མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨོ་སི་ཊི་རེ་ཡའི་ནང་བོད་དོན་གསུང་བཤད་གནང་།

བོད་ཀྱི་དུས་བབ།
༢༠༢༠/༠༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་ཨོ་སི་ཊི་རེ་ཡའི་ཨིན་སི་བྷི་རག་གཙུག་ལག་སློབ་ཆེན་གྱི་དགེ་ལས་སློབ་པྲུག་ཚོར་བོད་དོན་སྐོར་ལ་གསུང་བཤད་གནང་འདུགཁ་སང་ཡུ་རོབ་རྒྱལ་ཁབ་ཨོ་སི་ཊི་རེ་ཡའི་ཨིན་སི་བྷི་རག་གཙུག་ལག་སློབ་གྲྭ་ཆེན་མོའི་(university of Innsbruck)དགུན་དུས་ཀྱི་འཛིན་གྲྭ་མགོ་འཛུགས་ཀྱི་མཛད་སྒོའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གདན་འདྲེན་ཞུས་ཏེ། སློབ་ཆེན་དེའི་དགེ་ལས་སློབ་ཕྲུག་ཚོར་དབུ་མའི་ལམ་དང་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་ནས་དབུ་མའི་ལམ་ནི་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་འབེབ་གནང་ཞིང་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་ལངས་ཕྱོགས་ཤིག་ཡིན་ནའང་། རྒྱ་ནག་གཞུང་གིས་སོ་སོའི་རྩ་ཁྲིམས་ཀྱི་དགོངས་དོན་གཞིར་བཞག་གི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ལ་བརྩི་འཇོག་བྱེད་ཀྱི་མེད་པ་མ་ཟད། བོད་མི་གྲངས་ཉུང་མི་རིགས་ཡིན་པས་གཞི་རྩའི་ཐོབ་ཐོང་སོགས་ལ་ཆ་འཇོག་གང་ཡང་བྱེད་ཀྱི་མེད་སྐོར་སོགས་གསུངས་ཡོད་པ་རེད།

བོད་ནང་བོད་སྐད་ཡིག་སྦྱོང་བའི་ཐོབ་ཐང་མེད་པའི་སྐོར་ལ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། རྒྱ་ནག་གཞུང་ནས་རྒྱ་ཡིག་དང་བོད་ཡིག་བཀོལ་སྤྱོད་སྐོར་ལ་སོ་སོས་གཏན་འབེབ་བྱས་པའི་སྐད་གཉིས་སྨྲ་བའི་སྲིད་བྱུས་ལག་བསྟར་བྱེད་ཀྱི་མེད། དེའི་མིག་དཔེ་ཞིག་ནི་བོད་ཀྱི་སྐད་ཡིག་ཐོབ་ཐང་བརྩོན་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནས་སྟངས་ལྟ་བུ་ཆགས་ཡོད། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས། རྒྱ་ནག་གི་བཅའ་ཁྲིམས་ནང་གསལ་ལྟར། ཁོའི་ཕ་ཡུལ་དུ་བོད་ཡིག་སློབ་གྲྭ་ཞིག་འཛུགས་དགོས་པའི་འབོད་སྐུལ་གནང་བ་དེར། ཨ་རིའི་ནེའུ་ཡོག་དུས་བབ་ཀྱི་བརྙན་བླངས་ཏེ་པི་ཅིན་བར་སོང་སྟེ་སྐད་ཡིག་གི་ཐོབ་ཐང་བརྩད་ཡོད་ཀྱང་། ཁོང་ལ་དྲང་བདེན་གྱི་ཐག་གཅོད་ཡོང་རྒྱུའི་ཚབ་ཏུ། ཁ་བྲལ་གྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་བཙོན་འཇུག་བྱས་ཡོད། མི་ཞིག་གི་སྐད་ཡིག་རྩ་གཏོར་བྱེད་པ་ནི་མི་དེའི་ངོ་བོ་རྩ་གཏོར་བྱེད་བཞིན་ཡོད་པ་རེད། ཅེས་གསུངས་འདུགབོད་མིའི་སྒྲིག་འཛུགས་ནས་སློབ་གསོའི་སྲིད་བྱུས་ཐོག་ཐབས་ལམ་སྣ་ཚོགས་བཏོན་པ་བརྒྱུད་བོད་ཀྱི་སྐད་ཡིག་རིག་གཞུང་མི་ཉམས་རྒྱུན་འཛིན་དང་གོང་འཕེལ་གཏོང་གི་ཡོད་པའི་སྐོར་ལ་སྲིད་སྐྱོང་མཆོག་གིས། བོད་མིའི་སྒྲིག་འཛུགས་ནི་འཛམ་གླིང་ནང་ཕྱི་གསལ་ནང་གསལ་དང་ལས་དོན་ཧ་ཅང་ཚགས་ཚུད་འགྲོ་ཡི་ཡོད་པའི་སྒྲིག་འཛུགས་ཤིག་ཡིན། བོད་མིའི་སྒྲིག་འཛུགས་ཀྱི་རྩ་འཛིན་དམིགས་འབེན་ནི་ཞི་བའི་ལམ་ནས་བོད་དོན་སེལ་ཐབས་དང་། བོད་ཀྱི་རྩ་དོན་མ་འགྲུབ་བར་དུ་བོད་མིའི་བདེ་རྩར་གྱུར་བའི་བོད་ཀྱི་སྐད་ཡིག་རིག་གཞུང་དང་ངོ་བོ་སོགས་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་དང་། ནམ་ཞིག་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་ཐོབ་ཚེ། ང་ཚོའི་དམིགས་ཡུལ་ནི་བོད་ནང་རང་དབང་སླར་གསོ་བྱས་ཏེ། བོད་མིར་ཐོབ་ཐང་དང་རང་སྐྱོང་གི་སྒྲིག་འཛུགས་ཤིག་ཡོད་པ་བྱ་རྒྱུ་དེ་ཡིན། ཞེས་གསུངས།

ཡང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྟེང་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་ཁྲིམས་ཁག་ལ་ཐེ་གཏོགས་བྱེད་བཞིན་ཡོད་པའི་སྐོར་ལ་ཁོང་གིས། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དངུལ་ཁང་ནས་བུ་ལོན་ཐེར་འབུམ་མང་པོ་བླངས་པ་བརྒྱུད་རྒྱ་ནག་གི་དཔལ་འབྱོར་མུ་མཐུད་འཕེལ་རྒྱས་འགྲོ་རྒྱུ་ཡིན་མོད། རྒྱ་ནག་གི་བུ་ལོན་དེ་དག་བེད་སྤྱད་དེ་མཉམ་འབྲེལ་རྒྱལ་ཚོགས་ལ་དངུལ་གྱི་ཞལ་འདེབས་བརྒྱབ་སྟེ། རྒྱལ་ཚོགས་ནས་འཕེལ་རྒྱས་ཀྱི་ཐོབ་ཐང་ནི་ཐོབ་ཐང་ཀུན་ལས་ལྷག་གི་གཙུག་ཆེན་དུ་ངོས་འཛིན་དགོས་པར་གནོན་ཤུགས་སྤྲོད་ཀྱི་ཡོད། གནད་དོན་འདིའི་ཐོག་ནས་རྒྱ་ནག་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་ཁྲིམས་ལ་གཏོར་བརླག་དང་འགྲོ་བ་མིའི་ཐོབ་ཐང་གི་སྙིང་བོར་འགྱུར་བ་གཏོང་གི་ཡོད་པ་རེད། ཅེས་སོགས་གསུངས་འདུགཕྱི་ཚེས་༡༥ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཨོ་སི་ཊི་རེ་ཡའི་རྒྱལ་ས་ཝི་ཡ་ནའི་ Vienna གནམ་ཐང་དུ་ཕེབས་འབྱོར་གནང་སྐབས། སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་། ཨོ་སི་ཊི་རི་ཡ་བོད་རིགས་ཚོགས་པའི་ཚོགས་གཙོ་ཚེ་རིང་རྣམ་རྒྱལ་ལགས། བོད་སྐྱོབ་ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཀེ་ཐི་རིན(Kathrin Muellner) ལགས་སོགས་ཚོགས་པ་ཁག་གི་རྒྱུན་ལས་རྣམ་པ་དང་། ས་གནས་བོད་མི་བཅས་ནས་ཕེབས་བསུ་ཞུས་ཡོད་པ་དང་། སྲིད་སྐྱོང་མཆོག་ནས་འདས་པའི་ལོ་ངོ་ ༩ རིང་བོད་དོན་དང་བོད་མིའི་སླད་སྐུ་ལས་བསྐྱོན་པ་དང་། སྲིད་སྐྱོང་མཆོག་གི་དབུ་འཁྲིད་ལམ་སྟོན་འོག བོད་པའི་སྤྱི་ཚོགས་ཁྲོད་སྨན་བཅོས་ལྟ་སྐྱོང་ལས་གཞི་དང་། སློབ་ཡོན། དེ་བཞིན། བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་དང་བོད་ནས་གསར་དུ་འབྱོར་བ་རྣམས་ལ་མཐུན་འགྱུར། ལྔ་དང་ལྔ་བཅུའི་འཆར་སྣང་སོགས་ལས་གཞི་མང་དག་ཅིག་ལག་བསྟར་གནང་དང་གནང་བཞིན་ཡོད་པར་ཆེ་བསྟོད་སླད། ཨོ་སི་ཊི་རེ་ཡར་གནས་སྡོད་བོད་མི་རྣམས་ནས་སྲིད་སྐྱོང་མཆོག་ལ་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་ཡོད་པ་རེད།

སྐབས་དེར་སྲིད་སྐྱོང་མཆོག་གིས། ཨོ་སི་ཊི་རེ་ཡར་གནས་སྡོད་བོད་མི་རྣམས་ནས་བོད་ཀྱི་ཐུན་མིན་རིག་གཞུང་སོགས་བདག་གཅེས་ཉར་ཚགས་བྱེད་བཞིན་ཡོད་པ་མ་ཟད། བོད་ཀྱི་རྩ་དོན་ཐོག་ལས་འགུལ་སོགས་སྤེལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༡༡ ལོར་བོད་མི་མང་ནས་ང་སྲིད་སྐྱོང་དུ་བདམས་གནང་བ་ནས་བཟུང་ད་བར་འདས་པའི་ལོ་བརྒྱད་དམ་དགུའི་རིང་ངས་བོད་དོན་དང་བོད་མིའི་སླད་ཞབས་འདེགས་ཧུར་ཐག་ཞུ་ཐུབ་པ་བྱུང་བ་ནི། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། ཕྲན་རང་ཉིད་ཀྱི་ཕ་མ། དེ་བཞིན་བོད་རྒྱ་ཆེ་མི་མང་གི་རྒྱབ་སྐྱོར་དང་མཐུན་འགྱུར་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྟབས། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།ཡང་རང་དབང་ལུང་པར་གནས་པའི་བོད་མི་རྣམས་ནས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་རྒྱུ་དང་བོད་དོན་རྒྱབ་སྐྱོར་འཚོལ་བར་འབད་བརྩོད་ཞུ་རྒྱུ་གལ་ཆེན་ཡིན་སྐོར་ལ་སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག བོད་ནང་གི་བོད་མི་རྣམས་ཀྱིས་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་སྟབས། རང་དབང་ལུང་པར་ཡོད་པའི་བོད་མི་རྣམས་ནས་འགན་ཁུར་བཞེས་པའི་ཐོག་ནས་བོད་དོན་ལས་འགུལ་སྔར་ལྷག་སྤེལ་ཏེ་རྒྱལ་སྤྱིའི་སྟེང་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་ཡོང་རྒྱུར་འབད་བརྩོད་བྱ་དགོས་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རྒྱལ་སྤྱིའི་ཚོགས་པ་ཁག་ནས་བོད་དོན་དང་བོད་མིར་རྒྱུན་དུ་ལྷག་བསམ་ཟོལ་མེད་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བརྟེན་བོད་པ་ནི་འཛམ་གླིང་ནང་སྐྱབས་བཅོལ་བ་དྲག་ཤོས་ཤིག་ཆགས་ཡོད། ཅེས་སོགས་གསུངས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

༢༠༢༣/༠༦/༠༨
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༣/༠༦/༠༨
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

༢༠༢༣/༠༦/༠༨
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

མཆན། 0

  1. ངག་དབང་བྱང་ཆུབ་བུད་དབང་། says:
    ལོ་ 3 སྔོན།

    ཡོ་རོབ་རྒྱལ་ཁབ་ཨོ་སེ་ཊརའི་ནང་གནས་བཞུགས་རང་རིགས་མི་མང་ལྷན་རྒྱས་ནས། བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱིས་མང་མོས་འོས་ཐོབ་རྒྱལ་ཁ་ཕུལ་བའི་སྲིད་སྐྱོང་མཆོག་ན་མཛད་དོན་གང་སྤྱིར་འབད་སྩོལ་གནང་བ་ལེགས་རྟོགས་ཀྱི་ ད་ལམ་སྲིད་སྐྱོང་མཆོག་ལ་གཟེང་རྟགས་འབུལ་གནང་བ་དེར་རྗེས་སུ་ཡིད་རང་ཐོགས། ཐུགས་རྗེ་ཆེ་ལན་བརྒྱར་ཞུ། སུད་སིར་གནས་སྡོད་བོད་མི་ལོ་རྒན་ ༨༣ ཟིན་པ་ཞིག་ནས་གུས་པས་ཕུལ།།

    Reply
  2. བཀྲ་སྒྲོལ་མ། says:
    ལོ་ 3 སྔོན།

    སྲིད་སྐྱོང་མཆོག་ནས་འདས་པའི་ལོ་ངོ་ ༩ རིང་བོད་དོན་དང་བོད་མིའི་སླད་སྐུ་ལས་བསྐྱོན་པ་དང་། སྲིད་སྐྱོང་མཆོག་གི་དབུ་འཁྲིད་ལམ་སྟོན་འོག བོད་པའི་སྤྱི་ཚོགས་ཁྲོད་སྨན་བཅོས་ལྟ་སྐྱོང་ལས་གཞི་དང་། སློབ་ཡོན། དེ་བཞིན། བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་དང་བོད་ནས་གསར་དུ་འབྱོར་བ་རྣམས་ལ་མཐུན་འགྱུར། ལྔ་དང་ལྔ་བཅུའི་འཆར་སྣང་སོགས་ལས་གཞི་མང་དག་ཅིག་ལག་བསྟར་གནང་དང་གནང་བཞིན་ཡོད་པར་ཆེ་བསྟོད་སླད། ཨོ་སི་ཊི་རེ་ཡར་གནས་སྡོད་བོད་མི་རྣམས་ནས་སྲིད་སྐྱོང་མཆོག་ལ་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་ཡོད་པ་རེད།

    འོན་ཀྱང་མུན་ནག་བོད་པའི་སྤྱི་ཚོགས་འདི་འདྲའི་ནང་བཀའ་ཤག་ལ་ནག་ཉེས་མེད་ཡང་ནག་ཉེས་ཡོད་ཟེར་དགོངས་དག་ཞུས་ཡོད་པ།ནག་ཉེས་ངོས་ལེན་ཇི་ལྟར་བྱས་ཡོད་པ།དེ་འདྲའི་སྲིད་སྐྱོང་ཞིག་གི་བོད་དོན་ཁྱབ་བསྒྲགས་ཨེ།
    གང་ཞིག་རྒྱལ་ཁབ་ཞིག་དངོས་གནས་སྐྱོང་དགོས་ན།ངེས་པར་དུ་ཆོས་ཆོས་འཇིག་རྟེན་འཇིག་རྟེན་དབྱེ་བ་མ་འབྱེད་ན།དེ་སྲིད་དུ་རྒྱལ་ཁམས་སྐྱོང་མི་ཐུབ་པའོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist