མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ལ་ཐེ་གཏོགས་བྱ་རྒྱུར་ཡིད་གཟབ་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༢༠/༠༣/༠༡
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་བརྩམས།

ཡོན་ཏན་རྒྱ་མཚོས་བསྒྱུར།

རྒྱ་ནག་གི་འོག་ཏུ་གནས་པའི་བོད་ཀྱི་ལོ་རྒྱུས་ནི་སྡུག་བསྔལ་དང་བཙན་གནོན་ཡིན། ༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ ༡༩༦༢ ལོར་རྒྱ་ནག་གི་དཔོན་རིགས་ལ་གནང་པའི་ཡིག་འབྲུ་ཁྲི་བདུན་ཅན་གྱི་སྙན་ཞུ་ལྟར་ན། བོད་ཤར་ཕྱོགས་ཁུལ་གྱི་བོད་ཀྱི་དགོན་སྡེ་དང་རིག་གཞུང་ལྟེ་གནས་ཁང་བརྒྱ་ཆ་དགུ་བཅུ་ཡན་གཏོར་བཤིག་བཏང་པ་དང་།  གྲྭ་བཙུན་རྣམས་བཙན་དབང་གིས་སྐྱ་སར་ཕབ་ཏེ་ངལ་རྩོལ་ཤུགས་ལས་བྱེད་དུ་བཅུག་ཡོད། གནད་དོན་དེ་ནི་ཆེས་གཏོར་སྐྱོན་ཆེ་བའི་རིག་གནས་གསར་རྗེའི་གོང་ལ་བྱུང་བ་ཞིག་ཡིན་པ་དང་།  རིག་གནས་གསར་རྗེའི་དུས་ཡུན་ནང་བོད་ས་ཁུལ་གྱི་དགོན་སྡེ་ཕལ་མོ་ཆེ་གཏོར་བཤིག་བཏང་པ་དང་།   རྩ་ཆེའི་ནང་བསྟན་གསུང་རབ་རྣམས་མེར་བསྲེགས་བཏང་པ།   རིན་ཐང་བྲལ་བའི་སྐུ་འདྲ་རྣམས་བཞུ་སྦྱོང་ངམ་ཡང་ན་ནག་ཚོང་ཁྲོམ་རའི་ནང་མཁོ་ཚོང་ཆེད་རྒྱ་ནག་ཏུ་དབོར་འདྲེན་སོགས་བྱས་ཡོད།  བོད་ཀྱི་འབྲོག་སྡེ་ཁག་བཙན་གྱིས་གནས་སྤོ་གཏོང་བ་དང་འཛེམས་མེད་ཐོག་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བའི་བྱ་སྤྱོད་ནི་མུ་མཐུད་སྤེལ་བཞིན་ཡོད་སྟབས་འཛམ་གླིང་གི་སྣེ་གསུམ་པར་གྲགས་པའི་བོད་དེ་ད་ཆ་དམག་དཔུང་གིས་བསྐོར་བའི་བཙན་བཟུང་ནང་ཚུད་ཡོད།

བོད་དེ་བཙན་དབང་བྱས་པ་ནས་བཟུང་། རྒྱ་ནག་དམར་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། འཚོ་བ་སྐྱེལ་སྟངས་སོགས་ལ་གཏོར་སྐྱོན་གཏོང་བའི་བྱ་སྤྱོད་དེ་ནམ་ཡང་མཚམས་འཇོག་བྱེད་མྱོང་མེད།   རྩ་བའི་བོད་ཀྱི་དངོས་ལུགས་གཏོར་བརླག་གཏོང་བའི་བྱ་སྤྱོད་དེ་རིག་གནས་གསར་བརྗེ་དང་མཉམ་དུ་གང་ཙམ་གྱིས་མཚམས་འཇོག་བྱས་ཡོད་ཀྱང་།     པེ་ཅིང་སྲིད་གཞུང་གི་དམར་ཤོག་ཚོགས་པས་དགོན་སྡེར་སིམ་འཇུལ་གྱིས་བོད་ཀྱི་ཆོས་ལུགས་གནད་དོན་གྱི་ཐག་གཅོད་བྱེད་ཕྱོགས་ཚང་མར་ཐེ་བྱུས་བྱེད་པ་ལ་སོགས་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད།      བསམ་བློའི་སློབ་གསོ་དང་དམར་ཤོག་ཚོགས་པར་སྲི་ཞུ་སྒྲུབ་རྒྱུ་དེ་ཆོས་ཕྱོགས་ཀྱི་བྱ་བར་གཞོལ་འདོད་པའི་གསེར་མོ་བ་རྣམས་ཀྱིས་ངེས་པར་དུ་བསྒྲུབ་དགོས་པའི་ལས་འགན་ཞིག་ཆགས་ཡོད།

དུས་རབས་བདུན་པའི་ནང་རྒྱལ་པོ་སྲོང་བཙན་སྒམ་པོས་རྒྱ་གར་ནས་ནང་ཆོས་བོད་དུ་ཐོག་མར་ནང་འདྲེན་གནང་བ་ནས་བཟུང་།  དེས་བོད་ཀྱི་ཤེས་དཔལ་དར་སྤེལ་ཐད་གཞི་རྩའི་ནུས་པ་བཏོན་ཡོད་ལ་ད་ལྟའི་དུས་སུའང་ནང་ཆོས་དེ་བོད་མི་རིགས་ཀྱི་མི་ཚེའི་དོན་སྙིང་དེ་ཆགས་ཡོད། བོད་མི་རིགས་ཀྱིས་རང་ཉིད་ཀྱི་བླ་མ་སྤྱི་དང་ལྷག་པར་༧གོང་ས་མཆོག་ལ་དད་གུས་ཆེན་པོ་ཞུ་གི་ཡོད།

བོད་ནི་དེ་སྔོན་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་དང་།    སྤྱི་ལོ་༡༦༤༢ནས་བཟུང་དགའ་ལྡན་ཕོ་བྲང་དང་བོད་རྒྱལ་ཁབ།   བོད་མི་རིགས་དབར་བྲལ་ཐབས་མེད་པའི་འབྲེལ་ལམ་ཞིག་བྱུང་ཡོད།  རྒྱལ་བ་སྐུ་ཕྲེང་ན་རིམ་གྱིས་བོད་མི་རིགས་ཀྱི་རྩོད་མེད་ཡོངས་གྲགས་ཀྱི་དབུ་ཁྲིད་གནང་པ་དང་ལྷག་པར་དུ་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དབུ་འཁྲིད་ཀྱི་ནུས་པ་་དང་གཟིགས་རྒྱང་ལ་བརྟེན་ནས་ཁོང་གིས་འཛམ་གླིང་གང་སར་གནས་པའི་བོད་མི་རིགས་ཀྱི་སེམས་སུ་དམིགས་བསལ་གྱི་གནས་བབ་ཞིག་བཟུང་ཡོད།  རྒྱ་ནག་གཞུང་གིས་དེ་ནི་དམར་པོའི་དབང་ཆའི་ཁ་གཏད་དུ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། བྱེད་མི་དགོས་པ་ཞིག་རེད།  ༧གོང་ས་མཆོག་གི་བཞེང་ཕྱོགས་ནི་བོད་པའི་བདེ་ཐབས་དང་གཞི་རྩའི་རང་དབང་རྩོད་རྒྱུ་དེ་ཡིན་པ་ལས་ཁོང་གིས་སྐུ་སྒེར་གྱི་ཁེ་དབང་རྩོད་གནང་མྱོང་མེད་ལ་རྒྱ་ནག་གཞུང་གི་དབང་ཆ་འཕྲོག་ཐབས་ཀྱང་གནང་གི་མེད།  འོན་ཀྱང་།    པེ་ཅིང་སྲིད་གཞུང་གིས་༧གོང་ས་མཆོག་ལ་དེ་སྔོན་གྲྭ་ཆས་གྱོན་པའི་སྤྱང་ཀི་དང་། ཉེ་དུས་རྒྱ་གཞུང་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་གུན་ཧྲང་གིས་ཆོས་ལུགས་ཀྱི་འབག་གྱོན་ཏེ་ཕྱི་རྒྱལ་ཁག་ཏུ་རྒྱ་ནག་གི་ཁེ་ཕན་ལ་གནོད་པའི་ལས་གཞི་སྤེན་མཁན་ཁ་བྲལ་བ་ཞིག་ཡིན་ལུགས་སོགས་རྒྱ་གཞུང་གིས་༧གོང་ས་མཆོག་ལ་མཚན་སྨད་ཞུ་བའི་བྱ་སྤྱོད་ནི་ཡ་ང་བག་མེད་རེད།

ང་འདྲ་བོས་གོ་རྟོགས་མི་ཐུབ་པ་ནི།    པེ་ཅིང་སྲིད་གཞུང་གིས་བོད་མིའི་ཞི་བདེའི་གཟེངས་རྟགས་བཞེས་མཁན་༧གོང་ས་མཆོག་ལ་འཛིན་པའི་ལྟ་སྟངས་དང་།  བྱ་སྤྱོད་གཉིས་འགལ་འདུར་འགྱུར་བ་དེ་རེད།  དེ་ཡང་ཕྱོགས་གཅིག་ནས་རྒྱ་ནག་གིས་༧གོང་ས་མཆོག་ལ་ཚད་མེད་ཀྱི་མཚན་སྨད་ཞུ་བ་དང་ཕྱོགས་གཞན་ཞིག་ནས་སྐུའི་ཡང་སྲིད་རྗེས་མ་འོས་སྒྲུག་དང་བསྐོ་བཞག་བྱ་རྒྱུའི་འཆར་གཞི་ངན་པ་འཆང་བཞིན་ཡོད།

ཆོས་ལུགས་ཁས་ལེན་མི་བྱེད་མཁན་རྒྱ་ནག་དམར་ཤོག་ཚོགས་པར་བླ་མའི་ཡང་སྲིད་ལ་སོགས་པའི་ཆོས་ཕྱོགས་ཀྱི་གནད་དོན་ལ་ཐེ་བྱུས་བྱེད་པའི་འོས་བབ་ཡོད་མེད་ཀྱི་དྲི་བ་དེའི་ལན་འདེབས་ནི། རྒྱ་ནག་དམར་ཤོག་ཚོགས་པས་བོད་མི་རྣམས་ལ་འཛིན་པའི་སྲིད་བྱུས་དེ་ནས་གསལ་པོར་རྟོགས་ཐུབ།  སྤྱི་ལོ་༢༠༡༢ལོའི་ལོ་འགོར་བོད་རང་སྐྱོང་ལྗོངས་སུ་གྲགས་པའི་ས་ཁུལ་དུ་རྒྱ་དམར་གཞུང་གིས་དེ་སྡའི་གཞུང་གི་ལས་བྱེད་མང་པོ་ནང་ཚུད་ཀྱི་བོད་མི་སྟོང་ཕྲག་འགའ་རྒྱ་གར་དུ་༧གོང་ས་མཆོག་གི་སྐུ་མདུན་ནས་བཀའ་ཆོས་ཞུ་བར་བཅར་རྗེས་ཁོང་རྣམས་བཀག་ཉར་བྱས་ཏེ། ཡང་སྐྱར་བསམ་བློའི་སློབ་གསོ་སྤྲོད་པ་སོགས་བྱས་ཏེ་ཉེས་ཆད་བཏང་ཡོད།

འདི་ལོའི་ཟླ་བརྒྱད་པའི་ནང་།      རྒྱ་དམར་གཞུང་གིས་བོད་རང་སྐྱོང་ལྗོངས་ནང་རྒས་ཡོལ་ཕྱིན་པའི་བོད་རིགས་གཞུང་གི་ལས་བྱེད་རྣམས་དགོན་པར་ཆོས་མཇལ་དང་། ལྷ་ཁང་ལ་སོགས་པའི་གནས་བྱིན་ཅན་ཁག་ལ་སྐོར་བ་རྒྱག་རྒྱུ་དང་། མ་ཎི་འདོན་རྒྱུ་ལ་སོགས་པར་བཀག་འགོག་བྱས་ཡོད།དེ་བཞིན་དུ་རྒྱ་གཞུང་གིས་བོད་པའི་སློབ་ཕྲུག་དང་ཁོ་ཚོའི་ཕ་མ་རྣམས་གུང་སེང་སྐབས་ཆོས་ཕྱོགས་ཀྱི་བྱ་བར་ཞུགས་མི་ཆོག་པ་བཟོས་པ་མ་ཟད། བཙན་དབང་གིས་གྲྭ་བ་རྣམས་དགོན་སྡེ་ནས་ཕྱིར་འཕུད་བཏང་ཡོད།

པེ་ཅིང་གཞུང་གིས་རྩ་ཁྲིམས་ནང་གསལ་བ་བཞིན་དུ་བོད་རིགས་ཚོར་གཞི་རྩའི་ཐོོབ་ཐང་རྣམས་སྤྲོད་ཀྱི་མེད་པ་རེད། སྤྱི་ལོ་ ༢༠༠༧ ལོའི་ཟླ་བ་བརྒྱད་པའི་ནང་རྒྱ་ནག་གཞུང་གིས་བཀའ་ཁྱབ་ཨང་ལྔ་པ་ཟེར་བ་ཞིག་བཏང་སྟེ།   བོད་པའི་ཆོས་ལུགས་བྱེད་སྒོར་སྟངས་འཛིན་དང་ཉམས་དམས་བཟོ་རྒྱུ་ཙམ་མ་ཟད། མཐར་ཐུག་བོད་ཀྱི་བླ་སྤྲུལ་ཁག་གི་འོས་སྤྲུལ་ངོས་འཛིན་ཞུ་ཕྱོགས་ལ་ཐེ་བྱུས་བྱ་རྒྱུའི་ཐབས་བྱུས་བཏིངས་ཡོད།     བཀའ་ཁྱབ་དེའི་ནང་ཤུགས་རྐྱེན་ཆེ་བའི་ཡང་སྲིད་ངོས་འཛིན་བྱེད་པར་་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་རྒྱུར་སྙན་སེང་ཞུ་དགོས་ལུགས་གསལ་ཡོད།   དེ་ནི་མངོན་གསལ་དོད་པོས་༧གོང་ས་མཆོག་དང་ཁོང་གི་མ་འོངས་པའི་ཡང་སྲིད་སྐོར་ལ་དམིགས་པ་ཞི་ཆགས་ཡོད། དེ་ནི་དགོད་བྲོ་བའི་གནས་ཤིག་ཏུ་སྣང་ཡང་། པེ་ཅིང་གཞུང་ནི་དེའི་ཐད་ཧ་ཅང་གི་གཟབ་ནན་ཆེན་པོ་བྱེད་ཀྱི་ཡོད་ལ་པེ་ཅིང་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་འོས་འདེམས་བྱ་འཆར་དེ་ནི་བོད་མིའིི་ཆོས་དད་རང་དབང་ལ་གཞི་རྩའི་གཏོར་རྒོལ་བཏང་པ་ཞིག་ཆགས་ཡོད།

བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ལམ་ལུགས་དང་ངོས་འཛིན་ཞུ་ཕྱོགས་དེ་ནི་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ཡིན་ལ་ལམ་ལུགས་དེ་ནི་ད་ལྟའི་དུས་སུའང་བོད་མིའི་ཆོས་ལུགས་བྱེད་སྒོའི་ཆ་ཤས་ཤིག་ཆགས་ཡོད།    སྤྱི་ལོ་ ༢༠༡༡ཟླ་བ་དགུ་པའི་ནང་༧གོང་ས་མཆོག་གིས་གང་ཉིད་ཀྱི་ཡང་སྲིད་སྐོར་ལ་ལོ་རྒྱུས་རང་བཞིན་ལྡན་པའི་གསལ་བསྒྲགས་ཤིག་བསྐྱངས་པའི་ནང་བསམ་བློའི་ནང་ངེས་དགོས་པ་ནི།   ལུགས་མཐུན་གྱི་ཆོས་ཕྱོགས་ཐབས་ལམ་ལ་བརྟེན་ནས་ངོས་འཛིན་བྱས་པའི་ཡང་སྲིད་ལས།དེ་མིན་རྒྱ་ནག་དབང་འཛིན་པ་ནང་ཚུད་ཀྱི་གང་ཟག་སུ་རུང་གིས་ཆབ་སྲིད་ཀྱི་དགོས་དམིགས་ལ་གཞིགས་ཏེ་ངོས་འཛིན་བྱས་པའི་འོས་སྤྲུལ་ཞིག་ངོས་འཛིན་དང་ཁས་ལེན་བྱ་རྒྱུ་མེད་ཅེས་གསུངས་ཡོད།

འདས་ལོའི་ཟླ་བ་བཅུ་པར་སྐོང་ཚོགས་བྱས་ཤིང་རྒྱལ་ཁབ་ ༢༤ ནས་བོད་མིའི་སྐུ་ཚབ་ཚོགས་མི་ ༣༤༠ མཉམ་ཞུགས་བྱས་པའི་དམིགས་བསལ་ཚོགས་ཆེན་སྐབས་སྤྱི་མོས་གྲོས་ཆོད་བཞག་སྟེ་༧གོང་ས་མཆོག་གིས་བསྐྱངས་པའི་གསལ་བསྒྲགས་དེར་རྒྱབ་སྐྱོར་བྱས་ཡོད། དེ་ཙམ་མ་ཟད་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ཚོགས་པའི་ཨ་རིའི་སྐུ་ཚབ་སྰེམ་བྷུ་རོན་བྷག་Sam Brownback ལགས་ཉེ་དུས་བཞུགས་སྒར་རྡ་སར་ཕེབས་སྐབས་ཁོང་གིས། ང་ཚོས་བོད་མི་རིགས་ཀྱི་ཡུན་རིང་ལོ་རྒྱུས་ལྡན་པའི་རང་ཉིད་ཀྱི་འོས་འདེམས་བྱས་པའི་ཆོས་ལུགས་དབུ་ཁྲིད་རྣམས་ལ་གུས་བཀུར་ཞུ་རྒྱུའི་ཐོབ་ཐང་ལ་སོགས་པའི་ལོ་རྒྱུས་ཡུན་རིང་ལྡན་པའི་སྲོལ་རྒྱུན་་དང་བོད་ཀྱི་ནང་པའི་དབུ་ཁྲིད་འོས་འདེམས་གནང་ཕྱོགས་ཐད་ཀྱི་ཐག་གཅོད་ཀྱི་འགན་དབང་དེ་བོད་ཀྱི་ནང་པ་དང་བོད་མིའི་དབུ་འཁྲིད་༧གོང་ས་མཆོག་ལ་ཡོད་སྐོར་གསུངས་ཡོད།

བཙན་བྱོལ་བོད་མིའི་ལྟེ་གནས་སུ་ཉེ་དུས་སྐོང་ཚོགས་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པའི་ནང་རྒྱལ་ཁབ་༤༢ནས་ཚོགས་མི་ ༡༨༠ མཉམ་ཞུགས་བྱས་ཡོད་པ་དང་།  ཚོགས་འདུར་གྲོས་མོལ་གཏིང་ཟབ་བྱས་པ་བརྒྱུད་་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་ཡང་སྲིད་ཀྱི་གནད་དོན་དེར་ཐག་གཅོད་བྱ་རྒྱུའི་འོས་འགན་དེ་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་དང་སྐུ་སྒེར་ཡིག་ཚང་ནས་འོས་འཛུགས་གནང་བའི་མི་སྣ་ཁོ་ནར་ཡོད་ལུགས་གསལ་བསྒྲགས་གནང་ཡོད།

ཟླ་བ་བཅུ་གཅིག་པའི་ཟླ་མཇུག་སྟེ། ཕྱི་ཚེས་ ༢༧ དང་༢༩ ་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་འཁྲིད་རྣམ་པའི་ཚོགས་འདུ་སྐོང་ཚོགས་གནང་ཞིང་། ཚོགས་འདུའི་ནང་དབུ་ཁྲིད་རྣམ་པས་ཡང་སྲིད་ཀྱི་གནད་དོན་དེའི་སྐོར་ལ་བགྲོ་གླེང་དང་།  ཡང་སྲིད་ལམ་ལུགས་ཀྱི་ཡུན་རིང་ལྡན་པའི་ལོ་རྒྱུས། ཐུན་མོང་མ་ཡིན་པའི་བོད་པའི་ནང་བསྟན་གྱི་ལམ་ལུགས་གཞི་རྩར་བཟུང་སྟེ། ལུགས་སྲོལ་དེ་རྒྱུན་འཛིན་དང་མུ་མཐུད་གནས་ཐབས་སྐོར་ལ་གྲོས་མོལ་གནང་ཡོད།    ཆོས་ལུགས་དབུ་ཁྲིད་བརྒྱ་ལྷག་ཙམ་དང་བོད་ཀྱི་ཆོས་ལུགས་ཁག་གི་སྐུ་ཚབ་ཕེབས་པའི་ཚོགས་ཐོག་དེར་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་སྐུ་དབང་ཡོངས་རྫོགས་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཁོ་ནར་ཡོད་པ་དང་གལ་སྲིད་རྒྱ་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོར་དམིགས་ཏེ་༧གོང་ས་མཆོག་གི་འོས་སྤྲུལ་ཞིག་བཏོན་ཚེ་དེར་བོད་མི་རིགས་ཀྱིས་ཁས་ལེན་དང་དད་གུས་མི་བྱ་རྒྱུའི་སྤྱི་མོས་ཀྱི་དམིགས་བསལ་གྲོས་ཆོད་འཇོག་གནང་མཛད་ཡོད།

བོད་ཀྱི་བླ་སྤྲུལ་རྣམས་ཀྱི་ཡང་སྲིད་མུ་མཐུད་ཕེབས་ངེས་ཡིན་ལ།    དུས་རབས་བཞི་ཙམ་རིང་བོད་ཀྱི་ལོ་རྒྱུས་ཐོག་གལ་ཆེའི་གནས་བབ་བཟུང་མྱོང་བའི་༧གོང་ས་སྐུ་ཕྲེང་ན་རིམ་གྱི་ཡང་སྲིད་༧གོང་ས་མཆོག་གི་ཡང་སྲིད་ཀྱང་མུ་མཐུད་ཕེབས་ངེས་ཡིན། རྒྱ་གཞུང་གིས་བོད་མིའི་ཆོས་ལུགས་གནད་དོན་ལ་ཐེ་གཏོགས་བྱ་རྒྱུའི་ཚབ་ལ། བོད་མི་ཚོར་རང་ཉིད་ཀྱི་ཆོས་ཕྱོགས་ཉམས་ལེན་བྱེད་རྒྱུའི་རང་དབང་སྤྲོད་དགོས་པ་དང་། ཁོ་ཚོར་རང་ཉིད་ཀྱི་བླ་མ་སུ་ཞིག་གཙུག་ཏུ་བཀུར་དགོས་མིན་གྱི་ཐག་གཅོད་བྱེད་དུ་འཇུག་དགོས་པ་རེད། བོད་ནང་ཆོས་དད་རང་དབང་ཚུད་པའི་གཞི་རྩའི་ཐོབ་ཐང་འཕྲོག་པའི་བྱ་སྤྱོད་དེས་ཞི་ཅིན་ཕིང་གི་དབུ་ཁྲིད་འོག་འབད་བརྩོན་ཤུགས་ཆེར་བྱེད་པའི་ཞི་མཐུན་དང་བརྟན་ལྷིང་བསྐྲུན་རྒྱུའི་ཚབ་ལ་རྩོད་རྙོག་ཆེ་རུ་གཏོང་བ་དང་བརྟན་ལྷིང་མེད་པ་བཟོ་ངེས་ཡིན།

སྒྱུར་པ་པོའི་གཏམ། རྩོམ་ཡིག་འདི་བཞིན་ལྡི་ལིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་འདི་ལོའི་ཟླ་བ་༡ ཚེས་ ༢༠ ཉིན་ THE WEEK ཞེས་པའི་རྒྱ་གར་གྱི་དྲ་ཐོག་དུས་དེབ་སྟེང་རྩོམ་འབྲི་གནང་ཡོད།

 

 

བརྗོད་དོན་ངེས་གསལ་ཡོང་བར་མ་ཡིག་ལ་གཟིགས་རོགས། https://www.theweek.in/news/world/2020/01/27/china-should-be-wary-of-meddling-in-the-dalai-lama-incarnation.html

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

ཆུ་ཚོད་ ༢ སྔོན་ལ།
Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༢༣ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

༢༠༢༦/༠༦/༢༣
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢

མཆན། 0

  1. བུད་དབང་ངག་དབང་བྱང་ཆུབ། says:
    ལོ་ 6 སྔོན།

    ཧ་ཧ་གཞུང་པ་ཚེ་དབང་ལགས། ཁྱེད་རང་མ་འོང་པར་༧གོང་ས་མཆོག་གི་ཡང་སྲིད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ཕེབས་པ་ལས།རྒྱལ་ཁབ་ཆེན་པོ་གུང་ཕྲན་ཏང་ལ་ཕེབས་ན་ལེགས་པ་གཟིགས་གིས་འདུག་གམ། བསམ་བློ་ཡག་པོ་ཞིག་བཏང་ན་༧གོང་ས་མཆོག་སྐུ་ཐོག་འདི་བཙན་ཕུད་བྱས་ནས་སྐུ་ཐོག་རྗེས་མའི་ཡང་སྲིད་ལ་ཐེ་རྟོག་ལ་བྱེད་པ་ལ་ཁྱེད་རང་འདོད་མོས་ཡོད་ན། བསམ་ཡོད་བོད་མི་ཚང་མའི་བསམ་ཡུལ་དང་རྒྱབ་འགལ་གཙང་མ་མ་རེད་དམ། ད་ལྟ་ང་ཚོད་མཐོང་གསལ་ལྟར་པཎ་ཆེན་ངོ་མ་བཙོན་འཇུག་ཞུས་ཏེ་འཛམ་གླིང་མི་མང་གིས་མཐོང་སར་མེད་པར་པཎ་ཆེན་རྫུས་མ་སྦེད་སྤྱོད་བྱེད་པ་མཐོང་ཆོད་ལྟར་ལགས་ན་ཁྱེད་རང་གི་འདོད་པ་དེ་རེད་པས། འཛམ་གླིང་གི་མི་བསམ་ཡོད་ཚང་མས་སེམས་ཚབ་བྱེད་པ་མ་ཟད། བོད་ཕྱི་ནང་གཉིས་ཀའི་བསམ་བློའི་ནང་དངངས་སྐྲག་བྱེད་པ་འདི་ཁྱེད་རང་ནས་རང་རིགས་འདི་རྣམས་ལ་ཁྱད་གསོད་བྱས་པ་མ་རེ་དམ། ཧཧཧཧཧ ང་ཚོའི་སྤྱི་ཚོགས་ནང་བོད་མི་འདི་འདྲ་ཡང་ཡོད་འདུག སྐད་ཆ་འདི་འདྲ་གཤོད་ནུས་པ་ང་ནི་ཧ་ལས་སོང་ངོ།།

    Reply
  2. གཞུང་པ་ཚེ་དབང་བསོད་ནམས says:
    ལོ་ 6 སྔོན།

    གོང་ས་མཆོག་ནི་འདས་པའི་སངས་རྒྱས་རྣམས་ཀྱི་ལུང་གི་ཟིན་པའི་བོད་གངས་ཅན་ཞིང་གི་འགྲོ་བ་སེམས་ཅན་སྡུག་བསྔལ་གྱི་རྒྱ་མཚོ་ལས་འདྲེན་པའི་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྒྱལ་པོ་བླ་ན་མེད་པ་ཁོང་གི་སྤྲུལ་སྐུའི་ཟློས་གར་ཡང་སྲིད་འགྲོ་དོན་ཕྱོགས་དང་ཡུལ་མཚམས་དུས་དང་གཟིགས་པ་ལས་སྨོན་རྟེན་འབྲེལ་སོགས་ལ་གཟིགས་ནས་འགྲོ་དོན་སྐྱོང་་དགོས་པ་ལས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆུང་ཆུང་འདི་ལ་གཟིགས་ནས་རྒྱལ་བའི་འགྲོ་དོན་སྐྱོང་དགོས་ཡོད་ཟེར་མཁན་ཡོད་ན་དེ་ལ་ནམ་ཡང་ངོས་ལེན་མེད་ལ་གལ་ཆེ་ཤོས་དེ་གོང་ས་མཆོག་གི་མ་འོངས་འགྲོ་དོན་སྐྱོང་སའི་སྤྱི་ཚོགས་དང་ཡུལ་དང་དུས་དང་ཁམས་དང་མོས་པ་དང་རྣམ་པ་སོགས་མང་པོ་ལ་གོང་ས་མཆོག་ནས་ཐུགས་ཐག་གཅོད་དགོས་པ་ལས་གོང་ས་མཆོག་གི་སྐུའི་ཡང་སྲིད་སྐོར་ལ་ང་ཚོའི་རྒྱ་མིའི་མངོན་འདོད་དང་བསམ་ཚུལ་གྱི་རྗེས་སུ་འབྲང་ནས་དོན་མེད་སྤྱི་ཚོགས་ལ་བརྡབས་གསིག་མང་པོ་མ་ཟོས་ན་ཡག་ལེ་རེད་དོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese