སོང་ནས་སྐྱེ་རྒྱུད་གཅོད་བཞིན་ཡོད་པ་དང་། གལ་ཏེ་སྐྱེ་རྒྱུད་གཅོད་པའི་ཐབས་ཤེས་དེ་ལག་བསྟར་མ་བྱས་ན་ཉེས་ཆད་གཅོད་རྒྱུ་དང་། གནད་དོན་ཚབས་ཆེ་ན་བཙོན་ཁང་དུ་འགྲོ་དགོས་པ་སོགས་ཀྱི་འཇིགས་སྐུལ་དང་ཉེན་བརྡ་གཏོང་བཞིན་ཡོད་འདུག  སྤྱིར་བཏང་བོད་ལ་ས་རྒྱ་ཆེ་ཞིང་ཐོན་ཁོངས་མོད་པ། རང་ས་རང་ཡུལ་ན་ལས་ཀའི་རྣམ་གྲངས་མང་བ་སོགས་མི་འབོར་མང་དྲག་བའི་དཀའ་ངལ་ད་ལྟའི་བར་དུ་བྱུང་མྱོང་མེད་ལ། མ་འོངས་པར་ཡང་འབྱུང་ཉེན་གཏན་ནས་མེད་སྟབས། རྒྱ་གཞུང་གི་བྱ་འགུལ་འདི་རིགས་ཀྱིས་རང་ས་ནས་རང་རིགས་སྐྱེ་འཕེལ་བྱེད་པར་གནོད་སྐྱོན་ཚབས་ཆེན་བཟོ་བཞིན་ཡོད་པ་དང་། ལས་རྒྱུ་འབྲས་དང་དགེ་སྡིག་སྲུང་བའི་མི་རིགས་ཤིག་ལ་མཚོན་ན་ཆེས་མ་རུང་བ་ཞིག་ཀྱང་ཡིན་པ་རེད། ཅེས་བརྗོད་བྱུང་།

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༥ ལོའི་སྐབས་བཅོ་བརྒྱད་པའི་ཆབ་སྲིད་རྒྱུན་ལས་ལྷན་ཚོགས་ཐེངས་ལྔ་པ་ཟེར་བའི་སྟེང་། རྒྱ་ནག་གི་འཆར་ལྡན་བུ་སྐྱེས་ཀྱི་རྩ་བའི་སྲིད་བྱུས་མུ་མཐུད་རྒྱུན་སྐྱོང་བྱ་རྒྱུ་དང་། མི་འབོར་འཕེལ་རྒྱས་ཀྱི་ཐབས་ཇུས་ལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་མཉམ་དུ་ཕྲུ་གུ་གཉིས་རེ་སྐྱེས་ཆོག་པའི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་ཟེར་གྱི་ཡོད་ནའང་། བོད་ཁུལ་དུ་སྔར་བཞིན་རྒྱ་ནག་གཞུང་གིས་འཆར་ལྡན་བུ་སྐྱེས་ཀྱི་མིང་བསྒྱུར་བ་ཙམ་ལས་སྐྱེས་རྒྱུད་གཅོད་པའི་བྱ་འགུལ་དེ་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་སྤེལ་བཞིན་ཡོད་པ་དང་། དེ་སྔོན་རྒྱ་ནག་གཞུང་གིས་འཆར་ལྡན་བུ་སྐྱེས་ཀྱི་ལས་འགུལ་དེ་བོད་ཁུལ་གཙོ་བོར་གྱུར་བའི་གྲངས་ཉུང་མི་རིགས་ཁག་ནང་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་ཀྱི་ཐོག་ནས་སྤེལ་ཡོད་སྐོར་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་སྐྱོན་བརྗོད་བྱས་ཡོད་པ་རེད།

འདས་པའི་ལོ་ ༣༠ ལྷག་གི་ཡར་སྔོན་ནས་རྒྱ་ནག་གཞུང་གིས་འཆར་ལྡན་བུ་སྐྱེས་ཁྲོད་ཕྲུ་གུ་གཅིག་གི་སྲིད་བྱུས་ལག་བསྟར་བྱས་ཏེ་ཕྱི་ནང་གཉིས་ནས་སྐྱོན་བརྗོད་མང་པོ་བྱས་ཡོད་པ་མ་ཟད། རྒྱ་ནག་ནང་མིའི་སྐྱེ་འཕེལ་དོ་མ་སྙོམ་པར་རྒས་མང་གཞོན་ཉུང་ཅན་དང་། སྤྱི་ཚོགས་ཀྱི་དགོས་མཁོ་ཧ་ཅང་ཤུགས་ཆེ་ཡང་ངལ་རྩོལ་བའི་ནུས་ཁོངས་ཇེ་ཞན་དུ་ཕྱིན་པ་སོགས་ཀྱི་དཀའ་ངལ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་སྟབས། སྔར་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་བྱུང་བ་མ་ཟད། ཕྲུ་གུ་བཙའ་རྒྱུ་དེ་ཁྱིམ་ཚང་གི་དོན་དག་དང་རྒྱལ་ཁབ་ཀྱི་གནད་དོན་ཡིན་ཞེས་ཕྲུ་གུ་མང་ཙམ་བཙའ་དགོས་པའི་སྐུལ་མ་བཏང་ཡོད་པར་བསྒྲགས་ཀྱང་། གནད་དོན་དབྱེ་ཞིབ་པ་མང་པོས་རྒྱ་ནག་གཞུང་གིས་འཆར་ལྡན་བུ་སྐྱེས་ཀྱི་བྱ་འགུལ་ཡུན་རིང་སྤེལ་ཏེ། མི་འབོར་དོ་མི་སྙོམ་པའི་གནས་སུ་ལྷུང་ཡོད་པས་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་བྱུས་དེས་ཀྱང་རྒྱ་ནག་གི་ད་ལྟའི་གནས་སྟངས་ལ་ནུས་པ་འཐོན་ཐབས་མེད་སྐོར་བརྗོད་བཞིན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

ཆུ་ཚོད་ ༢༡ སྔོན་ལ།
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠
Mobile App

རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག

༢༠༢༦/༠༩/༠༩
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཐེངས་ ༢༤ པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

 བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་གིས་ཚོགས་ཆེན་འཚོགས།

༢༠༢༦/༠༩/༠༩
Mobile App

རྒྱ་ནག་གི་དྲ་ལམ་དུ་མངོན་པའི་གཞོན་སྐྱེས་ལས་ཤོར་བའི་དཀའ་ངལ།

༢༠༢༦/༠༩/༠༨

མཆན། 0

  1. བསོད་ནམས་རྒྱལ་མཚན། says:
    ལོ་ 7 སྔོན།

    རྒྱ་དམར་གྱི་ སྐྱེ་འགོག ? ལྷོད་ལྷོད་བྱེད་ཐུགས་བསམ་གནན་པོ་ཞིག་ ཞེས་དང་། སྔ་མོ་ 1959 བཙལ་བྱོལ་དང་པོའི་སྐབས་ ཕ་མ་ཚོ་ དེང་དུས་ཀྱི་ཤེས་ཡོན་ནི་མེད། དཔལ་འབྱོར་ཡང་མེད། འོ་འདིའི་སྐབས་ཕ་མ་ཚོ་ ཕྲུ་གུ་ ༡༠ ༡༡ ༡༢ ༡༣ ༡༤ ཡོད། དུས་དེང་སང་ རང་དབང་ལུང་པའི་ནང་ ༧གོང་ས་མཆོག་གིས་བཀའ་དྲིན་ལ་ ཕ་མ་སློབ་གྲྭ་འགྲོ་མ་མྱོང་མཁན་ཧ་ལམ་མེད་ཟེར་ན་ བཤད་མ་མཆོག་པ་མེད། དེང་སང་དཔལ་འབྱོར་ཡང་ཡར་རྒྱས་ཕྱིན་ཡོད་ཟེར་གྱི་ཡོད། སློབ་གྲྭ་ནི་ fees སྤྲོད་མི་དགོས་པ་ C.S.T, CBSE ཡིན་པ་ སློབ་སྦྱོང་བྱེད་ས་ཡང་ཡོད། ད་དུང་ ཕ་མ་གླན་ལྐུག་ཟེར་ན་ པང་ཀོ་སྐུ་དྲག་དོན་ནས་ ངས་བུ་ དབྱིན་ཇི་སློབ་གྲྭ་བཏང་ཡོད་ཟེར་ནས་ ངོམ་གསོ་རྒྱག་རེ་བརྩིས་ཀྱི་ཡོད། ཕྲུ་གུ་ ༢ དང་ ༣ ལས་ལྷག་པ་འཇོན་གྱི་མེད་པ། ད་དུང་བོད་ལ་ རྒྱ་དམར་གྱི་ བོད་ཡིག དམ་དྲག་བྱེད་བཞིན་འདུག་ཟེར་ནས་ སྐྱོན་བརྗོད་བྱེད་བཞིན་ཡོད། དེ་པ་རང་དབང་ལུང་པའི་ནང་ མི་སྐྱ་ཕོ་མོ་ཚང་མ་ ༡༠༠ % ཐམ་པ་ བོད་ཡིག་བེད་སྤྱོད་བྱེད་ཀྱི་ཡོད་རེད་པས་ དེ་པ་རང་དབང་ལུང་པའི་ནང་ བོད་ཡིག་བེད་སྤྱོད་བྱེད་མཁན་ གྲྭ་པ་དང་ཨ་ནེ་ཚོ་ཡིན་པ་འདྲ་པོ་རེད་པ། ༧གོང་ས་མཆོག་ནས་ ག་དུས་ཡིན་ན་ བོད་རིགས་གཞོན་སྐྱེས་ཚོ་ལ་ ཁྱེད་རང་ཚོ་བོད་ཡིག་ལ་དོ་སྣང་ངས་པར་དུ་བྱེད་ཡ་འགལ་ཆེན་པོ་རེད་ད་གསུངས་དུས་ གཞོན་སྐྱེས་ཚོ་ངོ་འདྲ་ཚ་ཡ་མིན་འདུག་གས་ ངོ་ཐོག་བྱེད་ན་འདི་བརྗོད་མི་དགོས་པ་རེད་པ། བོད་རྒྱལ་ཁབ་ལ་ཤ་ཞེན་མེད་པས་རྟགས་རེད་པ། གཉིས་ནས་ ༧གོང་ས་མཆོག་གཉམ་དུ་འདྲ་པར་སྐྱོན་ནས་ ཕྱི་རྒྱལ་ལ་ཚོང་ཟོག་བེད་སྤྱོད་བྱེད་ཡ་འདྲ་པོ་རེད་པ། སྤྱིད་ཐུས་ཚོགས་གཙོ་མཆོག་ནས་ གཞུང་ཞབས་ནང་བོད་ཡིག་གང་འདྲ་གནང་གི་ཡོད་མེད་ དེ་མ་ཚད་ བོད་དོན་ཐོག་ལས་འགུལ་ཞེ་པོ་བྱེད་ཀྱི་ཡོད་དོག་དོག་ བྱེད་མཁན་ གཞོན་ནུ བུ་མེད་ བོད་རང་བཙན་སློབ་ཕྲུག དམངས་གཙོ་ཚོགས་པ་ ཉམ་ཞིབ་ཚོགས་པ་ཟེར་མཁན་ཚོ་ལ་ བོད་ཡིག་གང་འདྲ་གནང་གི་ཡོད་མེད་ཞིབ་ཇུག་གནང་ཡ་གལ་ཆེ་བསམ།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 7 སྔོན།

    ཆོས་མེད་ཀླ་ཀློའི་སྤྱོད་ངན་སྟེང་ཁྱབ།
    ཆོས་མེད་ཀླ་ཀློའི་དུག་རྩུབ་འཛམ་གླིང་ཁྱབ།
    ཆོས་མེད་ཀླ་ཀློའི་བྱ་ངན་སྤྱོད་ངན་ངོམས།
    ཆོས་མེད་ཀླ་ཀློ་དྲན་རྒྱུ་བསམ་རྒྱུ་མང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese