མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་སར་མཛེས་རྩལ་ཁང་ཆེན་པོ་ཞིག་རྒྱག་གི་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༠/༠༣/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་དྲག་གནོན་བྱས་ཏེ་ལོ་ངོ་ ༧༠ འཁོར་བར་ལེགས་སྐྱེས་ཡིན་ཚུལ་གྱིས་བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར་ནང་བོད་ལྗོངས་མཛེས་རྩལ་ཁང་ཞེས་པ་ཞིག་འཛུགས་སྐྲུན་མགོ་འཛུགས་བྱས་འདུག

ཁ་སང་ཕྱི་ཚེས་ ༢༩ ཉིན། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར་ནང་ས་ཁྱོན་ལ་སྨི་ ༤༧༣༤༠ ཡོད་པའི་བོད་ལྗོངས་མཛེས་རྩལ་ཁང་ཞེས་པ་ཞིག་འཛུགས་སྐྲུན་བྱེད་མགོ་བཙུགས་ཡོད་པ་དང་། མཛེས་རྩལ་ཁང་དེ་ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ཏེ་ལོ་ངོ ༡༠༠ འཁོར་བ་དང་། བོད་ཞི་བའི་བཅིངས་འགྲོལ་ཟེར་བ་བཏང་ནས་ལོ་ངོ་ ༧༠ འཁོར་བར་འཚམས་འདྲིའི་ལག་རྟགས་ལ་སྤྲོད་རྒྱུ་ཡིན་སྐོར་བཤད་འདུག

དེ་འབྲེལ་གནས་ཚུལ་ནང་། བོད་ལྗོངས་མཛེས་རྩལ་ཁང་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་རིག་གནས་དང་རིག་རྩལ་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐབས་ཇུས་གལ་ཆེན་ཞིག་དང་། བོད་གསར་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་བྱེད་པའི་རྣམ་གྲངས་གལ་ཆེན་ཞིག་ཡིན་པ་མ་ཟད། མི་མང་གི་བསམ་པའི་དཔལ་ཡོན་ཡར་རྒྱས་གཏོང་ཐབས་ཀྱི་ལས་གཞི་གལ་ཆེན་ཞིག་ཡིན་པ་དང་། མཛེས་རྩལ་ཁང་དེར་བོད་ཀྱི་རིག་གནས་དང་ལོ་རྒྱུས། དྲིལ་བསྒྲགས་སོགས་གཞི་གཅིག་ཏུ་བསྡུས་པའི་དེང་རབས་ཅན་དང་། རྒྱལ་སྤྱི་ཅན་གྱི་ཕྱོགས་བསྡུས་མཛེས་རྩལ་ཁང་ཆེ་གྲས་ཤིག་ཡིན་སྐོར་བཤད་འདུག

གནས་ཚུལ་དེའི་ནང་མུ་མཐུད་། མཛེས་རྩལ་ཁང་དེའི་ལས་གྲྭ་དང་པོ་དང་གཉིས་པ་ཕྱི་ལོ་ ༢༠༢༡ ལོའི་ཟླ་༧ པར་འགྲུབ་པ་བྱ་རྒྱུ་ཡིན་པ་དང་། ཟླ་ ༧ པར་འགྲེམས་སྟོན་ཁང་གཙོ་བོའི་སྒོ་ཕྱེ་སྟེ་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་ ༡༠༠ འཁོར་བ་དང་བོད་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བ་ཟེར་བ་དེར་ལག་རྟགས་སུ་འབུལ་རྒྱུའི་མཛད་སྒོ་འཚོགས་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

འདས་པའི་ལོ་ཤས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་དེ་རྒྱ་མི་ཡུལ་སྐོར་བའི་ལྟེ་གནས་ཤིག་བཟོ་རྒྱུའི་ལས་གཞི་ཆེན་པོ་ལག་བསྟར་བྱེད་བཞིན་ཡོད་པ་ལྟར།  འདི་ལོའི་ལོ་མགོ་ནས་བོད་ཀྱི་རྒྱལ་ས་ལྷ་སར་སྨན་ཁང་དང་ཡུལ་སྐོར་བྱེད་སའི་འཛུགས་སྐྲུན་ལས་གཞི་མང་དག་ཅིག་མགོ་འཛུགས་བྱས་ཡོད་པ་ལས། མ་དངུལ་རྒྱ་སྒོར་དུང་ཕྱུར་ ༡༠ ལྷག་བཏང་ནས་སྨན་ཁང་ཆེན་པོ་ཞིག་འཛུགས་སྐྲུན་དང་། ཕོ་བྲང་པོ་ཏ་ལའི་ས་འོག་གཞུང་ལམ་ཕྱོགས་ཕྱོགས་སུ་ལམ་སྣེ་ཇེ་མང་དང་། ལྷ་ས་གྲོང་ཁྱེར་སྤྱིའི་གཞུང་ལམ་འཛུགས་སྐྲུན་སོགས་བསྐྱར་བཅོས་བཅས་འཛུགས་སྐྲུན་མང་པོ་ཞིག་བྱ་རྒྱུ་ཡིན་འདུག

རྒྱ་ནག་གཞུང་གི་གནས་ཚུལ་ནང་སྨན་ཁང་དེ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་དུ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། སྨན་ཁང་དེར་རྗེས་ཕྱོགས་བཅོས་དཀའ་བའི་ནད་གཞི་དང་། ཛ་དྲག་མྱུར་སྐྱོབ། སྙིང་ཁྲག་ཀླད་རྩའི་ནད་དང་། བརྡབ་སྐྱོན། དབུགས་ལམ་སོགས་ས་མཐོའི་རང་བཞིན་གྱི་ནད་གཞི་བཅོས་ཐུབ་ཀྱི་ཡོད་སྐོར་དང་། འདི་ལོའི་ཕྱི་ཟླ་ ༦ པ་ནས་ས་འོག་ཨར་ལས་དང་ལས་བྱེད་པའི་ཁང་པ་ཚར་རྒྱུ་ཡིན་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་དཔལ་འབྱོར་འཕེལ་རྒྱས་སོགས་ལ་ཁ་གཡར་ཏེ། བོད་ཀྱི་རྒྱལ་ས་ལྷ་ས་དང་བོད་ཁུལ་ཡོངས་སུ་གཞི་རྒྱ་ཆེ་བའི་མེ་འཁོར་ལྕགས་ལམ་དང་གཞུང་ལམ་སོགས་ཀྱིས་མཐུད་དེ། རྒྱ་རིགས་མི་སེར་བོད་ནང་ཡོང་བར་ཕྱོགས་ཡོངས་ནས་སྟབས་བདེ་སྐྲུན་བཞིན་ཡོད་པ་དང་། རྒྱལ་སྤྱིའི་སྟེང་ལས་གཞི་དེ་དག་ནི་རྒྱ་ནག་གཞུང་གིས་བོད་ནང་མི་སེར་སྤེལ་ཡུལ་ཤུགས་ཆེ་རུ་གཏོང་ཐབས་དང་། ཕྱོགས་གཅིག་ནས་འཛུགས་སྐྲུན་ལས་རིགས་དེ་དག་ཁྲོད་བོད་ཀྱི་བཟོ་བཀོད་སྒྱུ་རྩལ་གང་ཡང་མེད་པའི་རྒྱ་ནག་གི་རིག་གནས་བཟོ་བཀོད་དང་བསམ་བློ་སྤེལ་ཐབས་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

སྐར་མ ༤༧ སྔོན་ལ།
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

ཆུ་ཚོད་ ༤ སྔོན་ལ།
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

ཆུ་ཚོད་ ༢༣ སྔོན་ལ།
gulf-insider
Mobile App

རྒྱ་ནག་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་རེད་འདུག

༢༠༢༦/༠༥/༠༤
Mobile App

བོད་སློབ་གྲྭ་ཁག་ཏུ་ལུས་ཐོག་ཉེས་ཆད་གཏོང་རྒྱུ་ངེས་པར་དུ་མཚམས་འཇོག་གནང་དགོས།

༢༠༢༦/༠༥/༠༤
TTT
Mobile App

རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་སྲུང་གཙི་ཞུས་སོང་།

༢༠༢༦/༠༥/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese