མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ཝུ་ཧན་དུ་འཁྲུག་འཛིང་ཆེན་པོ་ཤོར་འདུག

བོད་ཀྱི་དུས་བབ།
༢༠༢༠/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp
དེ་རིང་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ཕུད་གྲོང་ཁྱེར་ཁག་གི་ནང་འགྲོ་སྐྱོད་སྒོ་ཕྱེས་རྗེས་ཧུ་པའེ་ཞིང་ཆེན་དང་ཅང་ཤིས་ཞིང་ཆེན་བར་གྱི་དགུ་ཆུའི་ཟམ་ཆེན་ཐོག་འཁྲུག་འཛིང་ཆེན་པོ་ཤོར་ཡོད་འདུག
ཧུ་པེ་ཞིང་ཆེན་གྱི་ས་འབྲེལ་ཡིན་པ་ཅང་ཤིས་ཞིང་ཆེན་ཕྱོགས་ནས་ཝུ་ཧན་ནས་ཡོང་མཁན་དང་ལས་གཉེར་བ་སོགས་ཡོང་མི་ཆོག་པའི་བཀག་འགོག་བྱས་པར་བརྟེན། ཕྱོགས་གཉིས་ཀྱི་ཉེན་རྟོག་པའི་བར་འཁྲུག་འཛིང་ཤོར་ཡོད་པ་དང་། དེ་ལ་རྐྱེན་བྱས་ནས་ཕྱི་དྲོ་ཙམ་ལ་ཝུ་ཧན་གྱི་མི་མང་པོ་འདུ་འཛོམས་ཀྱིས་ཞིང་ཆེན་གཉིས་ཀྱི་བར་མཚམས་དགུ་ཆུ་ཟམ་ཆེན་ནས་ཉེན་རྟོག་པར་ངོ་རྒོལ་དང་ཉེན་རྟོག་པའི་རླངས་འཁོར་ཁ་ལོ་བསྒྱུར་བ་སོགས་ངོ་རྒོལ་འཁྲུག་འཛིང་ཆེན་པོ་ཤོར་ཡོད་འདུག
 འདི་ག་དུས་བབ་ཀྱི་གསར་འགོད་པས་རྒྱ་ནག་ཝུ་ཧན་ནང་གནས་སྡོད་རྒྱ་མི་ཞིག་ལ་གནས་ཚུལ་དེའི་སྐོར་དྲིས་པར་ཁོང་གིས། གནས་ཚུལ་དེ་འབྱུང་རྐྱེན་གཙོ་བོ་འདས་པའི་ནང་ཝུ་ཧན་ནང་ཏོག་དབྱིབས་འགོས་ནད་བྱུང་བར་བརྟེན། ཉེ་འབྲེལ་ཞིང་ཆེན་ཁག་གིས་ཧུ་པེ་དང་ཝུ་ཧན་གྲོང་ཁྱེར་གྱི་མི་ལ་བཙོག་བལྟས་བྱས་ཏེ། ཁོང་ཚོ་ཞིང་ཆེན་གཞན་ནང་ཡོང་བཅུག་གི་མེད་པ་དང་། ཐེངས་འདིར་ཝུ་ཧན་གྲོང་ཁྱེར་ནས་ཅང་ཤིས་ཞིང་ཆེན་ནང་ལས་གཉེར་ལ་འགྲོ་མཁན་ཚོ་ཅང་སུའུ་ཉེན་རྟོག་པས་བཀག་འགོག་བྱས་ཏེ་མ་བཏང་བར་བརྟེན། ཝུ་ཧན་ཉེན་རྟོག་པ་མི་མང་ལ་རོགས་རམ་བྱེད་དུ་འགྲོ་སྐབས། ཕྱོགས་གཉིས་ཀྱི་ཉེན་རྟོག་པའི་བར་འཁྲུག་འཛིང་ཤོར་བ་དང་མི་མང་གིས་ཀྱང་ཉེན་རྟོག་པར་རྒྱབ་རོགས་བྱས་ཏེ་འཁྲུག་འཛིང་ཤོར་ཡོད་སྐོར་བརྗོད་བྱུང་། 
དེ་བཞིན་ཨེ་ཤ་ཡའི་རྒྱ་སྐད་སྡེ་ཚན་གྱིས་དེའི་སྐོར་གནས་ཚུལ་སྤེལ་བའི་ནང་། འདས་པའི་ཟླ་བ་གཉིས་ལྷག་རིང་། ཧུ་པེ་མི་མང་ལ་ཁྱིམ་མཚེས་ཅང་སུའུ་ཞིང་ཆེན་སོགས་ཀྱིས་དམའ་འབེབ་མཐོང་ཆུང་བྱས་རྐྱེན་འཁྲུག་འཛིང་ཤོར་ཡོད་པ་དང་། ཅང་སུའུ་ཞིང་ཆེན་གྱི་ཉེན་རྟོག་པ་བརྒྱ་ཕྲག་ལྷག་གིས་དགུ་ཆུ་ཟམ་ཆེན་སྟེང་ཐག་པ་འཐེན་ནས་ཧུ་པའེ་ཡི་མི་གཅིག་ཀྱང་ཅང་སུའུ་ནང་འགྲོ་སྐྱོད་བྱེད་མ་བཅུག་པ་མ་ཟད། ཧུ་པའེ་ཞིང་ཆེན་གྱི་ཉེན་རྟོག་པ་སོང་བར་ཁོང་ཚོར་ཉེས་རྡུང་སོགས་བཏང་བར་བརྟེན། ཕྱི་དྲོ་ཙམ་ལ་ཧུ་པེའི་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་ཟམ་པའི་སྟེང་གི་ཐག་པ་བཅད་པ་དང་། ཉེན་རྟོག་པའི་རླངས་འཁོར་ཨ་ལོག་བསྒྱུར་བ་དང་ཉེན་རྟོག་པ་ཚོར་གཅར་རྡུང་གཏོང་རྩིས་བྱས་ཡོད་སྐོར་བརྗོད་འདུག
སྤྱི་ཚོགས་དྲ་ལམ་དུ་རྒྱ་ནག་གཞུང་འབྲེལ་གྱིས་བཏང་བ་ཡིན་ལུགས་ཀྱི་གནས་ཚུལ་ཞིག་ཁྱབ་བཞིན་པའི་ནང་། ཝུ་ཧན་ནད་ཡམས་ཞི་ལྷོད་དུ་སོང་རྗེས་ཝུ་ཧན་གྲོང་ཁྱེར་ཕུད་པའི་ས་གནས་གཞན་གྱི་འགྲོ་སྐྱོད་བཀག་རྒྱ་ལྷོད་ཡོད་པ་དང་། ཧུ་པའེ་ཧོང་མེ་རྫོང་ཉེན་རྟོག་ཕྱོགས་དང་ཅང་ཤིས་ཞིང་ཆེན་ཅིའུ་ཅང་གྲོང་ཁྱེར་ཉེན་རྟོག་པའི་བར་འགྲོ་འོང་ཐད་ནས་གདོང་ཐུག་བྱུང་ཡོད་པ་དང་། དེ་ལ་རྐྱེན་བྱས་ཏེ་གཞི་ཁྱོན་ཆེ་བའི་སྤྱིའི་ཚོགས་རང་བཞིན་གྱི་དོན་རྐྱེན་བྱུང་ཡོད་སྐོར་བརྗོད་ཡོད་པ་ལས། ཐེངས་འདིའི་དོན་རྐྱེན་ཁྲོད་མི་ལ་རྨས་སྐྱོན་དང་གཞུང་ཕྱོགས་ནས་ག་རེ་བྱས་ཡོད་མེད་སོགས་གསལ་ཁ་གང་ཡང་མི་འདུག
རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་དང་སངས་རྒྱས་དཀོན་མཆོག  

འབྲེལ་ཡོད་གསར་འགྱུར།

tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༧ སྔོན་ལ།
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

ཆུ་ཚོད་ ༡༠ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

ཆུ་ཚོད་ ༡༠ སྔོན་ལ།
TTT
Mobile App

ཚེ་རིང་བདེ་སྐྱིད་ལགས་འདི་ལོའི་ཨ་རིའི་ཁུན་སི་གྲོང་ཁྱེར་གྱི་སྟོབས་ཤུགས་ཆེ་བའི་མི་སྣ་ ༡༠༠ ནང་མིང་འདོན་བྱས། 

ཆུ་ཚོད་ ༡༡ སྔོན་ལ།
Mobile App

བལ་ཡུལ་གཞུང་གསར་པས་རྒྱ་ནག་ཚུད་པའི་སུལའང་བལ་ཡུལ་གྱི་ས་ཁོངས་བེད་སྤྱོད་གཏོང་གི་འཇུག་གི་མིན་ཟེར། 

ཆུ་ཚོད་ ༡༢ སྔོན་ལ།
TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

༢༠༢༦/༠༤/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese