མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་རྒྱ་གར་སྲིད་བློན་མཆོག་གི་ཐེབས་རྩར་ཞལ་འདེབས་གནང་འདུག

བོད་ཀྱི་དུས་བབ།
༢༠༢༠/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

སྲིད་བློན་མུ་དྷི་མཆོག་གི་ཐེབས་རྩ་ནས་ནད་ཡམས་སྔོན་འགོག་གི་དུས་སྐབས་སུ་ཛ་དྲག་དགོས་ངེས་ཅན་ཚོར་མཐུན་འགྱུར་བསྐྲུན་ཆེད་༧གོང་ས་མཆོག་གི་ཐེབས་རྩ་དང་ཕོ་བྲང་གི་ལས་བྱེད་ཡོངས་ནས་ཉིན་གཅིག་གི་གསོལ་ཕོགས་ཞལ་འདེབས་སུ་གནང་གཏན་འཁེལ་འདུགདེ་རིང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་གསུང་འཕྲིན་ཞིག་བསྩལ་ཏེ། སྲིད་བློན་མཆོག་གི་ཏོག་དབྱིབས་རིམས་འགོག་གི་ཐབས་བྱུས་ལ་མགོན་པོ་གང་ཉིད་ནས་རྒྱབ་སྐྱོར་དང་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཛད་ཀྱི་ཡོད་སྐོར་གསུངས་ཡོད་པ་མ་ཟད། ཏཱ་ལའི་བླ་མ་ཐེབས་རྩ་ནས་རོགས་དངུལ་དང་ཕོ་བྲང་གི་ལས་བྱེད་ཡོངས་ནས་ཉིན་གཅིག་གི་གསོལ་ཕོགས་ཞལ་འདེབས་སུ་གནང་གཏན་འཁེལ་ཡོད་འདུག

གསུང་འཕྲིན་ནང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ད་ལྟའི་དཀའ་རྙོག་འདིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གདོང་ལེན་བྱ་དགོས་པའི་གནད་དོན་ཆེན་པོ་ཞིག་བསླངས་ཡོད་པ་དང་། དེར་ཁ་གཏད་གཅོག་པའི་ཐབས་བྱུས་ནན་པོ་དགོས་ཀྱི་ཡོད་པ་དེར་བསྔགས་བརྗོད་ཞུ་བཞིན་ཡོད། ཅེས་དང་། ཁྱེད་ཀྱིས་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་དང་མཉམ་འབྲེལ་གྱི་ཐོག་ནས་ཏོག་དབྱིབས་རིམས་འགོག་གི་ཛ་དྲག་མ་དངུལ་འཛུགས་རྒྱུ་དང་། ཕན་ཚུན་བར་གནས་ཚུལ་དང་། ཤེས་བྱ་བརྒྱུད་སྤེལ་བྱ་རྒྱུའི་ཐབས་བྱུས་བཏིང་པར་ངོས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདི་ལྟ་བུའི་མཉམ་ལས་ཀྱིས་མ་འོངས་པའི་དཀའ་ངལ་གཅིག་མཚུངས་དག་སེལ་རྒྱུར་མིག་དཔེ་བསྟན་རྒྱུ་རེད། ཅེས་གསུངས་ཡོད་འདུག

ཡང་༸གོང་ས་མཆོག་གིས། ངོས་ཀྱི་ཤ་ཚ་དང་རྒྱབ་སྐྱོར་མཚོན་དོན་དུ། ཏཱ་ལའི་བླ་མ་ཐེབས་རྩ་ནས་འདི་ལྟ་བུའི་དཀའ་རྙོག་སྐབས་ངལ་སེལ་ཆེད་བཞག་པའི་སྲིད་བློན་གྱི་གཟིགས་སྐྱོང་ཐེབས་རྩ་(PM Cares) ཐོག་ཞལ་འདེབས་འབུལ་རྒྱུ་ཡིན། དེ་བཞིན་ངའི་ལས་ཁུངས་ཀྱི་ལས་བྱེད་ཚོས་རང་གི་ཉིན་གཅིག་གི་ཕོགས་དངུལ་རྣམས་སྲིད་བློན་གྱི་ཐེབས་རྩ་དེར་འབུལ་རྒྱུ་ཡིན་པའང་བཤད་འདོད་བྱུང་། ཞེས་དང་། ངས་གཞན་དུ་བཤད་ཟིན་པ་ལྟར། འཛམ་གླིང་ས་ཕྱོགས་གང་སར་དགོས་པའི་དབང་གིས་བཏང་བའི་ཕྱི་བསྐྱོད་བཀག་སྡོམ་གྱི་བཀའ་རྒྱ་དེའི་རྐྱེན་པས། མི་མང་པོར་འཚོ་རྟེན་བརླག་སྟེ་དཀའ་ངལ་ཚབས་ཆེན་འཕྲད་བཞིན་འདུག ལྷག་པར་དུ་ཡོང་འབབ་གཏན་འཇགས་མེད་པའི་མི་ཚོར་དཀའ་ངལ་དེ་བས་ཆེན་པོ་འཕྲད་བཞིན་ཡོད། དེར་བརྟེན། ངོས་རང་ནས་སྲིད་བློན་གྱི་གཟིགས་སྐྱོང་ཐེབས་རྩ་ལྟ་བུའི་ཐེབས་རྩས་མི་དེ་ཚོར་ཛ་དྲག་དགོས་ངེས་ཀྱི་མཐུན་འགྱུར་བསྐྲུན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཅེས་གསུངས་འདུག

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་དགའ་ལྡན་ཕོ་བྲང་གི་གསར་འགོད་དྲུང་ཆེ་ཚེ་བརྟན་བསམ་གྲུབ་ལགས་སུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྲིད་བློན་གྱི་གཟིགས་སྐྱོང་ཐེབས་རྩ་ལ་དངུལ་འབོར་ག་ཚོད་འབུལ་གཏན་འཁེལ་ཡོད་མེད་བཀའ་འདྲི་ཞུས་པར། དངུལ་ང་ཚོས་ཞུ་ཡི་ཡོད་པ་མ་རེད། དངུལ་ཞུ་ཡི་ཡོད་ན་ང་ཚོས་འབྲི་ཡི་རེད། དངུལ་དེ་གལ་ཆེན་པོ་མ་རེད། ང་ཚོས་རོགས་རམ་བྱས་ཏེ་མཉམ་དུ་འགྲོ་རྒྱུ་དེ་གལ་ཆེན་པོ་རེད། ཁ་སྔོན་མངའ་སྡེ་གཞུང་ལ་དངུལ་ཕུལ་བ་དེའང་དངུལ་འབབ་བྲིས་ཡོད་པ་མ་རེད། ཅེས་གསུངས་བྱུང་།

ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་ལས་བྱེད་ཚོས་ག་ཚོད་འབུལ་འཆར་ཡོད་མེད་སྐོར་ལ་ཁོང་གིས། ད་ལྟ་༧རྒྱལ་བ་རིན་པོ་ཆེ་མཆོག་གི་ཐེབས་རྩ་ནས་ཕུལ་གནང་པ་རེད། ཞོར་དུ་སྲིད་བློན་ལས་ཁུངས་ལ་ང་ཚོ་དགའ་ལྡན་ཕོ་བྲང་གི་ལས་བྱེད་ཚང་མས་ཉིན་གཅིག་གི་གླ་ཆ་དེ་སྲིད་བློན་གྱི་གཟིགས་སྐྱོང་ཐེབས་རྩར་འབུལ་གྱི་ཡོད་དུས། ང་ཚོས་མགྱོགས་པོ་བསྡུ་རུབ་བྱེད་ཀྱི་ཡོད་པ་རེད། ཅེས་གསུངས་བྱུང་།

མཐའ་མཇུག་དེར་༸གོང་ས་མཆོག་ནས་རྒྱ་གར་དབུས་གཞུང་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་ཐབས་བྱུས་དེ་དག་ལམ་ལྷོངས་ཡོར་རྒྱུར་ཐུགས་ལ་གདེང་སྤོབས་པ་མ་ཟད། ཐབས་བྱུས་དེ་དག་གིས་ནད་ཡམས་འདི་འགོག་ཐུབ་རྒྱུར་ཐུགས་སྨོན་གནང་གི་ཡོད་སྐོར་གསུངས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་། ཀླུ་མགོན་ཐར།

མཆན། 1

  1. བསོད་ནམས་རྒྱལ་མཚན། says:
    ལོ་ 3 སྔོན།

    ༄། །སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། །ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བཞེ་དོན་ལྷུན་འགྲུབ་ཤོག །།

    ༄། །ཇི་སྲིད ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །།

    ༄། །ཕ་མ་སེམས་ཅན་ཐམས་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པ་དང་། །བྱང་ཆུབ་སེམས་དཔའ་གང་ན་སུ་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག །།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist