མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨེ་འགོག་རང་འདུན་པར་ཨེ་ཙི་འགོས་མེད་པའི་ཡོངས་བསྒྲགས་གནང་།

བོད་ཀྱི་དུས་བབ།
༢༠༢༠/༠༣/༢༧
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གི་ཨེ་འགོག་རང་འདུན་པ་ཆོས་དཔལ་བཟང་པོ་ལགས་སུ་འདས་ལོར་ཨེ་ཙི་འགོས་ཡོད་སྲིད་པའི་གནས་ཚུལ་ཐོན་ཡོད་ཀྱང་ཟླ་གསུམ་ལྷག་རིང་གཙང་སེལ་འགོག་བཅོས་བྱས་པ་བརྒྱུད་ནད་དུག་འགོས་མེད་པ་གསལ་པོ་ཆགས་ཡོད་འདུག

འདས་ལོའི་ལོ་མཇུག་ཏུ་བོད་ནང་གི་ཨེ་འགོག་རང་འདུན་པ་གྲགས་ཅན་ཆོས་དཔལ་བཟང་པོ་ལགས་སུ་གཉན་ནད་རེག་དུག་གམ་ཨེ་ཙི་འགོས་ཡོད་སྲིད་པའི་གནས་ཚུལ་ཁོ་རང་གི་སྤྱི་ཚོགས་དྲ་ལམ་དུ་སྤེལ་རྗེས། བོད་ནང་དོ་སྣང་དང་གླེང་སློང་བྱེད་མཁན་མང་པོ་བྱུང་ཡོད་ཀྱང་། ཁ་སང་ཕྱི་ཚེས་ ༢༦ ཉིན། ཆོས་དཔལ་བཟང་བོ་ལགས་ཀྱིས་སྒེར་གྱི་ཝེ་པོ་སྤྱི་ཚོགས་དྲ་ལམ་དུ། ཁོང་གིས་བརྟག་དཔྱད་དང་གཙང་སེལ་རིམ་པར་བྱས་ཏེ། ཟླ་གསུམ་དང་ཟླ་ཕྱེད་རྗེས་ནས་བསྐྱར་དུ་བརྟག་དཔྱད་བྱས་པར་ཨེ་ཙི་ན་ཚ་འགོས་མེད་པའི་གྲུབ་འབྲས་ཐོན་ཡོད་སྐོར་ཡོངས་བསྒྲགས་གནང་འདུག

ཁོང་གིས་འགྲེལ་བརྗོད་གནང་བ་ལྟར་ན། སྔར་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་གྱི་ཕྱི་དྲོར་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཡིན་པའི་ཨེ་ཙིའི་ནད་པ་བུད་མེད་ཅིག་ལ་རོགས་རམ་བྱེད་སྐབས། ནད་པའི་ཁྲག་འགོས་ཡོད་པའི་འགྱིག་སྦུག་ཅིག་ཚུར་བསྡུ་སྐབས།  འགྱིག་སྦུག་གིས་ཁོའི་ལག་གཡོན་པར་རྨ་ཁ་བཟོས་ཏེ་ཁྲག་ཅུང་ཙམ་ཐོན་ཡོད་སྟབས། ཆུ་ཚོད་ ༣ ཙམ་གྱི་རྗེས་ནས་གཙང་སེལ་དང་བརྟག་དཔྱད་བྱས་པ་མ་ཟད། ཉིན་གྲངས་ ༢༨ རིང་སྨན་ཟ་དགོས་བྱུང་ཡོད་འདུག

ཆོས་དཔལ་བཟང་པོ་ལགས་ཀྱི་གསལ་བསྒྲགས་དེའི་ནང་། སྤྱིར་མི་ཞིག་ལ་ཨེ་ཙི་འགོས་མེད་པ་དེ་ཧ་ལས་དགོས་པ་ཞིག་ཅི་ཡང་མིན་པར་མ་ཟད། འགོས་མི་འདུག་ཅེས་ངོམས་སོ་དང་བཅས་ཏེ་བཤད་པ་འདི་འོས་ཤིང་འཚམ་པ་ཞིག་ཅི་ཡང་མིན་རུང་། ནམ་རྒྱུན་ཁོ་བོ་ནི་ལས་དབང་ལ་ཁག་དཀྲི་བྱེད་པར་རབ་ཏུ་ནས་མི་དགའ་བའི་མི་ཞིག་ཡིན་རུང་། ཉིན་དེར་ངོ་མ་གློ་བུར་དུ་ལས་དབང་ལ་ཡིད་ཆེས་པ་འདྲ་བ་ཞིག་བྱུང་སོང་། རྒྱུ་མཚན་ནི་རང་གི་ལག་གཡས་པ་འཁྱལ་ཏེ་གཡོན་པར་བརྒྱབས་སོང་ཞེས་བཤད་ན། མི་གཞན་པ་ཞིག་ལྟ་ཅི། ཐ་ན་ང་རང་ཉིད་ཀྱང་ཡིད་མི་ཆེས་པ་འདྲ་བོ་འདུག་མོད། དེ་འདྲའི་སྟེས་དབང་མཚར་བོ་ཞིག་བྱུང་བར་བལྟས་ན། ང་ལ་ནད་དེ་འགོ་དགོས་ཀྱི་འདུག་སྙམ་པའི་བསམ་བློ་མཚར་པོ་ཞིག་བཅོས་མིན་དུ་སྐྱེས་བྱུང་བས། ཐོག་མའི་སྐབས་སུ་དུག་སེལ་ཡག་པོ་ཞིག་ཀྱང་མ་བྱས་ལ། མྱུར་སྐྱོབ་ཀྱི་སྨན་ཡང་བསྟེན་པའི་འཆར་གཞི་མ་བཞག་སྐོར་དང་། མ་གཞི་གསེར་ལས་ལྷག་པའི་མྱུར་སྐྱོབ་ཀྱི་དུས་སྐབས་ནི་ཁྲག་རྣག་ཆུ་སེར་སོགས་རྨ་ཁ་དང་འབྲེལ་བ་བྱུང་ནས་ཆུ་ཚོད ༢ མ་སོང་བའི་སྔོན་ཡིན་པ་དང་། ཐོག་མའི་སྐབས་སུ་ང་རང་གིས་ཨ་འགྱང་ཕྱི་འགྱང་བྱས་བསྡད་པས། ཕལ་ཆེར་ཆུ་ཚོད ༣ ཙམ་གྱི་རྗེས་ནས་མྱུར་སྐྱོབ་ཀྱི་དུག་གནོན་སྨན་བཅོས་ཐུབ་པ་བྱུང་། ཡིན་ན་ཡང་། ཆུ་ཚོད ༢༤ མ་སོང་བའི་སྔོན་ནས་མྱུར་སྐྱོབ་ཐུབ་པ་ནི་གསེར་དང་འདྲ་བའི་མྱུར་སྐྱོབ་ཀྱི་དུས་སྐབས་ཟེར་གྱི་ཡོད་སྟབས། ཁོ་བོ་ཁྲིན་ཏུའུ་རུ་ཡོད་པས་སི་ཁྲོན་ཞིང་ཆེན་གྱི་རིམས་ནད་སྨན་ཁང་དང་ཐག་རིང་བོ་མེད་པས། ཁྲག་འབྲེལ་བྱུང་ནས་ཆུ་ཚོད ༣ ཙམ་འགོར་བའི་རྗེས་སུ་ཨེ་ཛིའི་དུག་གནོན་སྨན་བཅོས་ཀྱི་མགོ་བརྩམས་པ་ཡིན། དུག་གནོན་སྨན་རྫས་དེ་ལ་རིགས་གཉིས་ཡོད་པ་དང་གཅིག་ནི་ཕྱིའི་རྒྱལ་ཁབ་ནས་ནང་འདྲེན་གྱི་སྨན་ཞིག་ཡིན་པས།  སྨན་དེར་རྒྱ་སྒོར་ ༤༠༠༠ ཙམ་དགོས་པ་དང་གཞན་གཅིག་ནི་རྒྱལ་ནང་གི་འདྲ་བཟོའི་སྨན་རྫས་ཤིག་ཡིན་པས། དེ་ལ་སྒོར ༢༠༠༠ ལྷག་ལས་དགོས་ཀྱི་མི་འདུག ཞོར་སྐྱོན་གྱི་ཐད་ནས་འདྲ་བོ་མེད་ཀྱང་སྨན་ནུས་ཀྱི་ཐད་ནས་ནུས་པ་ཕལ་ཆེར་གཅིག་མཚུངས་ཡིན་པར་ཐོས་པས། སྒོར་མོར་ཤ་ཚ་སྟེ་མཐར་སྒོར་ ༢༢༠༦།༠༦ སྤྲད་ནས་སྨན་ཐུན་རིམ་པ་གཉིས་པར་གཏོགས་པའི་ཁྲི་ལེས་ཀྲི་ཟེར་བ་དང་། ཐེས་ནོ་ཧྥུ་བེར། ཨིན་ཆེས་ཐ་ཕིན་ཟེར་བ་གསུམ་གྱི་སྦྱོར་སྡེ་དེ་བསྟེན་པ་ཡིན། ཞེས་བརྗོད་འདུག

དེ་བཞིན་ཨེ་ནད་བརྟག་འབྲས་དེ་དྲ་ཐོག་ལ་འཇོག་དགོས་དོན་སྐོར་ལ་ཁོང་གིས། ངས་ནི་ཨེ་ཙི་ཟེར་བ་དེ་ནམ་ཡང་ངོ་ཚ་ཞིག་ལ་གཏན་ནས་བརྩིས་མེད་པར་མ་ཟད། གལ་ཏེ། རང་ཉིད་ལ་འགོ་དགོས་བྱུང་ན། འདི་ལྟར་འགོས་པ་ནི་རང་གི་མི་ཚེའི་གཟི་བརྗིད་ཅིག་རེད་སྙམ་བཞིན་ཡོད་ལ། གཙོ་བོ་ནི་ཧྲེ་གྱའི་དྲི་མེད་དང་འཇོ་མདའ་དཔལ་འབྱོར་ལ་སོགས་པའི་ནད་དུག་ཅན་དང་ནད་པ་དག་ལ་ནི་ངས་མངོན་དུ་འབུད་པའི་རྒྱབ་སྐྱོར་དང་སྐུལ་མ་བྱས་ཡོད་པས། ང་རང་ཉིད་ལ་ན་ཚ་འདི་ཡོད་ཅིང་བསམ་གཟས་ནས་གཞན་ལ་མ་བཤད་ན་དེ་ནི་རྒྱུ་འབྲས་མེད་པའི་ལས་ཀ་ཞིག་རེད་སྙམ་པས། ཕྱི་ལོ ༢༠༡༩ ཟླ་ ༡༢ པའི་ཚེས་ ༡༠ ཉིན་གྱི་དགོང་མོ་སྟེ། ནད་པ་དེ་དང་ཁྲག་འབྲེལ་བྱུང་བའི་དགོང་མོ་ནས་གནས་ཚུལ་དེ་ཅི་མ་ཇི་བཞིན་པོད་ཕྲན་གྱི་སྟེང་དུ་བཀོད་པ་ཡིན་ལ། གལ་ཏེ་མ་འོངས་པར་ནད་འགོས་སོང་ན། ངེས་པར་དུ་དྲང་བདེན་གྱིས་ཡོད་ཚད་ལ་གདོང་ཕྱོགས་པའི་དམ་བཅའ་ཡང་བཅས་ཡོད། ཅེས་བརྗོད་འདུག

མཇུག་ཏུ་ཐེངས་འདིའི་གནས་ཚུལ་འདི་བརྒྱུད་ཨེ་ནད་སྐོར་ལ་ཤེས་རྟོགས་ག་རེ་བྱུང་ཡོད་མེད་སྐོར་ལ་ཁོང་གིས། ཐེངས་འདིའི་གནས་ཚུལ་དང་བསྟུན། ཨེ་ཙི་ནད་དུག་ཅན་དང་ནད་པའི་དཀའ་ཁག་ལ་དེ་ལས་ཟབ་པའི་རྒྱུས་ལོན་བྱུང་བ་དང་། དུག་གནོན་སྨན་བཅོས་ཀྱི་གོ་རིམ་དང་ཞོར་སྐྱོན་གྱི་དཀའ་ཁག ཞོར་སྐྱོན་དེ་དག་སེལ་ཐབས་སོགས་ལ་རང་བཞིན་གྱིས་ནད་དུག་འགོས་མེད་པའི་རང་འདུན་པ་ཞིག་གིས་མི་ཚེ་གཅིག་ལ་སྦྱངས་མི་ཐུབ་པའི་སེམས་ཚོར་དང་ཉམས་མྱོང་ཐོབ་པས། འདི་ནི་ལས་དབང་གིས་ང་ལ་བསྩལ་བའི་ཆེས་རིན་ཐང་བྲལ་བའི་ལེགས་སྐྱེས་ཤིག་ཏུ་འདོད་ཡོད་ལ། མ་འོངས་པར་རང་ལུས་རིན་པོ་ཆེར་དེ་ལས་གཅེས་འཛིན་བྱེད་པའི་ཞོར་ནས། ཅི་ནུས་ཀྱིས་མི་ལུས་འདི་རིན་ཐང་ལྡན་པ་ཞིག་དང་།མི་ཚེ་འདི་དོན་སྙིང་ལྡན་པ་ཞིག་ཏུ་བསྒྱུར་ཅི་ཐུབ་བྱ་རྒྱུ་ཡིན་ཞེས་དམ་བཅས་པ་ཡིན། ཞེས་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༩ སྔོན་ལ།
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༤ སྔོན་ལ།
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese