མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་སའི་ཉེ་འཁྲིས་སུ་ཏོག་དབྱིབས་ནད་པ་གཉིས་བྱུང་།

བོད་ཀྱི་དུས་བབ།
༢༠༢༠/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མིའི་ལྟེ་གནས་དྷ་རམ་ས་ལའི་ཉེ་འཁྲིས་ཀང་ར་རྫོང་ཁོངས་ནས་ཏོག་དབྱིབས་ནད་པ་གཉིས་བྱུང་བ་དང་ཧི་མ་ཅལ་མངའ་སྡེའི་ནང་ད་ལྟའི་ཆར་མི་གྲངས་ ༨༢༣ ཟུར་བཀག་ནང་བཞག་འདུག

ཁ་སང་བཙན་བྱོལ་བོད་མིའི་ལྟེ་གནས་དྷ་རམ་ས་ལ་ནས་སྤྱི་ལེ་ ༣༠ ཙམ་གྱི་མཚམས་སུ་ཡོད་པའི་ཀང་ར་རྫོང་གི་ཁོངས་གཏོགས་ཤཱ་པུར་(Shahpur) ཞེས་པའི་ས་ཁུལ་དུ་གནས་སྡོད། རྒྱ་གར་ཡུལ་མི་གཉིས་ལ་ས་གནས་སྨན་ཁང་གིས་བརྟག་དཔྱད་བྱས་པ་བརྒྱུད། ཏོག་དབྱིབས་ནད་ཡམས་འགོས་ཡོད་པའི་བརྟག་འབྲས་བྱུང་འཕྲལ། མངའ་སྡེ་གཞུང་གི་ཊན་ཌ་སྨན་ཁང་དུ་ཟུར་བཀག་བྱས་ཡོད་པ་མ་ཟད།  ནད་པ་གཉིས་ཀྱི་ཟུང་ཁྲག་རྒྱ་གར་ལྷོ་ཕྱོགས་པུ་ནེ་ (Pune) གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་རྒྱལ་ཡོངས་ནད་འབུ་ཞིབ་འཇུག་ལྟེ་གནང་ཁང་ (National Institute of Virology) དུ་བརྟག་དཔྱད་ཆེད་བཏང་ཡོད་འདུག

ཁ་སང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཇེ་རཱམ་ཋ་ཀོར་མཆོག་གིས་གསར་འགོད་པར་དེའི་སྐོར་འགྲེལ་བརྗོད་གནང་སྐབས། འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་ཏོག་དབྱིབས་ནད་པའི་གྲངས་འབོར་འཕར་བཞིན་པའི་སྐབས་སུ། ཧི་མ་ཅལ་མངའ་སྡེའི་ནང་ནད་པ་གཅིག་ཀྱང་ཐོན་མེད་ན་ཡང་། ཁ་སང་བློ་ཕམ་པ་ཞིག་ལ་ཀང་ར་རྫོང་ཁོངས་ནས་སྔོན་འགྲོའི་བརྟག་དཔྱད་ཀྱི་གྲུབ་འབྲས་གཞིར་བཟུང་མི་གཉིས་ལ་ཏོག་དབྱིབས་ནད་ཡམས་ཕོག་ཡོད་པ་ཤེས་རྟོགས་བྱུང་ཡོད་སྐོར་དང་། ཏོག་དབྱིབས་ནད་པ་གཉིས་ཀྱི་ཁྲོད་ནས་རང་ལོ་ ༣༢ ཡིན་པའི་མིང་ལ་དྷི་ཝེ་ཤི་ཀུ་མཱར་ (Devesh Kumar) ཟེར་བའི་སྐྱེས་པ་དེ་ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་སིང་གྷ་པུར་ (Singapore) ནས་རྒྱ་གར་ལ་ཕྱིར་ལོག་ཡོད་པ་དང་། དེ་བཞིན་རང་ལོ་ ༦༣ ཡིན་པའི་སར་ལ་དྷེ་ཝི་ (Sarla Devi) ཟེར་བའི་སྐྱེས་མ་དེ། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་དྷུ་བྷའེ་(Dubai)ནས་ཕྱིར་ལོག་པ་ཞིག་ཡིན་པ་དང་། མི་དེ་གཉིས་རང་གནས་སུ་འབྱོར་རྗེས་ཁྱིམ་དུ་ཟུར་བཀག་བྱས་ཡོད་པ་མ་ཟད། ཁོ་ཚོའི་ནང་མི་སྤུན་མཆེད་རྣམས་ཀྱང་རང་ཁྱིམ་དུ་ཟུར་བཀག་བྱས་ཡོད་སྐོར་བརྗོད་འདུག ཡང་སྤྱི་ཁྱབ་བློན་ཆེན་མཆོག་གིས། ད་ལྟ་མངའ་སྡེའི་ནང་ཏོག་དབྱིབས་ནད་པ་ཐོན་པའི་གནས་ཚུལ་དེར་མང་ཚོགས་ངོས་ནས་ཞེད་སྣང་བྱེད་དོན་མེད་ཀྱང་སྔོན་འགོག་ངེས་པར་དགོས་སྐོར་གསུངས་འདུགད་ཐེངས་ཀྱི་གནས་ཚུལ་འདིར་རྒྱུས་ལོན་ཆེ་བའི་འབྲེལ་ཡོད་ཅིག་གིས་འདི་གའི་གསར་འགོད་པར། ཏོག་དབྱིབས་ནད་ཡམས་འགོས་པའི་མི་དེ་གཉིས་རྒྱ་གར་ལ་འབྱོར་རྗེས་སྤྱི་སྤྱོད་རླངས་འཁོར་བརྒྱུད་ཀང་རར་ཐོན་ཡོད་ཀྱང་། ད་ལྟའི་ཆར་གཞུང་སྒེར་གྱི་སྤྱི་སྤྱོད་གང་དུ་བཞོན་ཡོད་མེད་དང་། འགྲུལ་བ་གཞན་སུ་སུ་ཡོད་མེད་སོགས་ཀྱི་གནས་ཚུལ་ཐད་ད་དུང་ཁ་གསལ་ཆགས་མེད་སྐོར་བརྗོད་བྱུང་།

རྒྱ་གར་དུས་བབ་གསར་ཁང་དང་ཧི་མ་ཅལ་མངའ་སྡེའི་ཧིན་ཡིག་ཐོག་གི་ཇཱག་རན་ (Jagran) གསར་ཁང་གིས་སྤེལ་བའི་དེ་འབྲེལ་གྱི་གནས་ཚུལ་ནང་། ད་བར་ཧི་མ་ཅལ་མངའ་སྡེའི་ནང་དོགས་ཡོད་ནད་པ་ ༡༩ ཡི་ཁྲག་ལ་བརྟག་དཔྱད་བྱས་པའི་ཁྲོད་ནས་མི་གྲངས་ ༩ ལ་ཏོག་དབྱིབས་ནད་ཡམས་འགོས་མེད་པ་གཏན་འཁེལ་བྱུང་ཡོད་པ་དང་། ལྷག་འཕྲོ་ ༡༠ ཡི་བརྟག་དཔྱད་གྲུབ་འབྲས་ད་དུང་ཐོན་མེད་པ་དང་། ད་ལྟའི་ཆར་ཧི་མ་ཅལ་མངའ་སྡེ་ཁྱོན་ཡོངས་ནང་ཏོག་དབྱིབས་ནད་ཡམས་འགོས་པའི་རྒྱལ་ཁབ་ཁག་ནང་བསྐྱོད་མྱོང་བའི་མི་གྲངས་ ༨༢༣ ཡོད་པ་ཚང་མ་རང་ཁྱིམ་དུ་ཟུར་བཀག་བྱས་ཡོད་འདུག དེ་ཡང་མངའ་སྡེའི་བྷི་ལ་སི་པུར་རྫོང་ (Bilaspur) དུ་མི་གྲངས་ ༢༦ དང་། ཅམ་བྷ་རྫོང་ (Chamba) ནང་མི་གྲངས་ ༡༥། ཧ་མིར་པུར་རྫོང་ (Hamirpur) ནང་ ༤༥།  དྷ་སའི་ཉེ་འཁྲིས་ཀང་ར་རྫོང་ (Kangra) ཁོངས་ནང་ ༤༢༧། ཀུ་ལུར་ (Kullu)་ ༡༠། མན་ཌིར་ (Madi)་ ༣༨། སིམ་ལར་ (Shimla)  ༡༢༦། སིར་མོར་ (Sirmaur) ༢༤། སོ་ལན་ (Solan) དུ་ ༨༣། དེ་བཞིན་ཨུ་ན་ (Una) ནང་ ༢༦ དང་ཀི་ནོར་ (Kinnaur) ཞེས་པའི་ནང་མི་ ༣ བཅས་ཡོད་འདུག

སྤྱིར་ཧི་མ་ཅལ་གཞུང་ནས་རྒྱལ་ཕྱི་ནང་གི་ཡུལ་སྐོར་བ་རྣམས་མངའ་སྡེའི་ནང་འཛུལ་རྒྱུར་བཀག་འགོག་བྱས་ཟིན་པའི་ཐོག སྲིད་བློན་མུ་དྷི་ཆོག་གི་འབོད་སྐུལ་བཀོད་ཁྱབ་ལ་རྒྱབ་སྐྱོར་ཆེད། སང་ཉིན་རེས་གཟའ་ཉི་མའི་ཉིན་རྒྱལ་ཡོངས་ནང་མང་ཚོགས་རང་བཞིན་གྱི་བཀག་སྡོམ་ (Janata Curfew) ལས་འགུལ་ནང་ཆ་ཤས་བླངས་ཏེ། ཧི་མ་ཅལ་གཞུང་གིས་མངའ་སྡེའི་སྤྱི་དམངས་འགྲིམ་འགྲུལ་ཞབས་ཞུ་བཀག་འགོག་བྱ་རྒྱུ་ཡིན་འདུག་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༢༣ ནས་ ༣༡ བར་གཞུང་གི་སྤྱི་དམངས་འགྲིམ་འགྲུལ་ཞབས་ཞུའི་བརྒྱ་ཆ་ ༥༠ གནས་སྐབས་རིང་སྒོ་བརྒྱབ་རྒྱུའི་ཐག་གཅོད་བྱས་ཡོད་འདུག་པ་མ་ཟད། མངའ་སྡེ་གཞན་ནས་ཕྱིར་ལོག་བྱེད་པའི་ཧི་མ་ཅལ་གྱི་མི་མང་སུ་འདྲ་ཞིག་ཡིན་རུང་ས་གནས་སུ་འབྱོར་རྗེས་ཉིན་གྲངས་ ༡༠ ནས་ ༡༢ བར་རང་ཁྱིམ་དུ་ཟུར་བཀག་འོག་སྡོད་དགོས་སྐོར་གྱི་ལམ་སྟོན་གནང་ཡོད་འདུགརྒྱ་གར་གྱི་དབུས་འཕྲོད་བསྟེན་དང་ཁྱིམ་ཚང་བདེ་དོན་ལྷན་ཁང་གིས་སྤེལ་བའི་གྲངས་ཐོ་ལྟར་ན། དེ་རིང་སྔ་དྲོའི་ཆུ་ཚོད་ ༩ བར་ཧི་མ་ཅལ་ཚུད་པའི་རྒྱ་གར་གྱི་མངའ་སྡེ་ ༢༢ ནང་ཏོག་དབྱིབས་འགོས་པའི་ཕྱི་ནང་གི་མི་སེར་ཁྱོན་ ༢༥༨ བྱུང་བའི་ཁྲོད་ནས། ནད་པ་ ༢༣ དྲག་སྐྱེས་ཕྱིན་ཡོད་པ་དང་། མི་གྲངས་ ༤ འདས་གྲོངས་སུ་སོང་ཡོད་འདུག

དྷ་རམ་ས་ལའི་མེག་གྷན་གྱི་ཟ་ཁང་དང་མགྲོན་ཁང་ལྷན་ཚོགས་ཀྱིས་རྒྱ་གར་དབུས་སའི་གཞུང་གི་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་ལས་གཞི་ལ་རམ་འདེགས་ཆེད། སང་ཉིན་ནས་ཟླ་འདིའི་ཕྱི་ཚེས་ ༣༡ བར་ལྷན་ཚོགས་དེའི་ཁོངས་གཏོགས་མགྲོན་ཁང་དང་ཟ་ཁང་ཚང་མ་སྒོ་བརྒྱབ་རྒྱུ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༩ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese