མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུགས་ཀྱིས་ཀང་ར་རྫོང་གི་ངལ་སེལ་ཐེབས་རྩར་ཞལ་འདེབས་གནང་།

བོད་ཀྱི་དུས་བབ།
༢༠༢༠/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ནས་ཀང་ར་རྫོང་ཏོག་དབྱིབས་ནད་ཡམས་ཀྱི་ངལ་སེལ་ཐེབས་རྩ་ལ་ཧིན་སྒོར་འབུམ་ ༣ ཞལ་འདེབས་སུ་གནང་འདུགདེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། བོད་མིའི་སྒྲིག་འཛུགས་ནས་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མཚོན་བྱེད་དུ། བཞུགས་སྒར་དྷ་རམ་ས་ལའི་ཀང་ར་རྫོང་གི་ཏོག་དབྱིབས་ནད་ཡམས་ཀྱི་ངལ་སེལ་ཐེབས་རྩ་ལ་ཧིན་སྒོར་འབུམ་ ༣ གྱི་ཞལ་འདེབས་གནང་ཡོད་པ་མ་ཟད། ས་གནས་སུ་གནས་སྡོད་བོད་མི་ཚོས་རྫོང་དཔོན་ལས་ཁུངས་ཀྱི་ཏོག་དབྱིབས་རིམས་འགོག་ལས་འགུལ་ལ་རྒྱབ་སྐྱོར་ཞུ་དགོས་པའི་འབོད་སྐུལ་ཞུས་འདུག

སྲིད་སྐྱོང་མཆོག་གིས་ཀང་ར་རྫོང་དཔོན་སྐུ་ཞབས་རཱ་ཀེ་ཤི་ཀུ་མར་པ་རཱ་ཇ་པ་ཏི་ལ་ཕུལ་བའི་གསུང་འཕྲིན་ནང། ཁྱེད་ཀྱིས་རང་རྫོང་དུ་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་འགྲོ་རྒྱུར་བཀག་འགོག་གནང་བ་ཙམ་དུ་མ་ཟད། ཕྱིར་བསྐྱོད་བཀག་སྡོམ་བཀའ་རྒྱ་ནན་པོའི་འོག་སྤྱི་དམངས་རྣམས་ལ་དགོས་ངེས་ཀྱི་ཁྱིམ་ཆས་དང་སྨན་ཆས་རིགས་མུ་མཐུད་ཐོབ་ཐབས་གནང་ཡོད། ཅེས་དང་། ང་ཚོའི་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མཚོད་བྱེད་དུ། བོད་མིའི་སྒྲིག་འཛུགས་ངོས་ནས་རྫོང་གི་ཏོག་དབྱིབས་ནད་ཡམས་ཀྱི་ངལ་སེལ་ཐེབས་རྩར་ཧིན་སྒོར་འབུམ་ ༣ འབུལ་འདོད་ཡོད་པ་དང་། ཁྱེད་ཀྱི་ད་ལྟ་སྤེལ་བཞིན་པའི་རིམས་འགོག་ཐབས་བྱུས་ལ་ང་ཚོས་མུ་མཐུད་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཞེས་བཀོད་འདུག

གསུང་འཕྲིན་དེའི་ནང་། དཀའ་རྙོག་ཅན་གྱི་དུས་སྐབས་འདིར་ཀང་ར་རྫོང་དཔོན་གྱིས་བོད་མིའི་སྤྱི་ཚོགས་ལ་དུས་དང་དུས་སུ་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་ལམ་སྟོན་དང་རྒྱབ་སྐྱོར་གནང་བ་དེར། བཞུགས་སྒར་དྷ་སའི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་འདུག་ལ། རྫོང་དཔོན་མཆོག་ནས་ས་གནས་སུ་གནས་སྡོད་བོད་མི་ཚོས་ད་བར་རྫོང་གི་ཏོག་དབྱིབས་རིམས་འགོག་ལས་འགུལ་ལ་རྒྱབ་སྐྱོར་ཤུགས་ཆེར་བྱས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ནས་ཞལ་འདེབས་ཕུལ་བ་དེར་ཡི་རངས་གནང་ཡོད་འདུག

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༤ ཉིན་ཁམས་སྤྲུལ་བཤད་སྒྲུབ་ཉི་མ་རིན་པོ་ཆེ་མཆོག་གི་བླ་བྲང་དང་། ཁམས་སྒར་གྲྭ་ཚང་། བཤད་གྲྭ། བྱང་ཆུབ་ལྗོངས་རྡོ་རྫོང་དགོན། བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་། བཀྲ་ཤིས་ལྗོངས་གཞིས་ལས་ཁང་བཅས་ནས་ཧི་མ་ཅལ་མངའ་སྡེའི་ཉམ་ཐག་ཚོར་ཉིན་རེའི་དགོས་ངེས་བཟའ་བཅའ་དང་སྨན་རིགས་ཆེད་དུ། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་ངལ་སེལ་ཐེབས་རྩེར་ཧིན་སྒོར་འབུམ་ ༦ གི་ཞལ་འདེབས་གནང་འདུག་པ་མ་ཟད། ས་གནས་ལས་ཁུངས་བརྒྱུད་ཟ་འབྲུ་རིགས་གནང་ཡོད་འདུག

པ་སངས་ཚེ་རིང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་སོགས་ནས་བཏུས།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

ཆུ་ཚོད་ ༢༢ སྔོན་ལ།
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

༢༠༢༦/༠༩/༢༣
མཉམ་འབྲེལ་རྒྱལ་ཚོགས་ཀྱི་པར།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་བྱས།  

༢༠༢༦/༠༩/༢༢
 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

༢༠༢༦/༠༩/༢༢
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

༢༠༢༦/༠༩/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese