མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐུབ་བསྟན་དབང་ཆེན་ལགས་ཡུ་རོབ་སྤྱི་འཐུས་ནས་རང་བཞིན་གྱིས་འཕོ་འགྱུར་བྱུང་།

བོད་ཀྱི་དུས་བབ།
༢༠༢༠/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ནས་སྒྲིག་གཞི་དམ་དྲགས་པ་ལ་བརྟེན་ནས་སྐྱོན་གང་ཡང་མེད་པར་རང་བཞིན་གྱིས་འཕོ་འགྲོ་དགོས་པའི་གནས་ཚུལ་འདི་འདྲ་ཡོང་གི་ཡོད་དུས་མ་འོངས་པར་ངེས་པར་དུ་དགོངས་པ་བཞེས་དགོས་པ་ཞིག་ཆགས་ཡོད་སྐོར་གསུངས་བྱུང་།
ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལྷན་ཁང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༧ པའི་ནང་གསེས་ ༢ པའི་དགོངས་དོན་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༧༨ པའི་ནང་གསེས་དོན་ཚན་ ༣ པ་གཞིར་བཟུང་། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་ ༨ དང་ ༩ པ་བཅས་ཐེངས་གཉིས་བསྟུད་མར་བཅར་མ་ཐུབ་པའི་རྐྱེན་གྱིས། ཁོང་སྤྱི་འཐུས་ནས་རང་བཞིན་གྱིས་འཕོས་པར་བརྟེན། ཡུ་རོབ་སྤྱི་འཐུས་ཀྱི་སྒུག་ཐོའི་ནང་ཡོད་པའི་བཀྲིས་མཐོང་བསྟན་འཛིན་དབང་པོ་ལགས་ཡུ་རོབ་སྤྱི་འཐུས་གཞན་དེར་བསྐོས་བཞག་གནང་ཡོད་འདུག

འདི་གའི་གསར་འགོད་པས་སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་སུ་འབྲེལ་བ་ཞུས་ཀྱང་མཐུད་ཐུབ་མ་སོང་ཡང་། ཁོང་གིས་འཕོ་འགྱུར་སྐོར་ལ་སྒེར་གྱི་སྤྱི་ཚོགས་དྲ་ལམ་དུ་བརྙན་ཐུང་ཞིག་སྤེལ་གནང་བའི་ནང་།  འདས་ལོའི་ཕྱི་ཟླ་ ༩ པའི་ནང་གྲོས་ཚོགས་ནས་དགོངས་པ་ཞུས་ཏེ། ཟླ་བ་གཉིས་དང་བདུན་ཕྲག་གཅིག་ལྷག་གི་རིང་ཡུ་རོབ་ཀྱི་རྒྱལ་ཁབ་ ༣༠ ཐམ་པའི་ནང་ལ་བོད་ཀྱི་རྩ་དོན་བོད་རྒྱ་ཞི་མོལ་ཡོང་ཆེད་ཞུ་གཏུག་ལས་འགུལ་ལ་བསྐྱོད་པའི་རྐྱེན་གྱིས་གྲོས་ཚོགས་ལ་བཅར་ཐུབ་མེད་པ་དང་། ཡང་འདི་ལོའི་ཕྱི་ཟླ་ ༣ པའི་གྲོས་ཚོགས་ཀྱི་སྔོན་རྩིས་ཚོགས་དུས་ཆེད་རྒྱ་གར་གྱི་ཐོངས་མཆན་དང་གནམ་གྲུའི་འཛིན་བྱང་རྣམས་བླངས་ཏེ་ཐོན་ཆོག་ཆོག་ཡིན་ཡང་། སྟབས་མ་ལེགས་པར་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་རྒྱ་གར་གཞུང་གིས་ཨི་ཊ་ལིའི་གཙོས་པའི་ཧྥ་རན་སི་དང་སི་པན། འཇར་མ་ནི་བཅས་ནས་ཡོང་མི་ཆོག་པའི་བཀའ་རྒྱ་བཏང་བར་བརྟེན་ཐོན་ཐུབ་མེད་སྐོར་དང་། དེ་ནས་སི་པན་དུ་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་ལ་བཅར་ཏེ་རྒྱ་གར་ནང་བསྐྱོད་ཐུབ་རྒྱུའི་འབད་བརྩོན་ཞུས་ཀྱང་བྱུང་མེད་པས་སྤྱི་འཐུས་ནས་རང་བཞིན་གྱིས་འཕོས་ཡོད་སྟབས། ཡུ་རོབ་དང་ལྷོ་ཨ་ཧྥེ་རི་ཁའི་སྤྱི་འཐུས་ཀྱི་སྒུག་ཐོའི་ནང་ཡོད་པའི་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་བོད་མི་མང་སྤྱི་འཐུས་སུ་བསྐོ་གཞག་བྱུང་ཡོད་སྐོར་དང་། རང་ཉིད་ནས་འདས་པའི་ལོ་ ༩ རིང་བོད་མི་མང་གི་སྤྱི་འཐུས་ཀྱི་མིང་འཁུར་ཏེ་གང་ཐུབ་ཅི་ཐུབ་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་སྒྲུབ་ཐབས་དང་བོད་དོན་དྲིལ་བསྒྲགས་དང་རྒྱབ་སྐྱོར་རག་ཐབས་ལ་འབད་བརྩོན་ཞུས་ཡོད་པ་དང་། མང་ཚོགས་ནས་རང་ཉིད་ལ་རྒྱབ་སྐྱོར་གནང་བ་བཞིན་བཀྲས་མཐོང་བསྟན་འཛིན་དབང་པོ་ལགས་དང་ཟམ་མདོ་བྱམས་པ་ཚེ་རིང་ལགས་གཉིས་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་གནང་འདུག

འདི་གའི་གསར་འགོད་པས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱང་གནས་མཆོག་ལ་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ཐུབ་བསྟན་དབང་ཆེན་ལགས་བོད་མི་མང་སྤྱི་འཐུས་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་ ༨ པའི་སྐབས་ལ་དགོངས་པ་ཞུས་ཏེ་སྤྱི་པའི་རྩ་དོན་བོད་དོན་ཞུ་གཏུག་གི་ལས་འགུལ་ཆེད། ཟླ་བ་གཉིས་དང་ཉིན་འགའི་རིང་ཡུ་རོབ་རྒྱལ་ཁབ་སུམ་ཅུ་ཙམ་ལ་སྐོར་སྐྱོད་གནང་བ་རེད། གྲོས་ཚོགས་ཚོགས་དུས་དགུ་པ་དེར་ཁོང་རང་ངོས་ནས་ཐོངས་མཆན་དང་གནམ་གྲུའི་འཛིན་བྱང་ཆ་ཚང་བླངས་ནས་ཐོན་ཆོག་ཆོག་ཡོད་སྐབས། ད་ལྟ་རྒྱ་ནག་ཝུ་ཧན་ནས་དར་བའི་ནད་དུག་འདིའི་རྐྱེན་པས། རྒྱ་གར་དབུས་གཞུང་གིས་སི་པན་དང་། འཇར་མན་ནི། ཧྥ་རན་སི་བཅས་ནས་མི་ཡོང་མ་ཆོག་པ་བཟོས་པ་རེད། ད་དུང་ཁོང་རང་གིས་རྒྱ་གར་གྱི་གཞུང་ཚབ་ཁང་ལ་ཐབས་ཤེས་མང་པོ་གནང་འདུག ང་ཚོའི་ངོས་ནས་རྒྱ་གར་ཕྱི་སྲིད་ལས་ཁུངས་བརྒྱུད་ནས་ཐབས་ཤེས་བྱས་པ་རེད་དེ། གང་ལྟར་ནད་དུག་འདི་ཉི་མ་ནས་ཉི་མར་ཛ་དྲག་ཏུ་ཕྱིན་པ་ཡིན་སྟབས། ང་ཚོའི་ཚོགས་དུས་དེ་ཡང་ཉི་མ་བཅུ་དེ་ཉིན་གཅིག་ནང་འཚོག་དགོས་པ་བཟོས་ཡོད་པ་རེད། དེར་བརྟེན་ཁོང་རང་ཚོགས་དུས་འདི་ལ་ཡང་བཅར་ཐུབ་ཡོད་པ་མ་རེད། ཅེས་དང་། གང་ལྟར་ཁོང་རང་ཚོགས་དུས་ ༨ པར་བཅར་མ་ཐུབ་པ་དེ་སྤྱི་པའི་རྩ་དོན་ཐོག་ལ་དུས་ཚོད་བཏང་གནང་བ་རེད། ཚོགས་དུས་ ༩ པར་ཡང་འཛམ་གླིང་སྤྱི་ཡོངས་ལ་ཝུ་ཧན་ནས་དར་བའི་ནད་ཡམས་འདིས་རྐྱེན་བྱས་ནས་བཅར་མ་ཐུབ་པ་རེད་མ་གཏོགས། མ་བཅར་བ་དེ་འདྲ་མ་རེད། འོན་ཀྱང་སྒྲིག་གཞིའི་ནང་ཚོགས་དུས་གཉིས་བསྟུད་མར་མ་བསླེབས་པ་ཡིན་ན་ཚོགས་དུས་གཉིས་པ་གྲོལ་བའི་ཉིན་མོ་ནས་རང་བཞིན་གྱིས་འཕོས་པ་ལ་ངོས་འཛིན་བྱ་རྒྱུ་ཟེར་བ་དེའི་ཐོག་ནས་འདི་འདྲ་ཆགས་པ་རེད། ཅེས་གསུངས་བྱུང་།དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༧༨ ཀྱི་ནང་གསེང་དོན་ཚན་ ༣ ནང་། ཚོགས་དུས་གཉིས་བསྟུད་མར་ཚོགས་བཅར་མ་ཞུས་ཚེ། ཚོགས་དུས་གཉིས་པ་གྲོལ་ཉིན་ནས་སྤྱི་འཐུས་ནས་འཕོས་པར་ངོས་འཛིན་བྱ་རྒྱུ། ཞེས་བཀོད་ཡོད། གསར་འགོད་པས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ལ་ད་ལྟའི་གནས་སྟངས་ལ་གཞིགས་ཏེ་སྒྲིག་གཞི་འདིར་བསྐྱར་བཅོས་དགོས་པ་གཟིགས་ཀྱི་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། མཐོང་གི་འདུག དེ་སྔ་ཡུ་རོབ་སྤྱི་འཐུས་ཆུང་བདག་ཀོ་རིན་ལགས་གནས་ཚུལ་དེ་བྱུང་བ་རེད། མོ་རང་སྙུང་གཞི་དྲག་པོ་བྱུང་བ་རེད། དེའི་རྗེས་ཚོགས་དུས་གཉིས་པར་བཅར་རྒྱུའི་འབད་བརྩོན་བྱེད་སྐབས། དེ་གའི་སྨན་པས་འགན་བཞེས་ཀྱི་མེད་གསུངས་པ་ཡིན་སྟབས་བཅར་མ་ཐུབ་པ་རེད། བཅར་འདོད་མེད་པ་མ་རེད་དེ་བཅར་མ་ཐུབ་སྟབས། རང་བཞིན་གྱིས་འཁྱུར་འགྲོ་བའི་གནས་སྟངས་ཆགས་པ་རེད། དངོས་གནས་བྱས་ན་དེ་དུས་སྐབས་ནས་གནས་ཚུལ་དེ་འདྲའི་རིགས་ཡོང་བ་ཡིན་ན་བསྐྱར་བཅོས་ཤིག་བྱེད་རྒྱུ་ཡོད་རེད་དེ་བྱེད་ཐུབ་ཡོད་པ་མ་རེད། ད་ལྟ་ཟློག་ཏུ་མེད་པ་ལྟ་བུ་ཆགས་ཡོད་རེད། གལ་ཏེ་དེ་སྔོན་ནས་བསྐྱར་བཅོས་གནང་ཡོད་ན། ག་རེ་ཡིན་ནའང་ཡོང་སྲིད་པ་ཞིག་རེད། འོན་ཀྱང་དེ་ལྟར་བྱུང་མེད། གང་ལྟར་མ་འོངས་པར་སྒྲིག་གཞི་ལག་བསྟར་བྱེད་ཀྱིན་བྱེད་ཀྱིན་ཉམས་མྱོང་བསགས་ཏེ། སྒྲིག་གཞི་ཁ་ཤས་ལྷོད་དུ་འགྲོ་བ་དང་། ཡང་ཁ་ཤས་དམ་དུ་འགྲོ་སྲིད་པ་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་འདི་ཐོག་མར་གཏན་འབེབ་གནང་དུས་ད་ལྟའི་ཆ་རྐྱེན་འདི་ཡོད་པ་མ་རེད། འོན་ཀྱང་སྤྱི་འཐུས་རེ་ཟུང་གིས་དམ་བཅའ་ཕུལ་ནས་ཚོགས་དུས་གསུམ་དེ་འདྲར་མ་ཕེབས་སྟབས། མང་ཚོགས་ནང་ལ་དགོངས་ཚུལ་ཤུགས་ཆེན་པོ་བྱུང་སྟེ། འདི་འདྲའི་བསྐྱར་བཅོས་བཟོས་དགོས་བྱུང་བ་རེད་ལ། སྒྲིག་གཞི་དམ་དུ་ཕྱིན་པ་རེད། འོན་ཀྱང་ད་ལྟ་སྒྲིག་གཞི་འདི་དམ་དྲགས་པ་ལ་བརྟེན་ནས། སྐྱོན་གང་ཡང་མེད་པ་ལ་རང་བཞིན་གྱིས་འཕོ་འགྲོ་དགོས་པའི་གནས་ཚུལ་འདི་འདྲ་ཡོང་གི་འདུག་གཱ། དེར་བརྟེན་འདི་འདྲའི་རིགས་ལ་དགོངས་པ་བཞེས་དགོས་པ་གནད་འགག་ཆེན་པོ་རེད་བསམ་གྱི་འདུག ཅེས་གསུངས་བྱུང་།

དེ་ཡང་བཅའ་ཁྲིམས་དོན་ཚན་ ༥༧ པའི་ནང་གསེས་དོན་ཚན་ ༢ པའི་ནང་། དེ་ལྟའི་འཕོ་འགྱུར་བྱུང་བ་དང༌། གཞན་ཡང་སྤྱི་འཐུས་སུ་རུང་དགོངས་ཞུས་དང༌། དུས་ཆོས་སུ་གྱུར་པ། བཀའ་བློན་དུ་འདེམས་ཐོན་བྱུང་བ་ཡིན་ན། འོས་བསྡུ་ཆེན་མོའི་སྐབས་སྤྱི་འཐུས་ཡོང་ཁུངས་སོ་སོ་ནས་འོས་ཐོབ་མང་རིམ་རྩེ་བཏོག་གིས་སྤྱི་འཐུས་གྲངས་ཚད་ལོངས་རྗེས་དེའི་འོག་དགོས་ངེས་འོས་ཤོག་ཐོབ་པའི་འོས་གཞི་ལྷག་མ་རྣམས་འོས་ཐོབ་མང་ཉུང་གོ་རིམ་ལྟར་སྒུག་ཐོ་དབུས་འོས་བསྡུ་ལས་ཁང་དུ་བདག་ཉར་ཡོད་པ་དེ་ནས་གོ་རིམ་བཞིན་ཚབ་གསར་འཕྲལ་དུ་དམ་འབུལ་ཞུ་དགོས། གལ་ཏེ་སྒུག་ཐོའི་ནང་སུའང་མེད་ཚེ་ས་སྟོང་བྱུང་བའི་ཉིན་མོ་དེ་ནས་བཟུང་ཉིན་གྲངས་ ༡༨༠ ནང་ཚུན་སྤྱི་འཐུས་གསར་པའི་འོས་བསྡུ་ཟིན་པ་དགོས་རྒྱུ། ཞེས་བཀོད་འདུག་པ་ལྟར། ཡུ་རོབ་སྤྱི་འཐུས་ཀྱི་སྒུག་ཐོའི་ནང་ཨང་རིམ་མཐོ་ཤོས་བོད་མི་མང་སྤྱི་ཟུར་བཀྲས་མཐོང་དབང་པོ་ལགས་བསྐོ་བཞག་གནང་ཟིན་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

གཞས་པ་ཨ་སངས་ལགས་མུ་མཐུད་བཀག་ཉར་འོག་ཡོད་འདུག

༢༠༢༥/༡༠/༡༨
Zhang Youxia (front), newly-elected Vice Chairman of the Central Military Commission of the People's Republic of China, swears an oath with members of the Central Military Commission (L-R) Zhang Shengmin, Liu Zhenli, He Weidong, Li Shangfu, and Miao Hua, after they were elected during the fourth plenary session of the National People's Congress (NPC) at the Great Hall of the People in Beijing. photo credit: Reuter
Mobile App

རྒྱ་ནག་གཞུང་གིས་དམར་ཤོག་དཔོན་རིགས་དགུ་ཕྱིར་ཕུད་བཏང་།

༢༠༢༥/༡༠/༡༨
མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་བརྟན་གསུམ་འདེགས་འབུལ་ཞུས། ༢༠༢༥།༡༠།༡༨ དུས་བབ་ཀྱི་པར།
Mobile App

མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས།

༢༠༢༥/༡༠/༡༨
Richard Gere receiving the Human Rights First Visionary Award. Photo: ICT
Mobile App

བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ།

༢༠༢༥/༡༠/༡༧
Mobile App

སེར་བྱེས་མཁས་སྙན་གྲྭ་ཚང་གིས་༧སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་གཙི་ཞུས།

༢༠༢༥/༡༠/༡༧
Mobile App

བོད་ནང་ཤོག་སྦག་གི་སྒྱུ་རྩལ་འགྲེམས་སྟོན་བྱེད་མཁན་ལ་ཉེས་ཆད་བཅད།

༢༠༢༥/༡༠/༡༦

མཆན། 6

  1. ཚེ་བརྟན་འགྱུར་མེད། says:
    ལོ་ 6 སྔོན།

    ཡུ་རོབ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་སྤྱི་འཐུས་ལས་འགན་ནས་རང་བཞིན་འཕོ་འགྱུར་སོང་བའི་གནས་ཚུལ་འདི་འབྲེལ་ཡོད་རྣམ་པས་སྒྲིག་གཞིའི་གནད་དོན་ལ་བརྩད་ཞིབ་ཆུང་སྐྱོན་དང་འགན་འཁུར་མ་ཞུས་བའི་སྐྱོན་མིན་ནམ་བསམ། གང་གིས་ཞུས་ན་ད་ལམ་གྱི་གནས་ཚུལ་བྱུང་རྐྱེན་འདི་གཞན་དང་མི་འདྲ་བ་ཞིག་ཡོད་པ་ནི་དོ་བདག་སྤྱི་འཐུས་ཉིད་ཕེབས་རྒྱུའི་གྲ་འགྲིགས་ཡོད་པ་མཉམ་ཐབས་ཤེས་གང་ཡོད་ཞུས་འདུག་ཀྱང་རེ་བྲལ་ཡིན་པ་ཤེས་གསལ་ཡིན། དེ་བཞིན་སྒྲིག་གཞི་རང་ལ་མིག་བཙུམ་ན་གཡུ་ཐོག་ཐུབ་སྟོབས་དབང་ཕྱུག་ལགས་ཀྱི་དགོངས་ཚུལ་ལྟར་གྲོས་ཚོགས་ཉིན་གཅིག་ལ་ཇི་ལྟར་གྲོལ་ལམ། སྒྲིག་གཞི་བརྡར་ན་ཆ་ཚང་བ་ཞིག་བརྡར་རྒྱུ་བྱུང་ན་གཡག་ཞ་རའི་རྩ་ཟ་ཚུལ་དེ་བྱུང་མེད། འགན་མེད་ཁ་བདེ་པོའི་སྐད་ཆ་འདྲ་པོ་རེད།

    སྒྲིག་གཞིའི་ནང་ཚོགས་བཅར་མ་ཞུས་ཚེ་ཅེས་པའི་ཚིག་ལ་གོ་རྒྱུ་གཞན་མིན་འདུག་གམ། ངས་མ་ཞུས་ཚེ་དང། མེད་ཚེ། མ་བྱུང་ཚེ། མ་གྱུར་ཚེ། ཆད་ཚེ་སོགས་དབར་ལ་ཁྱད་པར་ཆེན་པོ་མངོན། མ་ཞུས་ཚེ་ཞེས་སྐབས་མི་དངོས་པོ་ཚོགས་བཅར་བྱུང་མེད་ཀྱང་ཞུ་སེམས་མེད་པ་མིན་པ་ཞུ་མི་ཐུབ་ལ་ལྷག་དོན་སྐབས་འདིར་ཁོང་ནས་ཐབས་ཤེས་ཀྱང་ཞུས་ཡོད། ཡང་སྒྲིག་གཞི་ནང་ཚོགས་བཅར་མ་བྱུང་ཚེའམ།་མེད་ཚེ། མ་གྱུར་ཚེ།་ཆད་ཚེ་ལྟ་བུ་གསལ་ན་ད་ལྟའི་གནང་ལམ་འདིས་འཐུས་པ་མཐོང། དེ་ན་གྲོས་ཚོགས་སྔ་ནུར་གྱི་བྱུང་རིམ་ལྟ་བུ་གནས་དོན་འདིར་ཡང་མང་ཚོགས་གོ་བསྡུར་མེད་པ་བློ་ཕམ།

    གནང་ལམ་གཞན་ནི་དམངས་གཙོའི་ཀ་བ་གསུམ་པ་ཁྲིམས་ལུགས་དབང་འཛིན་ནས་ཁྲིམས་ཡིག་གནད་དོན་ལ་གསལ་བཤད་དོག་བཅོས་ཞུ་རྒྱུ་དེ་མིན་ནམ་སྙམ།

    མཐར་དོན་ད་ལམ་གྱི་ལམ་འདི་ཇི་ལྟར་ཡང་བསྐྱར་ལོག་མེད་པ་མིན་སྟབས་དབང་ཆེན་ལགས་ཀྱང་སེམས་ཤུགས་འཕར་རྒྱུ་ལས་ཆཌ་རྒྱུ་ག་ནས་འོང། རང་དོན་རང་གཅེས་ལ་སོང་མུ་འཐུད་བོད་དོན་ལ་འབད་དཔུང་ཅིས་ཀྱང་གནང་ལ། འབྲེལ་ཡོད་བོད་རིགས་སྤུན་ཟླ་ཚོའང་སླར་ཁོང་ལ་སོ་སོའི་འོས་ཐོབ་འབུལ་རྒྱུར་ཁུ་བྱུག་ཆུ་འདོད་ལྟར་ངང་དགུག་གནང་རོགས།

    Reply
  2. Sonam Gyaltsen says:
    ལོ་ 6 སྔོན།

    བོད་ཀྱི་དུས་བབ་དང་། TTV, RFA ཨེ་ཤི་ཡ་རང་དབང་རླུང་འཕྲིན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཅས། ཀྲས་མཐོང་ཚང་དང་། བློ་བཟང་སེང་གེ། ཁོང་ཚོའི་གང་བྱེད་རེད་འདུག་ག ཁོང་ཚོའི་ རྒྱུག་ཁྱི་ བོད་ཀྱི་གཞོན་ནུ། གཞོན་སྐྱེད་གསར་རྙེད་གླན་ལྐུག བོད་རང་བཙན་སློབ་ཕྲུག་ཚོ། ཡང་་་ བུ་བློ་བཟང་སེང་གེའི་ ཁ་མཆུ་ཨང་ ༢༠ ལ་ མཐོང་ཆུང་བྱེད་པ་དང་། དེང་སང་འཛམ་གླིང་སྤྱི་ཡོངས་ཀྱི་ཛ་དྲག་ ནད་ཡམས་ COVID-19 དེ་གཉིས་ཡང་ལྗིད་གཅིག་སྐྱག་ན་ ! ?
    ཝཻ། ?? ཀྲས་མཐོང་ཚང་་་ སྐུ་དྲག་རྙིང་པ་རོ་ལང་མ་རྒྱག ?ཝཻ། ?? བློ་བཟང་སེང་གེ་་་ སྤང་ཀོ་སྐུ་དྲག་རོ་ལང་མ་རྒྱག?

    Reply
    • བསོད་ནམས་སྟོབས་རྒྱལ says:
      ལོ་ 6 སྔོན།

      བསོད་ནམས་རྒྱལ་མཚན་གྱི་ཆན་འདི་གོང་གི་གནས་དོན་དུ་འབྲེལ་བ་མི་མཐོང། གནས་དོན་དང་མི་ཚང་མ་འཁྲུག
      བཀྲས་མཐོང་བསྟན་རྣམ་ལགས་དང་ནིའུ་ཡོག་ལས་ཁུང་མི་འགའ་ཤས་ནི་ཁ་མཆུ་་༢༠ པའི་དོ་བདག་ལ་འཚམས་བསུ་ཞུ་མཁན་ཡིན་ཚོད་། བོད་ཀྱི་གཞོན་ནུ་དང་བོད་རང་བཙན་སློབ་ཕྲུག་ནི་བོད་མིའི་བདེ་དོན་ལ་བརྩོད་མཁན་རྒྱ་དམར་གྱི་མི་བཟོད་པའི་བོད་པའི་ཚོགས་པ་དེ་གྲས་ཡིན།

      དང་པའི་དཔེ་ལ་ཁྱི་ཁ་སྔོག་ན་སྐྱག་པའི་དྲི་མ་མཁའ་ཟེར་བ་བཞིན་ཁྱེད་བསམ་ཚུལ་དེ་ནང་བཞིན་མེད་དམ་བསམ་གྱི་འདུག

      Reply
  3. གངས་ཆབ། says:
    ལོ་ 6 སྔོན།

    ཁྲིམས་དང་སྒྲིག་གཞི་ཧ་མ་གོ་མཁན་དེ་ཚོ་ཡང་ངུ་ཡོང་གི་ཡོད་པས།

    Reply
  4. མཐུ་སྟོབས་དབང་ཕྱུག་གཡུ་ཐོག་ says:
    ལོ་ 6 སྔོན།

    བཀུར་འོས་བོད་མི་མང་ཡོ་རོབ་དང་ལྷོ་ཨ་ཕེ་རི་ཀའི་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་འཕོ་འགྱུར་བཏང་བ་དེ་ཧ་ཅང་གི་བློ་ཕམས་བྱུང་བ་མ་ཟད་བོད་མིའི་རྩ་དོན་ལས་འགུལ་ལ་ཡང་ཟློག་ཏུ་མི་རུངས་པའི་གྱོང་གུན་དང་གནོད་ཚབས་ཆེན་པོ་བཟོ་ཐུབ་པ་བྱུང་བ་རེད་། རྒྱ་ནག་གི་ཏོག་དབྱིབས་ནད་ཡམས་འདིས་འཛམ་གླིང་ཁྱོན་ཡོངས་ལ་སྒྲིག་གཞི་གཞིར་བཟུང་གཏན་ལ་ཕབས་པའི་ལས་དོན་མཐའ་དག་ཕྱིར་གཤོལ་འམ་དམིགས་གསལ་མེད་པ་བཟོས་ཡོད་པ་མིག་ངར་མཐོང་བཞིན་དུ་ང་ཚོ་བོད་མིའི་བཅའ་ཁྲིམས་ལ་འགྱུར་བ་མེད་པར་ཐུགས་འཁུར་ཆེ་བཞེས་ཀྱིས་ལག་བལྟར་གནང་ཡང་དགོས་མེད་ཧོལ་རྒྱུགས་དང་དྲང་པོའི་ཐག་གཅོད་མ་ཡིན་པ་གསལ་པོ་དང་རྭ་སྤྲོད་ཐུབ་པ་འདུག་། གང་ཡིན་ཟེར་ན་ སྔོན་རྩིས་གྲོས་ཚོགས་ཚོགས་འདུ་ཉིན་གཅིག་ནང་འཇུག་བསྡུ་དགོས་པ་བཅའ་ཁྲིམས་ནང་གསལ་མེད་ངེས་་ཡིན་མོད་ཀྱང་ཛ་དྲག་ཀྱིས་དགོས་པ་རྒྱུ་མཚན་ལ་གཟིགས་སྟེ་སྤྱི་འཐུས་རྒྱུན་ལས་ནས་མང་མོས་ཐག་གཅོད་གནང་སྟེ་སྔོན་རྩིས་ཚོགས་འདུ་ཉིན་གཅིག་ནང་འཇུག་བསྡོམས་གནང་དགོས་བྱུང་བ་ཡིན་ངེས་རེད་ དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་བཞུགས་མཁན་སྤྱི་འཐུས་རྣམས་ཀྱང་རྒྱུ་མཚན་གཅིག་མཚུངས་ཀྱིས་ཚོགས་བཅར་མ་ཐུབ་པ་གནད་དོན་གཅིག་པ་ཡིན་ཡང་ཐག་གཅོད་མི་འདྲ་བ་ཞིག་གནང་བ་དེ་དྲང་པོ་རྩ་བ་ནས་མ་་རེད་ཞུ་ཡ་ཡིན་། ཚོགས་གཙོ་མཆོག་ནས་སྒྲིག་གཞི་དམ་དྲགས་ནས་བྱ་ཐབས་མ་བྱུང་བའི་བཀའ་གནང་འདུག་སྟེ་ཐུགས་ལ་མོས་ན་འགྱུར་བ་གཏོང་རྒྱུ་ཡོད་འདུག་བ་།
    བཀུར་འོས་སྤྱི་འཐུས་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ནི་རྒྱལ་གཅེས་ལྷག་བསམ་གྱི་ཕྱུག་ཞིང་གཟེངས་སུ་ཐོན་པ་དང་འབུར་དུ་ཐོན་པའི་རང་རེ་བོད་མིའི་རྩ་དོན་འཐབ་བརྩོད་ཆེད་ཕྱག་ལས་ཧ་ཅང་རྒྱ་ཆེ་གནང་མཁན་གི་སྤྱི་འཐུས་ཞིག་ལ་ཐེ་ཚོམས་མེད་པའི་ངོས་འཛིན་ཞུ་གི་ཡོད་། ཁོང་དང་འདྲ་མཚུངས་སྤྱི་འཐུས་མང་ཙམ་ཡོད་རོགས་བྱེད་ན་ཨང་བསམ་གི་ཡོད་། དགོས་མེད་གྱི་གཏམ་འཆལ་དང་གཞི་མེད་ཀྱི་རྐྱོན་བརྗོད་ ལྷག་པར་དུ་ཆོལ་ཁ་དང་ཆོས་ལུགས་ལུང་ཚན་སོགས་ཀྱི་དབྱེ་བ་དང་འཐེན་འཁྱེར་མེད་མཁན་གཟི་བརྗིད་ལྡན་པའི་སྤྱི་འཐུས་ཞིག་ཡིན་། སྒེར་གྱི་ཞལ་མཇལ་ཙམ་ཡང་ཐོབ་མ་མྱོང་། འོན་ཀྱང་བོད་པ་གཅིག་ཡིན་པའི་ཆ་ནས་བཀུར་འོས་བོད་མི་མང་སྤྱི་འཐུས་རྣམ་པ་སུ་དང་སུས་ཕྱག་ལས་གང་འདྲ་གནང་གི་ཡོད་མེད་དང་ཆ་ཤས་ལེན་སྟངས་སོགས་གང་ས་ནས་དོ་སྣང་གང་ཐུབ་ཞུས་དང་ཞུ་བཞིན་ཡོད་།།།

    Reply
  5. chogyur says:
    ལོ་ 6 སྔོན།

    ༄། །ད ཡིན ན་བློ་ཕམ་ཡོད་། ཚོགས གཙོའི་བྱེད་ལས་ལ།་ དཔེ་་ལྟར་ཕྱག་འཚལ་ཕན་ཡོན་མེད་པར། ཐལ་ལ་འཕྱུར་བའི་མཉེས་་པ་བསགས། ཞེས་པ་བཞིན་ བཙན་དབང་གུང་ཁྲན་གིས་ བོད་པ་ང་ཚོ་མི་ཡུལ་ལུང་པ་འཕུས་པ་རེད། སྤྱི་མཐུན་྄ཐུབ་བསྟན་དབང་ཆེན་ཀྱིས་བོད ་རྒྱ་འབྲེལ་ཐུད་སེམས་ཤུགས་ལས་འགུལ་དེ་ཁོང་རང་མི་གཅིག་ཙམ་པ་སྟེ་ བོད་མི་རྒྱ་་ཆེན་མང་འཚོ་སེམས་ལ་འཚལ། དེ་ལྟར་བུ་་མི་གཅིག་པུ་ཞིག་བོད་རྒྱ་ཞི་སྒྲིགས་ལས་འགུལ་དེ་འདྲ་ཚོགས་གཙོ་་ཁྱེད་རང་དང་སྤྱི་མཐུན་སུ་་གིས་སྤེལ་བ་ངེས་མཐོང་། སེམས་ཤུགས་ཅན་གང་ཟག་དེ་ ད་ཆ་ཛ་དྲག་ནད་དུག་ལ་ཁ་ཡར་ནས་ལས་སྣེ་ནས་ཕྱིར་་འཕུས་། དྲང་བདེན་མ་རེད་ཞུ་གི་ཡོད་དོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese