མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཉིད་ནི་བྱིས་པའི་བདེ་ཐང་འཚར་ལོངས་ལ་མེད་ཐབས་མེད་པ་ཞིག་ཡིན།

བོད་ཀྱི་དུས་བབ།
༢༠༢༠/༠༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

སངས་རྒྱས་དཀོན་མཆོག

གཉིད་ཡག་པོ་ཞིག་ཁུག་རྒྱུ་ནི་ལུས་སེམས་བདེ་ཐང་དང་འཕྲོད་བསྟེན་ལ་འབྲེལ་བ་ཆེན་པོ་ཡོད་པ་ལྟར། གཉིད་སྐྱིད་པོ་ཁུག་པ་དང་གཉིད་འདང་ངེས་ཁུག་རྒྱུ་ནི་ལང་ཚོ་རྒན་དར་གཞོན་གསུམ་གྱི་མི་ཀུན་ལ་མེད་ཐབས་མེད་པ་ཞིག་ཡིན་པ་དང་། ལྷག་པར་དུ་བྱིས་པ་ཆུང་ཆུང་སྐབས་སུ་གཉིད་ཡག་པོ་དང་གཉིད་ཀྱི་སྤུས་ཚད་འདེང་ངེས་པ་ཞིག་ཁུག་རྒྱུ་ནི་བྱིས་པའི་བདེ་ཐང་གི་འཚར་ལོངས་ལ་མེད་དུ་མི་རུང་བ་ཞིག་ཡིན་པས། གཤམ་དུ་ང་ཚོས་བྱིས་པ་གཉིད་ཡག་པོ་ཁུག་ན་ཕན་ཁེ་ག་རེ་ཡོད་ཚན་རིག་རང་བཞིན་གྱི་གྲུབ་དོན་ཁག་ཅིག་ལ་ལྟ་དགོས།བྱིས་པའི་འཚར་ལོངས་དང་གཉིད།

བྱིས་པ་ཆུང་ཆུང་དུས་སྐབས་སུ་འཚར་ལོངས་ཀྱི་བརྒྱུད་རིམ་མང་ཆེ་བ་ཞིག་གཉིད་ཀྱི་ནང་ནས་ཡོང་གི་ཡོད་པ་དང་། རྒྱུ་མཚན་བྱིས་པ་གཉིད་ཁུག་སྐབས་སྐུལ་རྒྱུ་སྐྱེས་འཕེལ་ཚད་ཡག་པོ་ཡོང་གི་ཡོད་པ་དང་། ཨ་རིའི་རྒྱལ་ཡོངས་བྱིས་པའི་གཉིད་ཀྱི་འཕྲོད་བསྟེན་ཁང་གི་འགན་འཛིན་སྐུ་ཞབས་རྗོ་དྷེ་ཐི་ཨོན་སི(Judith Owens)ལགས་ཀྱིས། བྱིས་པ་བརྒྱ་ཆ་ ༩༠ ལྷག་གི་གཉིད་ཀྱི་འཕྲོད་བསྟེན་ལ་ཞིབ་འཇུག་བྱས་པ་ལྟར་ན། གཉིད་འདང་ངེས་ཁུག་ཐུབ་པའི་བྱིས་པ་ཚོའི་འཚར་ལོངས་དང་རིག་སྟོབས་དེ་གཉིད་ཡག་པོ་མི་ཁུག་པའི་བྱིས་པ་དང་ཁྱད་པར་ཆེན་པོ་ཡོད་སྐོར་བརྗོད་ཡོད་པ་དང་། གནད་དོན་དེ་ནི་གཉིད་ཡག་པོ་ཁུག་ཐུབ་པའི་བྱིས་པའི་སྐུལ་རྒྱའི་ཟག་རྫས་ཁྲག་རྫུན་གྱི་འཁོར་སྐྱོད་ཡག་པོ་ཡོང་གི་ཡོད་པར་བརྟེན། འཚར་ལོངས་ཀྱི་བརྒྱུད་རིམ་བདེ་ཐང་དང་ལུས་སེམས་ལ་ངལ་གསོ་ཡག་པོ་ཐེབས་བཞིན་ཡོད་པས་ཡིན་སྐོར་བརྗོད་ཡོད་པ་རེད།

གཉིད་ཀྱིས་བྱིས་པའི་སྙིང་ཁམས་བདེ་ཐང་ལ་ཕན།

བྱིས་པའི་འཚར་ལོངས་ནི་ཧ་ཅང་མྱུར་བོ་དང་ཡང་ན་ཧ་ཅང་ཉེན་ཁ་ཅན་ཞིག་ཡིན་པ་དང་། རྒྱུ་མཚན་བྱིས་པའི་ལུས་ཁམས་དང་ཁྲག་རྒྱུན་འཁོར་སྐྱོད་སོགས་སྙི་མོ་ཡིན་པ་མ་ཟད། འཚར་ལོངས་ཀྱི་བདེ་ཐང་ལ་གནོད་པའི་འཕྲོད་བསྟེན་ལ་གནད་དོན་ཤོར་བ་ཡིན་ན། བྱིས་པའི་དབང་བོ་དང་སྙིང་རྩ་སོགས་ལ་སྐྱོན་ཤོར་བའི་ཉེན་ཁ་ཡོད་པ་དང་། ཨ་ཊི་ལན་ཊ་(Atlanta)ནས་ཡིན་པའི་བྱིས་པའི་གཉིད་ཀྱི་ཆེད་མཁས་པ་སློབ་དཔོན་རྗ་ཧྥི་རཱསདྷོ་མཱར(Jeffrey Durmer)ལགས་ཀྱིས། གཉིད་ཀྱིས་བྱིས་པའི་སྙིང་ཁམས་ཀྱི་ཁྲག་རྩའི་རྩ་བུག(vascular)ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་མ་ཟད། སྐུལ་རྒྱུ་འཁོར་སྐྱོད་དང་སྙིང་ཁམས་འཕར་སྡིང་སྐབས་རྩ་ཆེན་གྱི་ཕྱི་ཤུན་(arterial wall)ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པས། གཉིད་ཡག་པོ་དང་འདང་ངེས་ཁུག་པ་དེས་བྱིས་པའི་འཚར་ལོངས་ལ་བདེ་ཐང་ཡོང་བ་མ་ཟད། བྱིས་པའི་ལུས་ཁམས་དངས་ཤིང་རྣམ་རིག་གསལ་བོ་ཡོད་པ་མ་ཟད། གཉིས་ཀྱི་བདེ་ཐང་འཚར་ལོངས་ཀྱིས་མ་འོངས་པའི་བྱིས་པའི་སྐྱེས་འཚར་གྱི་ལས་དབང་ཐག་གཅོད་བྱེད་སྐོར་བརྗོད་ཡོད་།

བྱིས་པའི་ཉིན་རེའི་གཉིད་ཀྱི་ཚད་ག་འདྲ་ཡིན་ནམ།

ཚན་རིག་ཆེད་མཁས་པ་ཚོས་ལོ་ན་མི་འདྲ་བའི་ཕྲུ་གུའི་ཉིན་གཅིག་གི་གཉིད་ཁུག་པའི་དུས་ཚོད་ཀྱང་མི་འདྲ་བར་བཤད་ཡོད་ལ། རྒྱུན་ལྡན་ལྟར་ན་ཕྲུ་གུ་གཉིད་ཁུག་པའི་དུས་ཚོད་ནི། སྐྱེས་མ་ཐག་པའི་བྱིས་པའི་ཉིན་རེའི་གཉིད་ཁུག་པའི་ཚད་ནི་ཆུ་ཚོད་ ༡༩ ནས་ ༢༠ བར་ཡིན་པ་དང་། ཟླ་བ་གཉིས་ལོན་པའི་བྱིས་པའི་གཉིད་ཁུག་ཚད་ཆུ་ཚོད་ ༡༦ ནས་ ༡༧ བར། ཟླ་བ་ ༤ ལོན་པའི་བྱིས་པ་ཆུ་ཚོད་ ༡༥ ནས་ ༡༤ བར་དང་། ཟླ་བ་ ༨ ལོན་པའི་བྱིས་པ་ཆུ་ཚོད་ ༡༤ ནས་ ༡༣། ལོ་གཅིག་ལོན་པའི་བྱིས་པ་དག་ཆུ་ཚོད་ ༡༣ ནས་ ༡༤ བར། ལོ་ན་གཉིས་ནས་གསུམ་ལོན་པའི་བྱིས་པ་ཆུ་ཚོད་ ༡༢ ནས་ ༡༣ བར་དང་། ལོ་བཞི་ནས་ལྔ་ལོན་པའི་བྱིས་པ་ཆུ་ཚོད་ ༡༡ ནས་ ༡༢ བར་བཅས་ཡིན་པ་དང་། སྤྱིར་བྱིས་པའི་གཉིད་ཀྱི་ཚད་གཞི་སྤྱི་ཡོངས་ཀྱི་ཉམས་ཞིབ་གྲུབ་དོན་ཙམ་ལས། བྱིས་པ་ཚང་མ་ཚད་གཞི་དེ་ལྟར་གཉིད་དགོས་པའི་ངེས་པ་མེད་པ་མ་ཟད། དེ་ལྟར་གཉིད་ཐུབ་མཁན་དང་དེ་ལས་ཡན་གཉིད་ཐུབ་མཁན་སོགས་ཡོད་པ་དང་། དེ་དག་ཚང་མ་བྱིས་པའི་ཁོར་ཡུག་དང་གནམ་གཤིས་དུས་ཚོད་སོགས་མང་པོ་ཞིག་དང་འབྲེལ་བ་ཡོད་པ་རེད།

གཉིད་ཁུག་པའི་གོམས་གཤིས་ག་འདྲ་འཇོག་དགོས། 

བྱིས་པ་ཆུང་ཆུང་ཡིན་སྐབས་འོ་མ་སྤྲོད་སྐབས་དུས་ཚོད་གཏན་ཁེལ་བཟོ་བ་དང་། བྱིས་པ་ཟ་མ་ཟ་ཐུབ་མཁན་ཚད་ལ་ཉིན་རྒྱུན་གཉིད་ཁུག་པའི་དུས་ཚོད་གཏན་འཁེལ་གྱིས་གཉིད་ཁུག་བཅུག་པ། ནམ་རྒྱུ་ལྟར་ན་གསར་དུ་བཙས་པའི་བྱིས་པར་ཆུ་ཚོད་ ༢ རེའི་མཚམས་སུ་འོ་མ་ལྡུད་དགོས་པ་དང་། བྱིས་པའི་ཟླ་རེའི་འཚར་ལོངས་དང་བསྟུན་རིམ་བཞིན་མཚན་མོར་འོ་མ་ལྡུད་པའི་ཚད་ཇེ་ཉུང་དུ་གཏོང་དགོས་པ་མ་ཟད། བྱིས་པའི་འཚར་ལོངས་ཚད་གཞི་ངེས་ཅན་དུ་བསླེབས་པ་དང་ཆུ་ཚོད་ ༤ ནས་ ༥ བར་ལ་ཐེངས་གཅིག་ལྡུད་ན་འགྲིག་པ་དང་། དེ་ལྟར་བྱས་ན་བྱིས་པ་གཉིད་ཁུག་པའི་དུས་ཡུན་ཇེ་རིང་དང་གཉིད་ལས་དཀྲོག་མི་དགོས་པར་གཉིིད་གཏིང་ཟབ་ཁུག་ཐུབ་པ་དང་། ལྷག་པར་དུ་ཉིན་མོ་ནི་བྱིས་པའི་གཉིད་ལས་གལ་ཆེ་བ་ཞིག་དང་སྐབས་དེའི་གཉིད་ཁུག་སྐབས་འཚར་ལོངས་སོགས་མཚན་མོ་ལས་ལྡབ་གསུམ་ལྷག་གིས་ཆེ་བ་ཡོད་པས། ཉིན་མོ་བྱིས་པ་གཉིད་ཁུག་སྐབས་ཅ་ཅོ་དང་འདུ་འཛི་འུར་ཟིང་རིགས་མེད་པ་དང་། གྱོན་ཆས་དང་ཉལ་ཐུལ་རིགས་འཛམ་པོ་དང་དྲོད་ཚད་མཉམ་པར་བྱས་ན་བྱིས་པ་གཉིད་སྐྱིད་པོ་དང་གཏིང་ཟབ་ཁུག་ཐུབ་པ་མ་ཟད། གཉིད་ག་ཚོད་སྐྱིད་པོ་བྱུང་ན་དེ་ཚོད་ཀྱིས་བྱིས་པ་གཉིད་གཏིང་རིང་བོ་དང་གཉིད་ཀྱི་གོམས་གཤིས་ཡག་པོ་འཇོག་ཐུབ་པ་རེད།

བྱིས་པའི་གཉིད་ལ་བདེ་ཐང་སྐྲུན་ཐབས།

བྱིས་པ་གཉིད་ཁུག་སྐབས་ཁྱིམ་ཀྱི་དྲོད་ཚད་རན་པ་དང་ཁང་པའི་སྒེའུ་ཡོལ་སོགས་འོས་འཚམས་ཀྱིས་དཀར་ཆ་དང་མུན་ནག་གི་ཕྱོགས་གཉིས་སུ་མི་ལྷུང་པ། ཉིན་མཚན་གཉིས་གར་ཁང་པའི་ནང་དྲི་མ་གང་བྱུང་ཁྱབ་མི་འཇུག་པ་དང་། ཉལ་ཁ་ཁང་པའི་ནང་གི་ཟས་རིགས་དང་སྣོད་ཆས་སོགས་གད་སྙིགས་རིགས་གཙང་མ་བཟོས་ཏེ། མི་གཙང་བའི་དྲི་མ་མེད་པ་གཏོང་བ་དང་ཉལ་གོས་བརྗེ་བ་དང་གློག་འོད་གཟིམ་ནས་གཉིད་པ་སོགས་བྱེད་དགོས། དེ་བཞིན་བྱིས་པ་གཉིད་ཁུག་པའི་སྐབས་སུ་གཉིད་མི་སྐྱིད་པ་དང་རྨི་ལམ་འཁྲུག་པ་སོགས་སྣང་ཚུལ་གང་བྱུང་མི་འབྱུང་བའི་ཆེད། བྱིས་པ་ཉལ་སྟངས་ལ་ཞིབ་མོར་གཟིགས་ནས་བྱིས་པའི་གཟུགས་པོ་འཁྱོག་པ་དང་། ལག་པ་དང་རྐང་པ་གང་རུང་སྟེང་གཟུགས་པོའི་ལྗིད་ཤུགས་ཚང་མ་མི་འཁེལ་བ། སྔས་མགོའི་མཐོ་དམའ་མཉམ་པ་དང་མགོ་དང་སྐེ་སོགས་དཀྱིས་ནས་མེད་པར་དབུགས་ཀྱི་གཏོང་ལེན་སྟབས་བདེ་བ་སོགས་ཀྱི་ཆ་རྐྱེན་སྐྲུན་ཐུབ་ན། བྱིས་པའི་གཉིད་ཀྱི་བདེ་ཐང་ལ་ཕན་ཐོགས་ཆེན་པོ་ཡོད།

བྱིས་པ་གཉིད་འདང་ངེས་མ་བྱུང་བའི་གནད་དོན་ག་འདྲ་ཤེས་ཐུབ།

བྱིས་པའི་གཉིད་ཚད་ཀྱི་དུས་ཚོད་གོ་རིམ་ནི་བྱིས་པ་ཚང་མར་གཅིག་གྱུར་གྱིས་ཡོང་ཐབས་མེད་ན་ཡང་། ཕ་མ་ཚོས་སེམས་འཁྲལ་རིགས་བྱེད་མི་དགོས་པར་རྒྱུན་ལྡན་གྱི་བྱིས་པའི་གཤིས་སྤྱོད་ལས་བྱིས་པ་བདེ་ཐང་ཡིན་མིན་ལ་བརྟག་དཔྱད་བྱེད་ཐུབ་པ་རེད། དེ་ནི་བྱིས་པའི་རྣམ་རིག་གསལ་མིན་དང་བཟའ་ཚད་དང་འོ་མ་འཐུང་ཚད་སྔར་བཞིན་ཡིན་མིན། ལུས་པོའི་འཚར་ལོངས་རྒྱུན་ལྡན་ལྟར་ཡིན་མིན། བྱིས་པར་འཆམ་ནད་དང་ན་ཚ་རིགས་བྱུང་གི་ཡོད་མེད་སོགས་ནས་བརྟག་དགོས་པ་དང་། རྒྱུན་ལྡན་ལྟར་གཉིད་ཁུག་ཚད་འདང་ངེས་ཡིན་པའི་བྱིས་པ་ཚོ་ནམ་རྒྱུན་ཞོགས་པ་རང་འགུལ་གྱིས་གཉིད་ལས་སད་པ་མ་ཟད་གཉིད་སད་པ་དང་ངུ་སྐད་མི་རྒྱག་པ་དང་། བློ་རིག་གསལ་ཞིང་ཉིན་གང་བོར་གྲུང་ཤ་དོད་པོ་ཡིན་པ། མཐའ་འཁོར་གྱི་བྱ་དངོས་ལ་སྤྲོ་སྣང་དང་དགའ་ཞེན་ཡོད་པ། ཟ་འཐུང་གི་ཡི་ག་བཟང་བ། ཁོང་ཁྲོ་དང་ངུ་ངག་མེད་པར་གཟུགས་པོའི་འཚར་ལོངས་རྒྱུན་ལྡན་ལྟར་ཡིན་པ་རེད།

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༩ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༡༠ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༡༡ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese