མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱེས་ཀྱི་བཀྲ་ཤིས་ལྷུན་པོ་དགོན་གྱིས་ཉམ་ཐག་ལ་སྦྱིན་པ་གནང་།

བོད་ཀྱི་དུས་བབ།
༢༠༢༠/༠༤/༠༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༥ ཉིན་རྒྱ་གར་ལྷོ་ཕྱོགས་ས་ཡོད་པའི་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་གྱིས་སྲིད་བློན་མུ་དྷི་མཆོག་དང་མངའ་སྡེའི་ངལ་སེལ་དགེ་རྩ་ཚོགས་པར་དངུལ་གྱིས་ཞལ་འདེབས་ཕུལ་བ་དང་དཀའ་ངལ་ཅན་གྱི་ཁྱིམ་ཚང་ ༣༠༠ ཙམ་ལ་སྐམ་ཟས་སོགས་སྦྱིན་གཏོང་གནང་།བཀྲ་ཤིས་ལྷུན་པོ་དགོན་གྱི་དེ་འབྲེལ་གསལ་བསྒྲགས་ནང་དུ། དེང་འཛམ་གླིང་ས་ཕྱོགས་གང་སར་ཏོག་དབྱིབས་ནད་ཡམས་ཁྱབ་བརྡལ་ཤུགས་ཆེ་ འགྲོ་བཞིན་པའི་གནས་སྟངས་འོག་རྒྱ་གར་དབུས་དང་མངའ་སྡེ་གཞུང་། རང་གཞུང་དབུས་བོད་མིའི་ སྒྲིག་འཛུགས་བཅས་ནས་ནད་ཡམས་ཁྱབ་བརྡལ་མི་འགྲོ་བའི་སླད་ལམ་སྟོན་བཀའ་རྒྱ་རིམ་པར་ ཕེབས་པ་བཞིན། འདི་ག་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་བླ་འདུས་མང་ཡོངས་ནས་ གཞུང་འབྲེལ་ལམ་སྟོན་ཁག་ལ་བརྩི་སྲུང་ཞུ་མུས་ཡིན། གཙོ་ཆེ་༸གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེས་འོག་ལྷག་པར་ཛ་དྲག་གི་ གནས་སྟངས་འདིའི་ཆེད་གདན་ས་བཀྲ་ཤིས་ལྷུན་པོ་ནས་རྒྱལ་ཁབ་ཀྱི་སྲིད་བློན་མུ་དྷི་མཆོག་གི་ནད་ཡམས་དགེ་རྩར་ཞལ་འདེབས་ཧིན་སྒོར་ ༡༥༠༠༠༠།༠༠ ཆིག་འབུམ་ལྔ་ཁྲི་དང་མངའ་སྡེའི་བློན་ཆེན་གྱི་ནད་ཡམས་ཐེབས་རྩར་ཧིན་སྒོར་འབུམ་གཅིག་བཅས་ཞལ་འདེབས་སུ་འབུལ་ལམ་ཞུ་རྒྱུ་དང༌། དེ་བཞིན་ས་གནས་ཡུལ་མི་ཉམ་ཐག་ཁྱིམ་ཚང་ ༡ར ༢ དང༌། སྦེལ་ཀོབ་ ལུགས་བདེ་གཞིས་ཆགས་གཉིས་ཀྱི་ཉམ་ཐག་ཁྱིམ་ཚང ༤༢ སོགས་ཉམ་ཐག་ཕོན་ཆེ་ལ། དུས་ཡུན་ཟླ་གྲངས་གཅིག་རིང་ཞལ་ལག་གི་ཆེད་སྐམ་ཟས་གྲོ་ཞིབ། འབྲས། སྣུམ། ཚྭ། བྱེ་མ་ཀ་ར། སྨན་སྣ། ཁ་རས་ལ་སོགས་རིན་མེད་འབུལ་ལམ་ཞུ་ཡི་ཡོད། དེ་བཞིན་དངོས་སུ་མང་ཚོགས་ཀྱི་བདེ་རྩའི་ཆེད་ཕྱག་ལས་གནང་མཁན་ས་གནས་སྐོར་སྲུང་བ་ སོགས་མི་གྲངས་ ༤༠ ཙམ་ལ་ཁ་རས་སྤུས་ལེགས། ལག་འཁྲུས་སྨན་ཆུ། ཟླ་གྲངས་གཅིག་གི་ སྐམ་ཟས་བཅས་འབུལ་ལམ་ཞུ་བཞིན་ཡོད། ཅེས་གསུངས་འདུག

འདི་གའི་གསར་འགོད་པས་ས་གནས་ཉེན་རྟོག་མགོ་དཔོན་སཱ་ཝེ་ལགས་སུ་ས་གནས་གཞུང་ནས་ཉམ་ཐག་དེ་ཚོར་རོགས་རམ་ག་རེ་གནང་གི་ཡོད་མེད་དྲིས་པར། དབུས་གཞུང་གིས་ཉམ་ཐག་དེ་དག་ལ་རོགས་སྐྱོར་གནང་གི་ཡོད་རེད་ལ། ད་ཐེངས་བཀྲ་ཤིས་ལྷུན་པོ་དགོན་པས་རོགས་སྐྱོར་གནང་བ་དེ་ལ་གཞུང་དང་མི་མང་གིས་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུ་ཡི་ཡོད་ཅེས་གསུངས་བྱུང་།

སྲིད་བློན་མུ་དྷི་མཆོག་ནས་ཏོག་དབྱིབས་ནད་ཡམས་ཀྱི་གནོད་འཚེ་འགོག་རྒོལ་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད། དེ་རིང་དགོང་མོའི་ཆུ་ཚོད་ ༩ ཡི་ཐོག རྒྱ་གར་རྒྱལ་ཡོངས་ནང་དུས་གཅིག་ཏུ་སྐར་མ་ ༩ ཡི་རིང་གློག་ཚང་མ་གཟིམ་ཏེ། སོ་སོའི་འཁྱམ་ར་དང་སྒོ་འགྲམ་དུ་ཡང་ལཱ་དང་གློག་གཞུ་སོགས་སྤར་ནས་སྡོད་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་། གློག་གཟིམ་པའི་ལས་འགུལ་འདིས་དུས་གཅིག་ལ་གློག་ནུས་ཤུགས་ཆེན་ཐོན་ཏེ་རྒྱལ་ཡོངས་ནང་དཀའ་ངལ་དང་ཉེན་ཁ་བཟོ་སྲིད་པའི་བསམ་ཚུལ་འདོན་མཁན་མང་པོ་ཡོང་གི་ཡོད་ཀྱང་། ཁ་སང་རྒྱལ་ཡོངས་གློག་ནུས་ཐོན་ཁུངས་ཀྱི་བློན་ཆེན་(R K Singh)ལགས་ནས་ཁྱིམ་ཚང་གི་གློག་གསོད་དགོས་པ་ལས་ཁྲོམ་གཞུང་གི་གློག་སོགས་གསོད་དགོས་ཀྱི་མེད་པས་ཉེན་ཁ་འབྱུང་མི་སྲིད་སྐོར་གསུངས་འདུག

རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡
ཆོས་རིག་བཀའ་བློན་མཆོག་གིས་འཚམས་གཟིགས་གནང་བཞིན་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཆོས་རིག་བཀའ་བློན་གྱི་རྒྱ་གར་བྱང་ཤར་ཁུལ་གྱི་འཚམས་གཟིགས་ཐེངས་དང་པོ་ལེགས་པར་གྲུབ།

༢༠༢༦/༠༩/༠༡
Russian President Vladimir Putin and Chinese President Xi Jinping  in Bishkek, Kyrgyzstan, on Monday. | SPUTNIK / VIA REUTERS
གསར་འགྱུར།

ཧྲང་ཧེ་མཉམ་འབྲེལ་ལྷན་ཚོགས་ཐོག་ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཐུག

༢༠༢༦/༠༩/༠༡
མ་རྩོམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་སླར་ཡང་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་གནོན་ཤུགས་སྤྲད་པ།

༢༠༢༦/༠༨/༣༡

མཆན། 1

  1. བསོད་ནམས་རྒྱལ་མཚལ། says:
    ལོ་ 6 སྔོན།

    ? ཡག་པོ་ཞེས་དྲག་རེད། ཐོ་ཆེ་གནང་། ? གཏམ་ཆེད་ཡིན་ན་ནི་་་ སྟོང་པའོ། རྒྱལ་ནང་གི་གནས་ཚུལ་ལ་མཐོང་རྒྱུ་ནི་མིན་འདུག ༄། །ཁྲེལ་མེད་རྣམས་ལ་ཕན་བཏགས་ཀྱང་། བྱ་བ་ཟིན་ན་བརྗེད་པར་འགྱུར། ཆུ་བོ་ཕ་རོལ་བརྒལ་བ་ན། གྲུ་གཟིངས་ལྟོད་པ་མེད་པར་འདོར།། ཨའུ་ཙི་རེད།། བོད་མི་ནང་འཁུལ་རྒྱུ་ངོམ་འདྲ་པོ་ཆགས་སྲིད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese