མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་ལ་འབྲུ་རིགས་དང་བཟའ་བཅའི་དཀའ་ངལ་ཡོང་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༢༠/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིང་ལས་དང་བཟའ་བཅའ་ལྷན་ཚོགས་གཙོའི་རྒྱལ་སྤྱིའི་འབྲུ་རིགས་ཆེད་མཁས་པ་ཚོས་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་འཛམ་གླིང་མི་མང་ལ་བཟའ་བཅའི་དཀའ་ངའ་འཕར་མ་ཞིག་འཕྲད་རྒྱུ་ཡིན་པའི་ཉེན་བརྡ་བཏང་།ཕྱི་ཟླ་ ༣ ཚེས་ ༣༠ ཉིན། དབྱིན་ཡུལ་གྱི་ལྟ་སྲུང་(The Guardian)གསར་ཁང་གཙོའི་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིང་ལས་དང་བཟའ་བཅའ་ལྷན་ཚོགས་གཙོའི་རྒྱལ་སྤྱིའི་འབྲུ་རིགས་ཆེད་མཁས་པ་ཚོས་ཏོག་དབྱིབས་རིམས་ནད་རྐྱེན་གྱིས། འཛམ་གླིང་ཡོངས་སུ་འབྲུ་རིགས་དང་བཟའ་བཅས་མི་འདང་བའི་དཀའ་ངལ་འཕྲད་རྒྱུ་ཡིན་སྐོར་བརྗོད་བཞིན་ཡོད་པ་དང་། སི་པན་དང་འཇར་མན་སོགས་ཀྱི་ཞིང་བ་ཚོས་ད་ལྟ་ནས་ཟས་རིགས་དང་སྔོ་ཚལ་སོགས་གསར་པ་མཁོ་འདོན་མི་ཐུབ་པའི་དཀའ་ངལ་གནས་སུ་ལྷུང་ཡོད་པའི་ཉེན་བརྡ་བཏང་ཡོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིང་ལས་དང་བཟའ་བཅའ་ཚན་པས། ད་ལྟའི་ཆར་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་འཛམ་གླིང་ཡོངས་སུ་ཟས་རིགས་དབོར་འདྲེན་གྱི་འཁོར་སྐྱོད་ཐད་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པ་མ་ཟད། རྒྱལ་ཁབ་མང་པོའི་ནང་ཁྱིམ་སྡོད་བཀའ་བརྒྱའི་འོག་ཞིང་ལས་དང་འབྲུ་རིགས་འདེབས་འཛུགས་མཚམས་འཇོག་བྱེད་པ་དང་། ཟས་རིགས་ལས་སྣོན་གྱི་བཟོ་གྲྭ་མང་པོས་ལས་མཚམས་བཞག་པ་སོགས་ཀྱིས་འཛམ་གླིང་སྤྱིའི་ཟས་རིགས་འཁོར་སྐྱོད་ལ་ཤུགས་རྐྱེན་ཐེབས་ཡོད་པས། མ་འོངས་ཕྱི་ཟླ་ ༤ དང་༥ ནང་འཛམ་གླིང་ཡོངས་སུ་བཟའ་བཅའ་དང་འབྲུ་རིགས་ཀྱིས་མ་འདང་བའི་དཀའ་ངལ་འཕྲད་རྒྱུ་ཡིན་པ་མངོན་གསལ་ཡིན་སྐོར་བརྗོད་འདུག

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢༧ ཉིན། མཉམ་འབྲེལ་རྒྱལ་ཚོགས་ཟས་རིགས་བདེ་འཇགས་ལྷན་ཚོགས་ཀྱིས་ཀྱང་། ཏོག་དབྱིབས་རིམས་ནད་རྐྱེན་གྱིས་རྒྱལ་ཁབ་ཕན་ཚུན་གྱི་རྒྱལ་མཚམས་བཀག་འགོག་ཤུགས་ཆེན་བྱེད་བཞིན་པས། མི་རིང་བར་ཟས་རིགས་འཁོར་སྐྱོད་ལ་དཀའ་ངལ་དང་མི་འབོར་མང་བ་དང་འབྲུ་རིགས་མཁོ་འདོན་ཉུང་བའི་རྒྱལ་ཁབ་ཁག་ནང་དཀའ་ངལ་འཕྲད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་འཕྲོད་བསྟེན་ལྷན་ཚོགས་ཀྱིས་འབྲུ་རིགས་ཞལ་འདེབས་འབུལ་སའི་ཐེབས་རྩ་ཁང་བཙུགས་ཏེ། རྒྱལ་ཁབ་དང་ཚོགས་སྡེ་ཁག་གིས་འབྲུ་རིགས་ཞལ་འདེབས་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད་འདུག

རྒྱལ་སྤྱིའི་ཟས་རིགས་ཆེད་མཁས་པ་ཚོས་རྒྱ་ནག་ནང་མི་འབོར་མང་བ་དང་རྒྱ་ནག་གི་འབྲུ་རིགས་དང་བཟའ་བཅའི་རིགས་མང་པོ་ཞིག་ཕྱིའི་རྒྱལ་ཁབ་ཁག་ནས་ནང་འདྲེན་བྱེད་བཞིན་ཡོད་སྟབས།  ཏོག་དབྱིབས་རིམས་ནད་ཀྱིས་ཡུན་རིང་རྒྱལ་ཁབ་ཁག་གི་ཚོང་ལས་ལ་ཤུགས་རྐྱེན་ཐེབས་པ་ཡིན་ན། རྒྱ་ནག་གི་མི་འབོར་དུང་ཕྱུར་ ༡།༧ དང་རྒྱ་ནག་གིས་མཁོ་འདོན་བྱེད་བཞིན་པའི་རྒྱལ་ཡོངས་འབྲུ་རིགས་ཀྱི་ཚད་གཞིའི་བར་ཧེ་བག་ཆེན་པོ་ཡོད་པས། རྒྱ་ནག་ནང་འབྲུ་རིགས་ཐད་དཀའ་ངལ་འཕྲད་རྒྱུ་ཡིན་པ་མ་ཟད། བཟའ་འབྲུའི་རིགས་ཉུང་རུ་ཕྱིན་པ་དང་བསྟུན་རྒྱལ་སྤྱི་དང་རྒྱ་ནག་ནང་ལ་བཟའ་བཅའི་གོང་ཚད་འཕར་ཏེ། རྒྱ་ནག་གི་མི་གྲངས་འབོར་ཆེན་ལ་བཟའ་ཆས་ཀྱི་དཀའ་ངལ་འབྱུང་རྒྱུ་ཡིན་སྐོར་བརྗོད་འདུག

གནད་དོན་དེའི་ཐད་རྒྱ་ནག་ཧྲང་ཧེ་ཐོང་ཅི་(Tongji University)གཙུག་ལག་སློབ་གྲྭའི་དཔལ་འབྱོར་སློབ་དཔོན་ཁྲིན་ཀོ་ཆཱན(Cheng Guoqian)ཟེར་བ་ཞིག་གིས། གལ་ཏེ་དུས་ཡུན་ཐུང་ཐུང་ནང་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་རིམ་ནད་བཀག་འགོག་མ་ཐུབ་པ་ཡིན་ན། འཛམ་གླིང་རྒྱལ་ཁབ་ཁག་ཡོངས་སུ་བཟའ་བཅའི་དཀའ་ངལ་ཤུགས་ཆེན་འཕྲད་རྒྱུ་ཡིན་པ་མ་ཟད། རྒྱ་ནག་གཙོའི་རྒྱལ་ཁབ་ཁ་ཤས་ནང་ཟས་རིགས་བདེ་འཇགས་དང་གོང་ཚད་སོགས་ཀྱི་ཐད་ནས་མི་མང་ཁྲོད་དཀའ་ངལ་ཆེན་པོ་ཞིག་འཕྲད་རྒྱུ་ཡིན་སྐོར་བརྗོད་འདུགགཞན་འདས་པའི་ཉིན་ཤས་ནས་བཟུང་སི་པན་དང་འཇར་མན་སོགས་ཡུ་རོབ་རྒྱལ་ཁབ་ཁག་གི་ནང་ཞིང་པ་ཚོས་ཟས་རིགས་དང་སྔོ་ཚལ་གསར་པ་རིགས་མཁོ་འདོན་མི་ཐུབ་པར་གྱུར་ཡོད་པའི་དཀའ་ངལ་བྱུང་གི་ཡོད་པ་དང་། དེ་རིང་ནས་ཨེ་ཤ་ཡའི་(Food Industry Asia)བཟའ་བཅའ་བཟོ་ལས་ཁང་དང་། ལྷོ་ཤར་ཨེ་ཤ་ཡའི་(ASEAN)རྒྱལ་ཁབ་ཁག་གི་ལྷན་ཚོགས་སོགས་ཀྱིས་ཏོག་དབྱིབས་རིམས་ནད་རྐྱེན་གྱིས། ཨེ་ཤ་ཡའི་ནང་བཟའ་བཅའི་ཚོང་ལས་འཁོར་སྐྱོད་ཐད་ཤུགས་རྐྱེན་ཐེབས་ཏེ་ཟས་རིགས་ཐད་དཀའ་ངལ་འཕྲད་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་འདུག

རྒྱ་ནག་ལྷོ་ཕྱོགས་ཞོགས་པའི་ཆ་འཕྲིན་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང། ཝེ་ཐི་ནམ་རྒྱལ་ཁབ་ནི་འཛམ་གླིང་གི་འབྲས་ཐོན་སྐྱེད་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་གཉིས་པ་ཡིན་ན་ཡང་། ཉིན་ཤས་སྔོན་ཝེ་ཐི་ནམ་ནང་འབྲུ་རིགས་སོགས་ཀྱི་དཀའ་ངལ་ཡོང་བར་དོགས་ནས་འབྲས་སོགས་ཕྱིར་འདྲེན་བྱེད་མཚམས་བཞག་ཡོད་པ་དང་། གཞན་ཕྱི་ཚེས་ ༣༠ ཉིན་ནས་ཧོང་ཀོང་དང་ཐའེ་ལན་ཊི་སོགས་ཚོང་ཁང་ཆེན་པོ་ཁག་གི་ནང་འབྲུ་རིགས་དང་སྒོང་ང་སོགས་རྒྱུན་སྤྱོད་ཟས་རིགས་མང་པོ་ཞིག་བཙོང་ཚར་དེ་སྟོང་པར་ཆགས་ཡོད་སྐོར་བརྗོད་ཡོད་པ་དང་། དེ་བཞིན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་ཅིག་གཙོའི་ཨེ་ཤ་ཡའི་ནང་འདི་ལོར་འབུ་ཆ་ག་པའི་གནོད་འཚེ་ཐེབས་ཏེ། ཞིང་ལས་དང་འབྲུ་རིགས་ལ་གནོད་པ་ཤུགས་ཆེན་ཐེབས་ཡོད་པ་མ་ཟད། ཞིང་པ་མང་པོས་ཞིང་ལས་གཉེར་མ་ཐུབ་པའི་གནས་སྟངས་སོགས་བྱུང་ཡོད་པས་འབྲུ་རིགས་ཐད་ནས་དཀའ་ངལ་ལྷག་མ་ཞིག་འབྱུང་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

སྐར་མ ༡ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

སྐར་མ ༥ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༡ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢

མཆན། 1

  1. བསོད་ནམས་རྒྱལ་མཚན། says:
    ལོ་ 6 སྔོན།

    ད་ སྟིབ་ཆེན་རྒྱལ་ཁབ་ རྒྱ་གར། ?? རྒྱ་དམར། ?? ཨུ་རུ་སུ། ?? ཨ་རི། ?? ཁོང་ཚོ་སེམས་ཁྲལ་མི་དགོས་པ་ཡིན། གང་ལ་ཞུས་ན་་་ ཉེ་ཆར་ཁོང་ཚོའི་འཛམ་གླིང་ནང་ གོ་མཚོན་ངོམ་སོ་སྟོན་སོང་ང་། གོ་མཚོན་འདི་གེ་དེ་ ད་ ཏོག་དབྱིབས་ནད་འབུ་ལ་ བཏང་ན་སྒྲིག་གི་རེད་པ། ?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese