མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་རྩོད་པ་བཙོན་གྲོལ་ཐོབ་ཡང་རང་ཁྱིམ་དུ་མ་བཏང་།

བོད་ཀྱི་དུས་བབ།
༢༠༢༠/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ནང་ལོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་ཁྲིམས་རྩོད་པ་ཝང་ཆན་ཀྲང་གི་བཙོན་འཇུག་དུས་ཡུན་རྫོགས་ཡོད་ཀྱང་རང་ཁྱིམ་དུ་མ་བཏང་བར་ཧྲན་ཏུང་ཞིང་ཆེན་དུ་འཁྲིད་ཡོད་འདུག ཁ་སང་ཕྱི་ཚེས་ ༥ ཉིན། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་རྩིས་ཀྱི་ཇུས་ངན་འཐེན་པའི་ནག་ཉེས་གཡོགས་ཏེ། མི་ལོ་ལྔ་མ་ཟིན་ཙམ་རིང་བཙོན་འཇུག་ཁྲིམས་ཐག་བཅད་པའི་རྒྱ་ནག་གི་ཁྲིམས་རྩོད་པ་དང་སྤྱི་དམངས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སྐུ་ཞབས་ཝང་ཆན་ཀྲང་(Wang Quanzhang)ཀློད་གྲོལ་བཏང་ཡོད་ན་ཡང་། ཏོག་དབྱིབས་ནད་དུག་ལ་ཁ་གཡར་ནས་པེ་ཅིན་གྱི་རང་ཁྱིམ་ལ་མ་བཏང་བར་ཧྲན་ཏུང་ཞིང་ཆེན་ལ་འཁྲིད་ཡོད་འདུག

གནས་ཚུལ་དེའི་སྐོར་ལ་ཝང་གི་བཟའ་ཟླ་ལའེ་(Li Wenzu)ཡིས། ཝང་ཆན་ཀྲང་བཙོན་ཁང་ནས་ཀློད་གྲོལ་བཏང་ཡོད་ན་ཡང་། ཏོག་དབྱིབས་ནད་དུག་ལ་ཁ་གཡར་ནས་པེ་ཅིན་གྲོང་ཁྱེར་གྱི་ནང་ལ་མ་བཏང་བར། རྒྱ་ནག་ཧྲན་ཏུང་ཞིང་ཆེན་དུ་ཉིན་གྲངས་ ༡༤ རིང་ཟུར་བཀག་བྱེད་དགོས་སྐོར་བརྗོད་དེ་འཁྲིད་ཡོད་པ་དང་། ཁ་སང་ཁོང་གིས་ཁ་པར་བརྒྱུད་འབྲེལ་བ་བྱས་ཏེ་ཧྲན་ཏུང་ཅི་ནན( Jinan)དུ་འགྲོ་དགོས་སྐོར་བརྗོད་མོད། ད་ལྟའི་ཆར་ཁོང་གི་འགྲོ་འདུག་དང་སྐད་ཆ་བཤད་པ་སོགས་ལ་དམ་དྲགས་དང་ཚོད་འཛིན་བྱེད་བཞིན་ཡོད་པས། ཀློད་གྲོལ་གྱི་རྣམ་པ་ཙམ་ལས་རང་དབང་གང་ཡང་མེད་སྐོར་བརྗོད་འདུག

ཡང་ཁོང་མོས་མུ་མཐུད་ཁོང་ད་ཐེངས་ཧྲན་ཏུང་ལ་འཁྲིད་པ་དེ་ཏོག་དབྱིབས་འགོས་ནད་ལ་ཁ་གཡར་ནས་འཁྲིད་པ་ལས་ཁོ་རང་གི་དྭང་དུ་བླངས་ནས་སོང་བ་མིན་པ་དང་། ཁོང་པེ་ཅིན་གྲོང་ཁྱེར་གྱི་ནང་ལ་ལོག་ཐུབ་མིན་ཐད་དོགས་གཞི་དང་སེམས་འཚབ་ཡོང་གི་ཡོད་པ་དང་། ཝང་ལགས་ཡུན་རིང་བཙོན་འཇུག་མནར་གཅོད་བྱས་རྐྱེན་ཁོང་གི་འཕྲོད་བསྟེན་སྐྱོ་རུ་སོང་ཡོད་པ་མ་ཟད། གཟུགས་པོའི་ལྗིད་ཚད་ཤུགས་ཆེན་པོ་ཆག་ཡོད་སྐོར་བརྗོད་ཡོད་པ་དང་། ཧོང་ཀོང་རང་དབང་ཚགས་པར་གྱིས་རྒྱ་ནག་གཞུང་གི་ཁྲིམས་ཁང་ལ་འབྲེལ་བ་བྱས་ཏེ་ཝང་གི་ཀློད་གྲོལ་སྐོར་དྲིས་པར་ལན་སྤྲད་མ་སོང་ཞེས་བཀོད་འདུག

ཝང་ཆན་ཀྲང་ནི་ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་གྱིས་ ༧༠༩ ཞེས་པའི་ཁྲིམས་རྩོད་པ་ཚོར་རྡུང་རྡེག་སྐབས་འཛིན་བཟུང་བྱས་པའི་ཁྲིམས་རྩོད་པ་ཐོག་མའི་གྲས་ཡིན་པ་དང་། ཁོ་དང་མཉམ་དུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ལེ་ཧི་ཕིན་(Li Heping) དང་འགྲོ་བ་མིའི་ཐོང་ཐང་དོན་གཉེར་བ་ཀོ་ཧོང་ཀོ་(Gou Hongguo)། ཀྲེ་ཡན་མིན་(Zhai Yanmin)བཅས་ཡོད་པ་དང་། རྗེས་སུ་ཁྲིམས་རྩོད་པ་ཚོའི་བཟའ་ཟླ་ཚོ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་མང་པོས་ཁོ་ཚོར་ཉེས་མེད་ཉེས་འགེལ་ཡིན་པས་ཀློད་གྲོལ་དགོས་པའི་ཞུ་གཏུག་དང་རེ་ཞུ་ཐེངས་མང་ལ་ཞུས་ཀྱང་རྒྱ་ནག་གཞུང་གིས་ངོས་ལེན་བྱས་མེད་པ་རེད།

རྒྱ་ནག་གཞུང་གིས་ཁྲིམས་རྩོད་པ་ཁོང་ཚོར་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་རྩིས་ཀྱི་ཇུས་ངན་འཐེན་པའི་ནག་ཉེས་གཡོགས་ཏེ་བཙོན་འཇུག་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༨ ལོར་ཁྲིམས་རྩོད་པ་བཞིའི་བཟའ་ཟླ་ཚོས་སོ་སོའི་སྐྲ་བཞར་ཏེ་རྒྱ་གཞུང་ལ་ཁྲིམས་རྩོད་པ་ཚོ་ཀློད་གྲོལ་དགོས་པའི་ངོ་རྒོལ་བྱས་ཡོད་པ་མ་ཟད། སྐབས་དེར་ཝང་གི་བཟའ་ཟླ་ལའེ་ཡིས་ཁོང་མོས་ཁྱོ་གའི་ཆེད་དུ་རྒྱ་ནག་གཞུང་གི་ཆེས་མཐོའི་ཁྲིམས་ཁང་དུ་ཐེངས་ ༣༡ ཕྱིན་ནས་ཞུ་གཏུག་བྱས་ཀྱང་། གཞུང་གི་གནོན་ཤུགས་འོག་ཞུ་གཏུག་ཚང་མ་ཕྱིར་སློག་བཏང་བ་མ་ཟད། ཁྲིམས་རྩོད་པ་འཚོལ་བར་བཀག་འགོག་ཤུགས་ཆེན་ཡོད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གསར་འགྱུར།

Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

ཆུ་ཚོད་ ༩ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥
ཧྭང་ཆི་ཧྥན།(གཡོན།) ལི་ཀྲན་ཧྲའོ།(དཀྱིལ།) ལི་ཀྲན་ཧྲའོ་ཡི་བུ་མོ་ལི་ཆིན་ཤེན།(གཡས།)
Mobile App

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

༢༠༢༦/༡༠/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese